ཡུན་ནན་ལུའུ་ཏན་གྱི་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་མཛད་སྒོ་ཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-11


      སྤྱི་ཚེས་བཅུ་ཉིན་གྱི་ཆུ་ཚོད་བཅུ་པ་དང་སྐར་མ་བཅུའི་ཐོགཡུན་ནན་ཞིང་ཆེན་གྱི་བརྒྱད་པའི་ཚེས་གསུམ་ཉིན་གྱི་ས་ཡོམ་རིམ་པ་དྲུག་དང་གྲངས་ཆུང་ལྔ་དེའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་མཛད་སྒོ་ལུའུ་ཏན་རྫོང་གྲོང་དུ་གཉེར་བ་རེད།དེ་དང་ཆབས་ཅིགལུའུ་ཏན་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁུན་མིན་བར་དང་།གནས་ཆེན་ཁ་བ་དཀར་པོ་ནས་ཀྲུའུ་ཅང་གཙང་པོའི་ཆུ་མགོའི་བར།ཨུ་མོང་རི་ཁུལ་ནས་རྨ་བྱའི་ཞིང་ཁམས་བར།ཡུན་ནན་ས་གནས་ཁག་དང་ལས་རིགས་ཁག་གི་མི་དམངས་མང་ཚོགས་ནས་བརྒྱད་པའི་ཚེས་གསུམ་གྱི་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས་པ་དང་།མི་རྣམས་ནས་རང་སར་ལངས་ནས་སྐར་མ་གསུམ་ངག་བསྡམས་ནས་མྱ་ངན་ཞུས་ཡོད་པ་རེད།

       ཚོགས་ར་དངོས་གྱི་དབུས་སུ་ཡུན་ནན་ལུའུ་ཏན་གྱི་བརྒྱད་པའི་ཚེས་གསུམ་ཉིན་གྱི་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་གདུང་ཤུགས་དྲག་པོས་མྱ་ངན་ཞུ་ཞེས་འཁོད་པའི་མྱ་ངན་འཕྲེད་དར་ཞིག་བཀལ་ཡོད་པ་དང་།ད་དུང་འདས་པོ་ཞི་བར་གཤེགས།གསོན་པོ་བློ་སྟོབས་བསྐྱེད་ཅེས་འཁོད་པའི་གཞུང་དར་གཉིས་བཀལ་ཡོད་པ་དང་།ཚོས་གཞི་དཀར་ནག་གཉིས་ལས་གྲུབ་པའི་མེ་ཏོག་སྟེགས་བུ་བསྒྲིགས་ཡོད་པ་རེད།ལུའུ་ཏན་རྫོང་གྲོང་གི་མྱ་ངན་ཞུ་སར་སྒྲིག་བཤོམས་བབ་ཆགས་ལ།ཉམས་སྣང་སྒམ་བརླིང་དང་ལྡན་པ་ཞིག་ཡོད་པ་རེད།ཆུ་ཚོད་བཅུ་པ་ཏག་ཏག་ལ་སླེབས་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཡུན་ནན་ཞིང་ཆེན་གྱི་རིམ་ཁག་སྡེ་ཚན་གྱི་ཏང་སྲིད་དམག་གི་འགོ་ཁྲིད་དང་དེ་བཞིན་ལས་རིགས་ཁག་གི་འཐུས་མི་བརྒྱ་ལྷག་ཙམ་ནས།བྲང་ངོས་སུ་ཤོག་བཟོས་མེ་ཏོག་དཀར་པོ་བཏགས་ཐོགམགོ་བོ་དུད་ནས་ངག་བསྡམས་མྱ་ངན་ཞུས་ཡོད་པ་རེད།ཚོགས་རའི་ཕྱི་རོལ་དུ་རླངས་འཁོར་གྱི་དུང་བརྡ་དང་།ཉེན་ཟོན་དུང་བརྡ་ཡི་སྒྲས་ཁེངས་ཡོད་པ་རེད།སྐར་མ་གསུམ་འདས་རྗེས་ལས་རིགས་ཁག་གི་འཐུས་མི་རྣམས་ནས་སྐྱོ་ཉམས་ཀྱིས་ཁེངས་པའི་དྲན་འཆར་རོལ་མོའི་སྒྲའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་མཚོན་བྱེད་ཀྱི་མེ་ཏོག་སེར་པོ་དང་དཀར་པོ་ཕུལ་ཡོད་པ་རེད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1