༄༅།།བོད་ལུགས་གསོ་རིག་ལྟར་ཆུ་བསིལ་དང་ཆུ་སྐོལ་གྱི་ཕན་ནུས་བཤད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-22


(1)ཆུ་བསིལ་གྱིས་སྐོམ་དད་དང་ངལ་བ་སེལ་ཞིང་།
        ལུས་ལ་ཚ་ལངས་པ་རྣམས་འཇོམས་པར་བྱེད་ཐུབ་ལ། ཆང་གིས་གནོད་དེ་མགོ་ཡུ་འཁོར་བ་དང་ཡང་ན་སྐྱུག་པ་འབྱུང་བ་སོགས་ལའང་ཕན་ཐོགས་ཡོད། དེ་མིན་ནད་དང་གནོད་སྐྱོན་གང་རུང་གིས་བསྐྱེད་པའི་བརྒྱལ་འབོག་སྟེ་དྲན་མེད་དུ་སོང་བ་སོགས་ལ་ཆུ་ལྕག་བརྒྱབ་ན་ཕན་པ་དང་། ཁྲག་མཁྲིས་ཚ་བའི་ནད་རྣམས་སེལ་ནུས་པའི་ཕན་ཡོན་ལྡན་ནོ། །
(2)ཆུ་སྐོལ་གྱིས་ལུས་ཀྱི་མེ་དྲོད་སྐྱེད་ནུས་ཤིང་།
        ཟས་འཇུ་བའི་བསྡོངས་ཟླ་རུ་འགྱུར་ལ། སྐྱིགས་བུ་དང་བད་ཀན་བེ་སྣབས་འཕེལ་བའི་ནད། ལྟོ་བ་སྦོས་ཤིང་འུར་འཁྲོག་རྒྱག་པ། དབུགས་མི་བདེ་བ། རིམས་ནད་གསར་པ་དང་ཆམ་པ་སོགས་ཀྱི་ནད་རྣམས་འཕྲལ་དུ་བཟློག་པར་བྱེད་པ་ཡིན། དེ་མིན་ཆུ་བསྐོལ་ནས་གྲང་བར་བཅུག་སྟེ་བསྟེན་ན་བད་རླུང་གི་ནད་རྣམས་མི་སྐྱེད་ཅིང་། ཁྲག་མཁྲིས་ཚ་བའི་ནད་རིགས་ཚང་མ་སེལ་ཐུབ་པའི་ནུས་པ་ཡོད། དེ་ལྟར་ན་ཆུ་སྐོལ་གྱི་སྐོལ་གྲངས་དེ་ཞག་གཅིག་ཙམ་འགོར་ཚེ་དུག་དང་འདྲ་སྟེ་ཉེས་པ་ཀུན་སྐྱེད་པར་འགྱུར་བས་སྤང་བར་བྱ་བ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1