2018ལོའི་དཔྱིད་གསར་སྐྱེལ་འདྲེན་སླེབས་ལ་ཉེ་བས། བོད་ལྗོངས་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྟབས་བདེའི་བྱ་ཐབས་སྣ་མང་ལག་བསྟར་བྱས་ཏེ་འགྲུལ་པ་ཚོས་སྤ་སེ་ཉོ་བ་དང་མེ་འཁོར་སྡོད་པར་སྟབས་བདེ་བསྐྲུན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྔོན་དཔག་བྱས་ན་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་མི་ཐེངས་ཁྲི་16.5བསུ་སྐྱེལ་བྱེད་རྒྱུ་རེད།།