གསར་འགོད་པས་བོད་ལྗོངས་འགྲིམ་འགྲུལ་སྡེ་ཁག་ནས་ཤེས་རྟོགས་བྱུང་གསལ། 2018ལོའི་ལོ་འགོར། ལྷ་ས་གྲོང་ཁྱེར་གྱིས་སྣུམ་གློག་མཉམ་བསྲེས་སྤྱི་སྤྱོད་རླངས་འཁོར་128འཁོར་སྐྱོད་ལས་གཉེར་བྱེད་འགོ་ཚུགས་པ་དང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བདག་ཡོད་གྲངས་ཚད་312སུ་འཕར་སྣོན་བྱུང་ཞིང་། དེས་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་བསྡོམས་འབོར་གྱི་60%ཟིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱིས་སྟབས་བདེ་དང་སྔོ་ལྗང་། བདེ་ཐང་ངང་འགྲོ་སྐྱོད་བཅས་བྱེད་པའི་ཁོར་ཡུག་འཛུགས་སྐྲུན་བྱ་ཐབས་སྤེལ་བས། གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།།