ད་ལོའི་ཁམས་པའི་བརྙན་འཕྲིན་གྱི"བོད་ཀྱི་ལོ་གསར་དགོང་ཚོགས"ནང་ནག་ཆུ་ས་ཁུལ་ཀྱི་འཁྲབ་ཚན་ནི་དགོང་ཚོགས་ཡོངས་ཀྱི་གཙོ་གནད་ཡིན་ཞིང་། ནག་ཆུ་ས་ཁུལ་གྱིས་ད་ལོའི"བོད་ཀྱི་ལོ་གསར་དགོང་ཚོགས"ཐོག་མངོན་མིན་རིག་གནས་ཤུལ་བཞག་རིགས་ཀྱི་འཁྲབ་ཚན་གསུམ་ཡོད་དེ། ཁོང་ཚོས་《གླིང་སྒྲུང་》དང་བུད་མེད་ཀྱི་མཉམ་བྲོ་《ནག་ཚང་འབྲོག་མོ་》ཞེས་པའི་ཞབས་བྲོ་དང་《ནག་ཚང་འགྱུར་ཁུག་》ཞེས་པའི་ཞབས་བྲོ་བཅས་འཁྲབ་སྟོན་བྱས་པ་རེད།
དེའི་ནང་གི་《གླིང་སྒྲུང་》ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། 《ནག་ཚང་འབྲོག་མོ་》ཞེས་པ་དང་《ནག་ཚང་འགྱུར་ཁུག་》ཞེས་པ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེད། དེས་མ་ཚད། ནག་ཆུ་ས་ཁུལ་གྱིས་ད་དུང་གསར་བརྩམས་འཁྲབ་ཚན་གཞན་དག་རྒྱ་ཆེའི་གཟིགས་མོ་བ་རྣམས་ལ་འབུལ་རྒྱུ་ཡིན་པ་རེད།།