ཟླ་དང་པོའི་ཟླ་དཀྱིལ་ལ། གསར་འགོད་པ་ཨ་སྐྱིད་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ཡུལ་དཔོན་རེན་ཡུང་ཧྥུའུ་ལགས་ཀྱི་ལམ་ཁྲིད་འོག་མཚོ་ཁྱ་ཁྲེབ་སྲང་ལམ་དུ་སླེབས། དེ་རུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་མང་པོས་ཡིད་ཀྱི་དང་བ་འདྲེན་པར་བྱེད།
1.གཞི་རྩའི་གནས་ཚུལ།
མཚོ་ཁྱ་ཁྲེབ་སྲང་ལམ་ནི་རྔ་བ་ཁུལ་མཛོད་དགེ་རྫོང་དུ་ཆགས་ཡོད་ལ། རྫོང་མཁར་ལས་སྤྱི་ལེ་བཞི་བཅུའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3540ཡིན། དེ་ནི་རྒྱལ་ཁབ་རིམ་པའི་ལམ་ཐིག་213གྱི་འགྲམ་དང་། མཚོ་ཁྱ་ཁྲེབ་ཀྱི་ཡུལ་སྐོར་ལྟེ་བའི་ཁུལ་དུ་ཡོད་ཅིང་། མཚོ་ཁྱ་ཁྲེབ་ནི་Aབཞི་ཅན་གྱི་ལྗོངས་ཁུལ་ཀྱི་ཁོངས་གཏོགས་ཀྱི་བཟོ་སྐྲུན་གཙོ་བོ་ཞིག་ཀྱང་ཡིན། ཡུལ་དཔོན་རེན་ཡུང་ཧྥུའུ་ཡིས་བཤད་རྒྱུར། འཛུགས་སྐྲུན་ལ་བསྡོམས་པས་མ་རྩ་དམངས་སྒོར་ཁྲི་3480བཏང་། དེའི་ནང་དུ་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དམངས་སྒོར་ཁྲི་353བཏང་ཡོད་ལ། འཛུགས་སྐྲུན་རྣམ་པའི་ཐད། སྲིད་གཞུང་གིས་འཆར་འགོད་དང་ཇུས་འགོད་ལ་སྣེ་ཁྲིད་དང་། གྲོང་ཚོའི་ཀྲི་པུའུ་ཡིས་ལས་ཀ་ལག་བསྟར་ལ་གཙོ་ཁྲིད་བྱེད་པ། མང་ཚོགས་ཀྱིས་རང་གིས་མ་དངུལ་བསྡུས་ཏེ་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་གྱི་ཁེ་ཕན་དམངས་ཡོངས་ཀྱིས་མཉམ་རོལ་བྱེད་པའི་ཐབས་ཤེས་བཀོལ་བ་རེད་ཟེར། མཚོ་ཁྱ་ཁྲེབ་སྲང་ལམ་གྱིས་སྨི་གྲུ་བཞི་མ་94709ཙམ་ཟིན་ཡོད་ལ། ཚོང་ལས་ཁང་མིག་200ཡིས་གྲུབ་པའི་ཚོང་ལས་འཛུགས་སྐྲུན་ཚོགས་པ་ཞིག་ཡིན། དེ་རུ་རྨང་གཞིའི་སྒྲིག་ཆས་སྣ་འཛོམས་ཡིན་ལ། དཀྱིལ་ཀྱི་ཐང་ཆེན་གྱིས་སྨི་གྲུ་བཞི་མ་12000ཟིན་ཡོད། རླངས་འཁོར་འཇོག་ས་ཡིས་སྨིའི་གྲུ་བཞི་མ་18000ཟིན་ཡོད། ཆུ་གློག་དྲ་བ་སོགས་སྣ་འཛོམས་ཡིན།
ཡུལ་དཔོན་གྱིས་བཤད་རྒྱུར། ཁོས་ཐེངས་གསུམ་ལ་གཟའ་རུ་སྟོད་སྨད་ཀྱི་ལས་བྱེད་པར་རྩ་འཛུགས་བྱས་ཏེ་ཚོགས་འདུ་བསྡུས་ཤིང་། མཚོ་ཁྱ་ཁྲེབ་སྲང་ལམ་གྱི་ལས་རིགས་ཀྱི་རྣམ་པ་བཀོད་སྒྲིག་དང་བྱེད་ནུས་ཁུལ་གྱི་འཆར་འགོད་བྱེད་པའི་གནད་དོན་ལ་ཞིབ་འཇུག་བྱས་རྗེས། མཚོ་ཁྱ་ཁྲེབ་སྲང་ལམ་དེ་བྱེད་ལས་ཀྱི་སྒོ་ནས་མི་རིགས་ཀྱི་གོམས་སྲོལ་དང་། བཟའ་ཁང་དང་ཉལ་ཁང་། དངོས་པོ་ཉོ་སྒྲུབ་དང་རྩེད་མོ་སོགས་ཕྱོགས་འགར་ཕྱེས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་ཀྱི་ཚོང་ལས་ཁུལ་ཞིག་ཏུ་གྲུབ།
2.ཐོན་ཁུངས་དང་གནས་ཡུལ་གྱི་དགེ་མཚན།
མཛོད་དགེའི་བརླན་སའི་སྤྱིའི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ཆིང་ཁྲི་16.7ཡོད། འཛམ་གླིང་གི་རྒྱ་ཁྱོན་ཆེས་ཆེ་བ་དང་། བདག་གཉེར་བྱས་པ་ཆེས་ལེགས་པའི་མཐོ་སྒང་གི་ན་གཞུང་བརླན་ས་ཡིན། 1994ལོར་སྲུང་སྐྱོབ་ས་ཁུལ་བཙུགས། 1997ལོར་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དུ་འཕར། 1998ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་འཕར་ཏེ། མིང་ལ་ཡང་མཛོད་དགེའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞེས་བཏགས། 2008ལོར་རྒྱལ་སྤྱིའི་བརླན་ས་གཙོ་བོའི་མིང་ཐོའི་ནང་དུ་བཞག
མཚོ་ཁྲ་ཁྲེབ་ཀྱི་ལྗོངས་ཁུལ་ནི་མཛོད་དགེའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། གཟའ་རུའི་རགས་ཆེན་གྱི་ཆུ་འདུས་ས་ཁུལ་ཡིན། 1998ལོའི་ཟླ་8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གྲང་ངར་ཆེ་སའི་བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཁུལ་དུ་གཏན་འཁེལ་བྱས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་ཞིག་ཡིན་ལ། རང་རྒྱལ་གྱི་རྩྭ་ཐང་ཆེན་མོ་ཨང་གཉིས་པ་ཡང་ཡིན། རྒྱལ་ཡོངས་ཀྱི་ཕྱུགས་ར་ལེགས་པོ་བཞི་ཡི་ཡ་གྱལ་ཡིན། ཁུལ་འདི་ནི་ཁྲུང་ཁྲུང་སྐེ་ནག་ཚོགས་དང་ཚོགས་བྱས་ཏེ་འཚོ་གནས་དང་སྐྱེ་འཕེལ་བྱེད་སའི་གནས་གཤིག་ཡིན། ཁ་གྲངས་1500ལྷག་ཡོད། 2005ལོར་རྒྱལ་ཁབ་ནགས་ལས་ཁང་གིས་ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ་དུ་བདམས། 2008ལོར། གཟའ་རུའི་རྩྭ་ཐང་ཆེན་མོ་དེ་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱིས་ཀྲུང་གོའི་ཆེས་མཛེས་པའི་བརླན་ས་རུ་བདམས། མཚོ་ཁྱ་ཁྲེབ་ཀྱི་ལྗོངས་ཁུལ་ལ་སྤྲོ་གསེང་ཡུལ་སྐོར་བྱ་ཡུལ་ལེགས་ཤོས་དང་། སྒེར་འཁོར་བཏང་ནས་ལྗོངས་རྒྱུ་བྱ་ཡུལ་ལེགས་ཤོས། གཉེན་སྒྲིག་འདྲ་པར་ལེན་ཡུལ་ལེགས་ཤོས་སོགས་མཚན་སྙན་མང་དུ་ཡོད།
3.མཚོ་ཁྱ་ཁྲེབ་སྲང་ལམ་གྱི་དགེ་མཚན་ཆེན་མོ་བཞི།
ཐུན་མིན་གྱི་གནས་ཡུལ་དགེ་མཚན།
མཚོ་ཁྱ་ཁྲེབ་ཀྱི་ལྗོངས་ཁུལ་ནི་མཛོད་དགེའི་རྩྭ་ཐང་གི་ལྟེ་བའི་ཁུལ་དུ་ཆགས་ཡོད་པས། ཡུན་རིང་གནས་ཐུབ་པའི་འཛུགས་སྐྲུན་བྱ་མི་ཆོག་པས། མཛོད་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ལྗོངས་རྒྱུའི་མ་ལག་ཆ་ཚང་འཛུགས་སྐྲུན་བྱེད་པ་དང་། ཞབས་ཞུའི་སྤུས་ཀ་ཇེ་མཐོར་གཏོང་བའི་ཟུར་ནས་འགོ་བརྩམས་ཏེ། ཞིང་ཆེན་དང་ཁུལ་གྱི་ཆོག་མཆན་བརྒྱུད་ནས་མཚོ་ཁྱ་ཁྲེབ་སྲང་ལམ་གྱི་ལས་གཞི་འདི་འཛུགས་སྐྲུན་བྱས་པ་རེད། མཚོ་ཁྱ་ཁྲེབ་ཀྱི་བརླན་སའི་སྲུང་སྐྱོབས་བྱ་བར་རྒྱུན་མཐུད་ངང་ཤུགས་སྣོན་པའི་གོམ་འགྲོས་དང་བསྟུན་ནས། མཚོ་ཁྱ་ཁྲེབ་སྲང་ལམ་ནི་ལྗོངས་ཁུལ་འདིིའི་མཐའ་འཁོར་གྱི་ཁྲིམས་མཐུན་གྱི་ཚོང་ལས་ས་ཁུལ་ཉག་གཅིག་ཏུ་ཆགས་ངེས་རེད།
སྒྲིག་ཆས་དང་བྱེད་ནུས་ཆ་ཚང་བ།
མཚོ་ཁྱ་ཁྲེབ་སྲང་ལམ་ནི་ལྗོངས་ཁུལ་འདིའི་མ་ལག་ཚང་བའི་འཛུགས་སྐྲུན་གཙོ་བོ་ཞིག་ཡིན་པའི་ཆ་ནས། ལྗོངས་རྒྱུའི་མ་ལག་ཆ་ཚང་འཛུགས་སྐྲུན་བྱེད་པ་དང་། ཞབས་ཞུའི་སྤུས་ཀ་ཇེ་མཐོར་གཏོང་བ་འཛུགས་སྐྲུན་གྱི་དམིགས་ཡུལ་དུ་བཟུང་ཞིང་། སྲིད་གཞུང་གིས་ཐོན་ཁུངས་འབོར་ཆེན་བཏང་བས། ཆུ་དང་གློག ལམ། དྲ་བ། རླངས་འཁོར་འཇོག་ས། ཚད་ལྡན་གྱི་ཆབ་ཁང་སོགས་ཀྱི་སྒྲིག་ཆས་ཆ་ཚང་བར་ཡོད་པ་མ་ཟད། དེ་དག་གི་བྱེད་ནུས་ལ་ཡང་ནུས་ལྡན་འགན་ལེན་བྱས་ཡོད།
བག་ཉལ་གྱི་འཕེལ་ཤུགས་ཆེ་བ།
མཚོ་ཁྱ་ཁྲེབ་སྲང་ལམ་ནི་ལྗོངས་ཁུལ་འདིའི་མ་ལག་ཚང་བའི་འཛུགས་སྐྲུན་གཅིག་པུ་ཞིག་ཡིན་པའི་ཆ་ནས། ལྗོངས་རྒྱུའི་མ་ལག་ཆ་ཚང་འཛུགས་སྐྲུན་བྱེད་པ་དང་། ཞབས་ཞུའི་སྤུས་ཀ་ཇེ་མཐོར་གཏོང་བ་འཛུགས་སྐྲུན་གྱི་དམིགས་ཡུལ་དུ་བཟུང་སྟེ། མཚོ་ཁྱ་ཁྲེབ་ཀྱི་ལྗོངས་ཁུལ་གྱི་ལྗོངས་རྒྱུ་བ་དང། རྒྱལ་ཁབ་རིམ་པའི་གཞུང་ལམ་དུ་བགྲོད་པའི་རླངས་འཁོར་དང་མི་ལ་ཁ་ཕྱོགས་ཡོད།
2016ལོར། མཛོད་དགེ་རྫོང་གིས་ལྗོངས་རྒྱུ་བ་ཁྲི་207ལྷག་སྣེ་ལེན་བྱས། དེའི་ཁར་ལམ་དེར་བརྒྱུད་པའི་རླངས་འཁོར་དང་མི་རྣམས་བརྩིས་ན། ཉུང་རྩིས་བྱས་ཀྱང་མཚོ་ཁྱ་ཁྲེབ་སྲང་ལམ་གྱི་ལོ་རེའི་མགྲོན་པོར་སྣེ་ལེན་བྱེད་ཚད་ནི་ཁྲི་100ནས་200བར་ཡིན་པ་རེད། དེ་བས་བག་ཉལ་གྱི་འཛད་སྤྱོད་བྱེད་ཤུགས་ཆེ་ལ། ཚོང་དོན་གྱི་གོ་སྐབས་དཔག་ཏུ་མེད།
དོ་དམ་དང་ཞབས་ཞུ་ཆེད་ལས་ཅན་ཡིན་པ།
མཚོ་ཁྱ་ཁྲེབ་སྲང་ལམ་གྱི་དོ་དམ་ནི། སྔོན་ཐོན་གྱི་དོ་དམ་ཉམས་མྱོང་ལྡན་པའི་ཆེད་ལས་ཀྱི་ཀུང་སིས་འགན་འཁུར་བ་རེད། སྲིད་གཞུང་དང་གྲོང་སྡེས་ནང་ཞུགས་བྱས་མེད་པས། ནང་ཁུལ་གྱི་དོ་དམ་ཆེད་ལས་ཅན་དང་། ཞབས་ཞུའི་རྒྱུ་སྤུས་མཐོན་པོ་ལ་འགན་ལེན་བྱས་ཡོད་པ་མ་ཟད། ཚོང་གཉེར་བ་དང་འཛད་སྤྱོད་པའི་བར་གྱི་གནད་དོན་གང་མང་ཞིག་ཀྱང་ཐག་གཅོད་བྱས་ཡོད་པ་རེད།
ཡུལ་དཔོན་གྱིས་གསར་འགོད་པར་བཤད་རྒྱུར། མཚོ་ཁྱ་ཁྲེབ་སྲང་ལམ་གྱི་ཡོང་འབབ་ཁྲོད་ནས། 20%ནི་མཚོ་ཁྱ་ཁྲེབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱེད་སྤྱད་དུ་སྤྱོད་པ་དང་། 20%གཟའ་རུ་སྟོད་སྨད་ཀྱི་ཚོ་བའི་ནང་གི་སྤྱི་བའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་དབུལ་སྒྲོལ་གནད་འཁེལ་དུ་སྤྱོད་པ་རེད། 60%ཚོ་བའི་མི་རྣམས་ཀྱིས་ཐད་ཀར་བགོ་བཤའ་རྒྱག་པ་རེད་ཅེས་བཤད།།