2014ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་ཚོང་གི་གྲ་སྒྲིག་ལས་དོན་ཁག་སྤྱིར་ན་ལེགས་གྲུབ་ཟིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-30


       མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཟླ་7ཚེས་21ཉིན་གསར་འགོད་པས་2014ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམ་ཚོང་སྒྲིག་འཛུགས་ཨུ་ལྷན་གྱི་གྲ་སྒྲིག་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།འགྲེམས་ཚོང་འདུ་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་འགྲེམས་ཚོང་ཐོག་ཁྱད་ཆོས་འགའ་ཞིག་ཡོད་པ་སྟེ།གཅིག་ནི་ཁྱོན་ཡོངས་ནས་ཡུལ་ཤུལ་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུ་དང་།གཉིས་ནི་འགྲེམས་ཚོང་བརྒྱུད་རིམ་ནང་ཁོར་ཡུག་སྲུང་སྐྱོང་དང་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་ཁྱབ་པ་བྱ་རྒྱུ།གསུམ་ནི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་འགྲེམས་ཚོང་བྱ་རྒྱུ་དང་མཚོ་སྔོན་གྱི་གྲགས་ཅན་སྤུས་ལེགས་ཚོང་ཟོག་འགྲེམས་ཚོང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ།བཞི་ནི་གློག་རྡུལ་ཚོང་དོན་སོགས་གསར་དར་ཐོན་རྫས་འགྲེམས་ཚོང་བྱ་རྒྱུ།ལྔ་ནི་བལ་ཡུལ་གྱི་ཐོན་རྫས་སྐོར་སྐྱོད་འགྲེམས་ཚོང་བྱ་རྒྱུ།དྲུག་ནི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་གོང་འཕེལ་གྱི་མཐོ་རིམ་གླེང་སྟེགས་གཏོད་རྒྱུ་བཅས་ཡིན་པ་རེད།
        ཞིང་ཆེན་ཚོང་དོན་ཐིང་གི་གཅིག་གྱུར་མཐུན་སྦྱོར་འོགད་ཐེངས་ཀྱི་འགྲེམས་ཚོང་བྱེད་སྒོའི་བདེ་འཇགས་སྲུང་སྐྱོབ་དང་།ཚོང་འགུགས་མ་འདྲེན།སྣེ་ལེན་ཞབས་ཞུ།དྲིལ་བསྒྲགས་འཕྲིན་སྤེལ་སོགས་ཀྱི་ལས་དོན་ཁག་སྤྱིའི་ཇུས་གཞི་བཞིན་ནན་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་།འགྲེམས་ཚོང་བྱ་ཡུལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གནས་ཚུལ་དངོས་ལ་གཞིགས་ནས་བདེ་འཇགས་སྲུང་སྐྱོབ་དང་།བཟའ་བཅའི་བདེ་འཇགས།སྨན་བཅོས་འགན་ལེན།སྣེ་ལེན་ཞབས་ཞུ།འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ལས་ཀའི་ཇུས་གཞི་བཟོས་ནས་ནུས་ཤུགས་ཡོད་རྒུས་འགན་ལེན་ལས་དོན་བསྒྲུབས་པ་མ་ཟད།འབྲེལ་ཡོད་མི་སྣ་དང་སྒྲིག་བཀོད་ཀྱང་དོན་འཁྱོལ་ཐུབ་ཡོད་པ་དང་།གྲོང་ཁྱེར་དང་ཀྲོའུ་ཁག་གི་འགྲེམས་ཁང་ཇུས་འགོད་བཟོ་སྐྲུན་དང་།ཚོང་འགུགས་མ་འདྲེན།ཚོང་པ་གདན་ཞུ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།དྲིལ་བསྒྲགས་དང་།ནོར་སྲིད།སྤྱི་བདེ།བདེ་འཇགས།འགྲིམ་འགྲུལ།དཔལ་འབྱོར།ཞིང་འབྲོགབཟོ་ཚོང་།ཕྱི་དོན།སྤུས་ཚད་ལྟ་སྐུལ།འཕྲོད་བསྟེན་བུ་བཙའ།ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་སོགས་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་མི་སྣ་དང་།མ་དངུལ།སྒྲིག་བཀོད་བཅས་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1