རྩེ་སྒྲོ་བཞེང་པའི་རྒྱུ་ཆ་གཙོ་བོ་མར་ཡིན་ཞིང་། དེའི་ནང་གཏེར་རྒྱུ་ཚོན་དོག་སྣ་ཚོགས་འདྲེས་ནས་བཟོས་པ་དང་། ལག་པས་བརྫིས་ནས་སྐུ་བརྙན་སྣ་ཚོགས་དང་། མི་སྣ། མེ་ཏོག ལྗོན་ཤིང་། འདབ་ཆགས། རི་དྭགས་སོགས་ལས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རྩེ་སྒྲོ་བཞེང་གི་ཡོད་པ་རེད། རྩེ་སྒྲོ་ནི་བོད་རིགས་དམངས་ཚོགས་ཀྱིས་གྲོ་སོ་ཕྱེ་མར་ལ་མཛེས་རྒྱན་སྤྲས་པར་ཆེས་མཁོའི་དངོས་རྫས་ཤིག་རེད།།