གཏེར་ཁ་སྔོག་འདོན་གྱིས་རྩྭ་ཐང་ལ་བཟོས་པའི་ནག་ཉེས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-11


      

      མཚོ་སྔོན་གྱི་བྱང་ཤར་ཁུལ་དུ། ཆི་ལན་གངས་ཀྱི་རི་བོ་ཀྲོང་ངེར་ལངས་ཤིང་འགྱིང་ཉམས་ཀྱིས་ཕྱུག མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མུ་རུ་གྲོང་བརྡལ་ནི་དང་བོར་རྩྭ་བཅུད་བཟང་བའི་མཐོ་སྒང་གི་རྩྭ་ར་ཞིག་ཡིན། ཡིན་ནའང་ལོ་མང་བོའི་སྟེང་ཁེབས་མེད་པའི་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱས་པས། རྩྭ་ཐང་ཆེན་པོ་འདིར་རྨ་ཁ་ཆེན་པོ་བཟོས་ཤིང་གང་སར་རྡོ་སོལ་གྱི་གཏེར་ཁུང་དང་རྡོ་ཡིས་ཁེངས། དེས་ཆུ་རྒྱུན་མང་པོའི་མགོ་ཁུངས་ལ་སྦགས་བཙོག་གི་ཉེས་པ་བསགས། ད་ལྟའི་རྩྭ་ནི་ནག་པོ་རེད། ལམ་ནི་ནག་པོ་རེད། ཟོག་ལུག་གི་ལུས་པོ་ཡང་ནག་པོ་རེད་ཅེས་ས་དེའི་འབྲོག་པ་ཚོས་བཤད།

     2014ཟླ་7པའི་ཚེས་29ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མུ་རུ་གྲོང་བརྡལ་ཏེ། རྡོ་སོལ་གྱི་གཏེར་ཁ་རྔོག་འདོན་བྱས་རྗེས་ཀྱི་ས་དོང་ཆེན་པོ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་གྱིས་མཐོ་སྒང་གི་རྩྭ་ར་ཆེན་པོ་བྱམས་ཀྱིས་བསྐྱངས་པ་དང་། ཡིན་ནའང་ཕྱི་རོལ་པས་ས་འདིར་ཆ་རྒྱུས་བྱུང་བ་ནི་རྡོ་སོལ་སྔོག་འདོན་དང་སྐྱེལ་འདྲེན་བྱེད་པ་དེའི་རྐྱེན་ནོ། ལོ་ངོ་བཅུ་ལྷག་གི་རིང་ལ། མི་གྲངས་ཁྲི་མགོར་ཉེ་བའི་ལས་ཀ་བ་དང་ཕྱིའི་ཚོང་འབྲེལ་བས་མཐོ་སྒང་གི་ཞིང་ཁམས་འདིར་ཁུ་སིམ་མར་གནས་བའི་གྲོང་བརྡལ་འདི་ཉིད་མཚོ་སྔོན་ཞིང་ཆེན་གྱི་རྡོ་སོལ་གྱི་རྟེན་གཞི་གཙོ་བོར་གྱུར་དུ་བཅུག


      མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། མཐིང་མདོག་གི་གནམ་མཁའི་འོག་གི་མཐོ་སྒང་གི་རྩྭ་ར་ཕྱུག་མོ། རྒྱང་རིང་དེ་ནི་བརྐོ་བཞིན་པའི་རྡོ་སོལ་གྱི་གཏེར་ཁ་རེད། 2014ལོའི་ཟླ་3པར་བཀྲམ་པའི《མཚོ་སྔོན་ཞིང་ཆེན་གྱི་གཙོ་རྟེན་ནུས་པའི་ས་ཁུལ་གྱི་འཆར་འགོད》ཅེས་པས་ས་ཁུལ་འདིའི་སྐྱེ་ཁམས་ནུས་པར་འདི་ལྟར་དཔྱད་པ་བཏང་ཡོད་དེ། ཆི་ལན་རི་བོའི་འཁྱགས་ཀླུང་དང་ཆུ་ཁུངས་གསོ་བའི་སྐྱེ་ཁམས་ནུས་པ་ནི་ཀྲུང་གོའི་གསོག་འཇོག་བྱས་པ་ཆེས་བཟང་བའི་དྲོ་གྲང་རྒྱུད་ཀྱི་རི་ཁུལ་ཐད་འཕྱང་ནགས་ཚལ་ཡིན་པ་དང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་གིས་མཚོ་སྔོན་གྱི་ཤར་ཕྱོགས་ཁུལ་དང་། ཀན་སུའུ་ཡི་རྨ་ནུབ་དོག་ལམ་དང་ནང་སོག་རང་སྐྱོང་ལྗོངས་ནུབ་ཁུལ་གྱི་སྔོ་ལྗང་གི་ས་ཆ་བཅས་ལ་ནུས་པ་གལ་ཆེན་བཏོན་ཡོད།

      མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་རྩྭ་ཐང་ནས་བརྒྱུད་སོང་བ་དང་། ཐག་རིང་གི་གཏེར་ཁའི་བར་སྣང་ན་ཐལ་རྡུལ་ལྷོག་ལྷོག་འཁྲུག གཏེར་ཁའི་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བས་བཟོས་པའི་ཆུ་རྙོག་དང་ཐལ་རྡུལ། འཛེར་སྒྲ་དང་གད་སྙིགས་སོགས་ཀྱིས་ས་དེའི་འབྲོག་དམངས་ཀྱི་འཚོ་བར་གཏོར་བརླག་དང་གནོད་པ་ཚབས་ཆེན་བཟོས་ཡོད།


     མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་སྤྱང་ཚང་གཏེར་ཁ། ལུག་ཁྱུས་རྩྭ་ལ་རོལ་བ་དང་། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིག་ས་རྡུལ་གྱི་སྨུག་པའི་ཁྲོད་ན་བཞུད།  ཟླ་8པའི་ཟླ་འགོའི་སྤྱང་ཚང་ཆུ་ཀླུང་དུ། རྩྭ་ཆུ་འཛོམས་ཤིང་དར་ལྕོག་ལྷེབ་ལྷེབ་གཡོ། འདི་ནི་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་དང་མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་གཉིས་ཀྱི་འབྲོག་པ་རྣམས་ཀྱི་རྩྭ་ས་རེད།


      2014ལོའི་ཟླ་7པའི་ཚེས་29ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་གྱི་གཏེར་ཁའི་ཟུར་གཅིག སྤྱང་ཚང་གཏེར་ཁའི་ཕྱི་རོལ་དུ་མཐོ་ས་ནས་བལྟས་ན་སྔོག་འདོན་བྱས་རྗེས་ཀྱི་ཟབ་ཚད་སྨི་བརྒྱ་ལ་མཉམ་པའི་ནག་ཁུང་ཆེན་པོ་དག་མཐོང་ཐུབ། དེའི་ཉེ་འགྲམ་ནི་རི་བོ་ལྟར་ཕུང་ཆེ་བའི་རྡོ་སོལ་གྱི་སྙིགས་རོ་རེད། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཆེན་པོ་དེ་དག་གི་འགྲོ་འོང་མཚམས་ནས། མཐོ་སྒང་འདིའི་སྔོ་ལྗང་གི་ཚེ་སྲོག་ཀྱང་འཆི་བའི་ལམ་དུ་འདྲེན།


    བར་མཚམས་མེད་པར་རྡོ་སོལ་གྱི་རྙིགས་རོ་དག་རྩྭ་སར་སྤུངས་བས། མཐོ་སྒང་གི་རྩྭ་སའི་སྔོ་ཁེབས་ཚབས་ཆེན་པོས་རྡིབ་པའི་སྣང་ཚུལ་མང་དུ་བྱུང་། མུ་མཐུད་ཀྱི་སྔོག་འདོན་གྱིས་ས་ངོས་རིམ་པའི་འོག་གི་འཁྱགས་སའི་རིམ་པར་ཡང་གཏོར་བརླགས་བཟོས། ས་ཁུལ་ཡོངས་ཀྱི་ཆུ་ཁུངས་གསོ་བ་དང་སྐྱེ་ཁམས་ནུས་པར་ཤུགས་རྐྱེན་ཚབས་ཆེན་བཟོས། སྟེང་ཁེབས་མེད་པའི་གཏེར་ཁ་སྔོག་འདོན་གྱིས་རྩྭ་སའི་སྔོ་ཁེབས་དང་འཁྱགས་ས་རིམ་པར་བཟོས་བའི་གཏོར་བརླགས་ནི་རྩ་མེད་གཏོང་བའི་རང་བཞིན་རེད།



      2014ལོའི་ཟླ་7པའི་ཚེས་29ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། ཁྱོན་ཆེན་པོའི་གཏེར་ཁ་སྔོག་འདོན་བྱས་པས། ཕྱུགས་ཟོག་གིས་སྦགས་བཙོག་ཟིན་པའི་རྩྭ་ཆུར་མི་བརྟེན་ཐབས་མེད་བྱུང་། འབྲོག་པ་ཞིག་གིས་རྩྭ་རྒྱུ་ཇེ་ཞན་དུ་སོང་བའི་རྒྱུ་མཚན་ཡོངས་སྤྱང་ཚང་གི་གཏེར་ཁ་སྔོག་འདོན་གྱི་རྐྱེན་ཡིན་པར་གསུངས། "དབྱར་དུས་སུ་རླུང་དེ་འདྲའི་ཆེན་པོ་མེད་པ་དང་། གཏེར་ཁ་ནས་ཐོན་པའི་ཐལ་རྡུལ་ནི་དེ་འདྲའི་མང་པོ་མེད། དགུན་དུས་སུ་འགད་རྫས་ཀྱིས་གཏེར་ཁ་བཀས་གཏོར་བྱས་རྗེས། དེ་ནི་བརྗོད་ཐབས་བྲལ་བ་ཞིག་རེད། རྩྭ་ཡོངས་རྫོགས་ནག་པོར་བཏང་།



       2014ལོའི་ཟླ་7པའི་ཚེས་29ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། གཡག་གཅིག་གིས་རྩྭ་ཐང་སྟེང་དུ་རྩྭ་ཟ་བཞིན་ཡོད་པ་དང་། རྒྱང་རིང་དུ་རྡོ་སོལ་གྱི་སྙིགས་རོ་རི་བོའི་གཏོས་དང་མཉམ་པ་སྤུངས་འདུག ལོ་58ལ་བུད་པའི་འབྲོག་པ་ཞིག་གིས་ཕྱིར་དྲན་བྱེད་རྒྱུར། ཆུང་དུས་སུ་མུ་རུ་གྲོང་བརྡལ་དུ་གཞུང་ལམ་ཡག་པོ་ཞིག་ཀྱང་མེད་པ་དང་། མི་རྣམས་རྟ་ལ་ཞོན་ཏེ་ན་འདམ་གྱིས་ཁེངས་བའི་ཐང་ཆེན་བརྒལ་དགོས། ཡིན་ནའང་། ད་ལྟ་རྩྭ་ནི་ནག་པོ་རེད། ལམ་ནི་ནག་པོ་རེད། ཕྱུགས་ཟོག་གི་ལུས་པོ་ཡོངས་ནག་པོ་རེད་ཅེས་ཟེར།



       མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། "ཁོ་ཚོས་གཏེར་ཁ་སྔོག་འདོན་བྱས་པས། རྩྭ་སར་གནོད་པ་ཆེ་བ་ནི་སྨྲ་མི་དགོས། རྩྭ་ཐང་ཡོངས་སུ་ཐལ་རྡུལ་གྱིས་གཡོགས་པ་དང་། ནོར་ལུག་གིས་ཟས་རྗེས་གནོད་པ་ཡོད་པ་ནི་ཚང་མས་ཤེས་གསལ་རེད"ཅེས་འབྲོག་པ་རྟ་མགྲིན་གྱིས་ཕིན་ཕེ་ཡི་གསར་འགོད་པར་དེ་ལྟར་བཤད།



      རྡོ་སོལ་གྱི་གཏེར་ཁའི་ཐོན་སྐྱེད་ཚད་དམའ་རུ་ཕྱིན་པ་དང་ལས་རིགས་ཀྱི་ཉམས་རྒུད་དང་སྦྲགས། གཏེར་ཁར་འགྲོ་འོང་བྱེད་པའི་སྐྱེལ་འདྲེན་རླངས་འཁོར་ཡང་ཇེ་ཉུང་དུ་ཕྱིན། ཐེམ་ཆེན་རྫོང་གི་སྡོད་དམངས་ཀྱིས་གསལ་བཤད་བྱས་པ་ལྟར་ན། ལོ་སྟོད་ལ་གཏེར་ཁར་འགྲོ་འོང་བྱེད་པའི་རླངས་འཁོར་ནི་ཉིན་རེར་སྟོང་ལ་ཉེ་བ་ཡོད་པར་གསུངས།



མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་སོང་ཤུལ་དུ་ཐལ་རྡུལ་གྱི་སྨུག་སྤྲིན་ལྷོག་ལྷོག་འཁྲུག


      མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ་གྱི་སྔོ་ཁེབས་ཀྱི་མཛེས་ལྗོངས། རྒྱང་རིང་དུ་སྤུངས་བའི་རྡོ་སོལ་གྱི་སྙིགས་རོ་སྔར་བཞིན་མཐོང་ཐུབ། གསར་འགྱུར་ཁང་མང་པོ་ནས་གསལ་བསྒྲགས་བྱས་པར་གཞིགས་ན། མུ་རུའི་རྡོ་སོལ་གྱི་གཏེར་ཁ་ནི་ད་ལྟ་སྔོག་འདོན་བྱེད་བཞིན་པའི་སྤྱང་ཚང་དང་། བཅོས་བསྒྱུར་ཁུལ་དང་གསར་སྤེལ་ཁུལ་དུ་གཏོགས་པའི་གཞུ་རིའི་ཁུལ། རྡོ་སོལ་གོང་མ་བཅས་ཁུལ་བཞི་རེད། གཏེར་ཁའི་རྡོ་སོལ་ཐོན་ཁུངས་ཀྱི་ཚད་ནི་ཏུན་དུང་ཕྱུར་35ཡོད་པ་དང་། མཚོ་སྔོན་ས་ཆའི་རྡོ་སོལ་གྱི་ཐོན་ཁུངས་ཡོངས་ཀྱི་བརྒྱ་ཆའི་87.3ཟིན་ཡོད་པར་གསུངས།



      མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་སྤྱང་ཚང་གཏེར་ཁ། རྩྭ་ས་རུ་ཕུང་ཆེ་བའི་རྡོ་སོལ་གྱི་སྙིགས་རོ་སྤུངས་ཡོད་པ་དང་། ད་ལྟ་སྔོག་འདོན་བྱེད་བཞིན་པའི་གཏེར་ཁ་གཉིས་ལས་གཞན་མུ་རུའི་རྡོ་སོལ་གཏེར་ཁའི་ཁོངས་སུ། འཆར་འགོད་བྱེད་བཞིན་པ་དང་གསར་སྤེལ་བྱེད་རྒྱུའི་གཞུ་རི། རྡོ་སོལ་གོང་མ་སྟེ་མ་གཞིར་ཞིང་ཆེན་རིམ་པའི་མཚོ་སྔོན་ཞིང་ཆེན་ཆི་ལན་རི་བོའི་རང་བྱུང་བདག་སྐྱོང་ས་ཁུལ་དུ་གཏོགས་པའི་ས་ཁུལ་དེ་ནི། ལོ་སྔོན་མར་སྲིད་གཞུང་ནས་ཐོན་པའི་ཡིག་ཆ་ཤོག་གྲངས་ཤིག་གིས་བདག་སྐྱོང་ས་ཁུལ་གྱི་ས་རྒྱ་ཆུང་དུ་བཏང་། འཆར་འགོད་བྱེད་བཞིན་པའི་གཏེར་ཁ་ནི་སྲུང་སྐྱོབ་ཁུལ་གྱི་ཕྱི་ལ་ཕུད། དེ་ལྟར་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱེད་པའི་འགག་བར་ཆད་གཙང་སེལ་བྱས།


  
     མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་སྤྱང་ཚང་གཏེར་ཁའི་ས་ཁུལ། འབོར་ཆེ་བའི་གཏེར་ཁའི་སྙིགས་རོ་རྩྭ་ས་རུ་གང་རུང་དུ་སྤུངས་ཡོད་པ།



       མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མུ་རུ་གྲོང་བརྡལ། མི་ཞིག་རྡོ་སོལ་གྱི་སྙིགས་རོའི་སྟེང་དུ་འགྲོ་བཞིན་ཡོད་པ་དང་། མཐའ་བཞིའི་རྩྭ་ས་ཡོངས་སྦགས་བཙོག་བཟོས་ཟིན། ལོ་འགའི་སྔོན་དུ། མུ་རུ་སློབ་ཆུང་ཐེམ་ཆེན་རྫོང་གི་མི་རིགས་སློབ་ཆུང་དང་བསྡེབས་པ་ནས་བཟུང་། ཁྱིམ་བདག་མང་པོས་ཁྱིམ་བཟའ་མི་གང་བོ་གྲོང་ཁྱེར་དུ་སྤོར་བ་དང་། གནས་སྤོར་གྱི་རྦ་རླབས་དྲག་ཏུ་འཕྱུར། མ་གཞིར་མི་གྲངས་སྟོང་ལས་མ་བརྒལ་བའི་གྲོང་བརྡལ་ཆུང་ཆུང་འདི་སྔར་ལས་ལྷིང་འཇགས་ཀྱིས་ཁེངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1