མེ་ཏོག་བཞད་པའི་སྡོང་བོ་ཞིག
ཞུས་མུའུ་རུང་གིས་བརྩམས།
རྐང་ཐང་བས་བསྒྱུར།
ཇི་ལྟར་བྱས་ན་ཁྱོད་ང་ལ་འཕྲད་ཐུབ་བམ
ང་རང་མཛེས་སྡུག་གིས་ཕྱུག་པའི་དུས་སྐབས་འདིར
ངས་དཀོན་ཅོག་གི་མདུན་ནས་ལོ་ངོ་ལྔ་བརྒྱར་སྐྱབས་འཇུག་ཞུས་པས
དཀོན་ཅོག་གིས་འུ་གཉིས་བར་ལ་ལས་འབྲེལ་བཙུགས་ཤིང
ང་རང་ཤིང་སྡོང་ཞིག་ཏུ་བསྒྱུར་ནས
ཁྱོད་རང་ངེས་པར་འགྲོ་དགོས་སའི་བཞུད་ལམ་ནས་སྐྱེས
ཉི་འོད་འོག་ནས་གཟབ་བརླིང་གིས་མེ་ཏོག་རྣམ་པར་བཞད་ཅིང
མེ་ཏོག་རེ་རེ་ནི་ངའི་སྐྱེ་བ་སྔོན་མའི་རེ་ལྟོས་ཡིན
ཁྱོད་རང་ཉེ་སར་བཏུད་ནས་ཞིབ་ཀྱིས་ཉན་རོགས་ཞུ
འདར་སྐྱོམས་ཀྱི་ལོ་མ་ནི་ངའི་རེ་སྒུག་གི་བརྩེ་སེམས་ཡིན
འོན་ཀྱང་མཇུག་མཐར་ཁྱོས་སྣང་མེད་དུ་བཞག་ནས་ཕར་ལ་བུད་འགྲོ
གྲོགས་པོ་ལགས ཁྱོད་ཀྱི་རྒྱབ་ཕྱོགས་སུ་འཐོར་བ་དེ་དག
ལོ་འདབ་མ་ཡིན་པར
རྙིད་ཟིན་པའི་ངའི་སེམས་པ་ཡིན