སློབ་གསོ་པུའུ་ཡིས་གཏན་འབེབ་དོན་ཚན་92བཏོན་ནས་སློབ་ཆུང་སློབ་མར་ཁྱིམ་ལས་སྦྱོང་ཚན་མང་དུ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-11


        ཉིན་ཤས་གོང་སློབ་གསོ་པུའི་དྲ་ཚིགས་ཐོག་འོས་འགན་སློབ་གསོའི་རིང་གི་སློབ་གྲྭའི་དོ་དམ་ཚད་གཞི་ཞེས་པ་སྤེལ་བ་དང་།པེ་ཅིན་གྲོང་ཁྱེར་གྱི་ཧའི་ཏན་ཁུལ་དང་ཅང་སུའུ་ཐའེ་ཀྲའུ་གྲོང་ཁྱེར་སོགས་ས་ཁུལ་དང་གྲོང་ཁྱེར་ཁུལ་བཅས་བདུན་ཚོད་ལྟ་ཁུལ་ལ་གཏན་འཁེལ་བྱས་ཡོད་པ་རེད།རྒྱལ་ཡོངས་ཀྱི་སློབ་གྲྭ་ཆིག་སྟོང་དྲུག་བརྒྱ་ཙམ་གྱིས་ཟླ་བ་འདི་ནས་བཟུང་གཏན་འབེབ་དོན་ཚན་དགུ་བཅུ་གོ་གཉིས་དེ་དག་ལག་བསྟར་ནན་པོ་བྱ་རྒྱུ་རེད།གཏན་འབེབ་ནང་།འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་སློབ་ཞུགས་དང་སློབ་འཕར་གྱི་རྒྱུགས་ཚད་གང་རུང་གཏོང་མི་རུང་བ་དང་།སློབ་གྲྭས་སློབ་མར་ཁྱིམ་ལས་སྦྱོང་ཚན་བཀོད་སྒྲིག་བྱ་དགོས་པ།སློབ་ར་སྒོ་དབྱེའི་ཉིན་མོ་གཏན་འཁེལ་བྱ་དགོས་པ།སློབ་ཆུང་སློབ་མས་ཉིན་རེར་གཉིད་ཆུ་ཚོད་བཅུ་ཉལ་རྒྱུ་དང་།དམའ་རིམ་སློབ་འབྲིང་གི་སློབ་མས་ཉིན་རེར་གཉིད་ཆུ་ཚོད་དགུ་ཉལ་རྒྱུར་འགན་ལེན་བྱ་དགོས་པ་སོགས་ཚུད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1