ཟླ་2ཚེས་22ཉིན་གྱི་ཆུ་ཚོད་8པ་ནས་ཚེས་23ཉིན་གྱི་ཆུ་ཚོད་8པའི་བར། བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་སུ་གངས་མ་ཆར་གྱི་གནམ་གཤིས་ཐོན་ཡོད་པས། དེས་ས་ཞིང་གི་བཞའ་ཚན་ལེགས་སུ་འགྲོ་བ་དང་། མཁའ་རླུང་གི་སྤུས་ཚད་ལེགས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད།།