རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-04


        ཀུན་སེམས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་ལག་གདང་སྦྲེལ་ཏེ་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་འོད་སྟོང་གསར་པ་གཏོད་དགོས། གཟི་བརྗིད་ལྡན་པའི་ལོ་ཟླ་བརྒྱུད་མྱོང་བ་དང་། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པའི་མི་དམངས་སྲིད་གྲོས་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་དུས་རབས་གལ་ཆེན་ཞིག་ལ་སླེབས་ཡོད་པ་སྟེ། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྤྱི་ཚེས་3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་ཡོད།
        སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་ཐོག་གནང་བའི་ལས་དོན་སྙན་ཞུའི་ནང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པའི་འཆར་གཞི་གལ་ཆེན་བཏིང་བ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐྱོད་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དེ་སྲིད་གྲོས་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ལ་བརྩི་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བའི་གཙོ་གནད་ལ་བརྩི་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་རྒྱུར་ཐབས་དང་ཇུས་འདོན་རྒྱུ་དེ་ལས་དོན་གྱི་གཙོ་ཐིག་ལ་བརྩི་བ་བཅས་བྱས་ཏེ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་ཀྱིས་ལྟེ་བ་བྱས་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས། གནས་ལྔ་གཞི་ཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་གཞིགས་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཏོན་ཡོད་པ་རེད།  
        སྤྱི་ཟླ་གསུམ་པའི་པེ་ཅིང་དུ་དཔྱིད་ཀྱི་དཔལ་ཡོན་རིམ་བཞིན་བཞད་པ་དང་། མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲི་ཙམ་གཤོང་བའི་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་འཕྲོ་བ་དང་། རྔམ་བརྗིད་དང་སྤྲོ་སེམས་ཀྱིས་ཁེངས་ཡོད། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྟེགས་བུའི་དབུས་སུ་བཀལ་ཡོད་པ་དང་། མཚོན་མདངས་རྣམ་པར་བཀྲ་བའི་དར་དམར་བཅུ་ཁག་བགོས་ཀྱིས་གཞོགས་གཉིས་སུ་བཙུགས་ཡོད།
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་དགོས་པའི་ཨུ་ཡོན་2158ཡོད་པ་དང་། དངོས་སུ་ཕེབས་པའི་ཨུ་ཡོན་2149ཡོད་པ། དེ་ནི་གཏན་འབེབས་ཀྱི་མི་གྲངས་དང་མཐུན་ཡོད། 
        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཡང་དང་། ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དུང་ཅན་ཧྭ། དབན་ཀང་། ཧོ་ཧའུ་ཧྭ། ལུ་གྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བཞུགས་ཡོད།  
        ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་དེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲེན་ཧྲུའུ། ཝང་ཧུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་དང་། ཚོགས་ཆེན་འགོ་ཚུགས་པར་བཀྲིས་སྨོན་འདུན་ཞུས་ཡོད།
        ཕྱི་དྲོའི་ཆུ་ཚོད་གསུམ་པར། ཝང་ཡང་གིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་གནང་ཡོད།
        སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་ལྔའི་ལས་དོན་སྙན་ཞུ་གནང་ཡོད། 
        ཁོང་གིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་བརྒྱུད་རིམ་ཁྲོད་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་དུས་རབས་གསར་པར་སླེབས་ཡོད་ཅེས་གསུངས་པ་དང་། 
        ཡུས་ཀྲེང་ཧྲེང་གིས། ལོ་ལྔའི་ནང་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུངས་བཤད་ཐེངས་མང་གནང་ནས། བསམ་བློ་གསར་པ་དང་ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པ་དང་། ཚན་རིག་དང་མཐུན་པའི་ངང་མི་དམངས་སྲིད་གྲོས་བྱ་བཞག་གོང་འཕེལ་གྱི་གལ་ཆེའི་རིག་གཞུང་དང་ལག་ལེན་གྱི་གནད་དོན་ལ་ལན་སྐྱོན་ཡོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་དང་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཡོད་ལ། མཐུན་སྒྲིལ་དང་དམངས་གཙོ་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་དང་། ལྟེ་བར་གཞིགས་པ་དང་། གནས་བབས་ཧྲིལ་པོར་ཞབས་ཞུ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བའི་ལམ་ཐིག་གཙོ་བོར་འཛིན་པ། གྲོས་མོལ་སྲིད་གྲོས་ཀྱི་གནས་བབས་འཐུས་ཚང་དུ་གཏོང་བ། དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ཤུགས་ཆེར་གཏོང་བ། མཐུན་སྒྲིལ་དང་མཐུན་འབྲེལ་ལས་དོན་རྒྱ་ཆེར་སྤེལ་བ། འགན་འཁྲི་ལག་བསྟར་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་སྲིད་གྲོས་བྱ་བཞག་རྒྱུད་འཛིན་ཁྲོད་གོང་འཕེལ་གཏོང་བ་དང་། གོང་འཕེལ་ཁྲོད་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། མཐུན་སྒྲིལ་དང་དམངས་གཙོ། དངོས་གྲུབ་ཡར་བརྩོན། དབྱར་མཚོ་རྒྱས་པ་ལྟ་བུའི་གོང་འཕེལ་བཅས་ཀྱི་རྣམ་པ་གསར་པ་གཏོད་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་དང་ཁྱད་ཆོས་མངོན་པ་དང་། ཏང་དང་རྒྱལ་ཁབ་བྱ་བཞག་ཁྲོད་ཚབ་བྱེད་ཐབས་བྲལ་བའི་གལ་ཆེའི་ནུས་པ་ཐོན་ཡོད་ལ། ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད་པ་དང་། 
        ཡུས་ཀྲེང་ཧྲེང་གིས་སྙན་ཞུའི་ནང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་ནན་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་གཅིག་བསྡུས་ཐོག་དོ་ཁུར་བྱེད་པ། མི་དམངས་ཀྱིས་ལྟེ་བ་བྱས་པའི་གོང་འཕེལ་བསམ་བློ་ལག་བསྟར་བྱེད་པ། སྲིད་གྲོས་གྲོས་མོལ་དང་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དམངས་གཙོ་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པ། འཐབ་ཕྱོགས་གཅིག་སྒྱུར་སྒྲིག་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕྱི་ཕྱོགས་མཛའ་གྲོགས་སྤེལ་རེས་རྒྱ་ཆེར་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་བརྒྱད་ཀྱི་ཐོག་ནས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱིར་དྲན་བྱས་ཡོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབས་གཏན་འཁེལ་རྒྱུན་འཁྱོངས་སོགས་ཆོད་ཉིད་རང་བཞིན་གྱི་ངོས་འཛིན་དང་མྱོང་ཚོར་ཁག་དྲུག་ཕྱོགས་བསྡོམས་གནང་ཡོད་ལ། ད་དུང་སླད་ཕྱིན་གྱི་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་སོགས་གྲོས་འགོ་ཁག་ལྔ་བཏོན་གནང་ཡོད་པ་རེད། 
        སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། དབན་ཀང་གིས་ཚོགས་ཆེན་ཐོག་སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱི་གྲོས་གཞི་འདོན་པའི་ལས་དོན་གནས་ཚུལ་སྙན་ཞུ་གནང་ཡོད། ཁོང་གིས། སྐབས་བཅུ་གཉིས་པའི་སྲིད་གྲོས་རིང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཚན་པ་ཁག་དང་ཆེད་མངགས་ཨུ་ཡོན་ལྷན་ཁང་ཁག་གིས། འཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་ལེན། དབུལ་གྲོལ་འགག་གཏོར། གནམ་གཤིས་དང་ས་ཆུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་སོགས་གལ་ཆེའི་གནད་དོན་ལ་གཞིགས་ནས། གྲོས་གཞི་ཁག་29378བཏོན་ཡོད་པ་དང་། ཞིབ་དཔྱད་བྱས་པ་བརྒྱུད། གྲོས་གཞི་23975བདག་གཉེར་བྱས་ཡོད། སྤྱི་ལོ་2018ལོའི་ཟླ་བ་2པའི་ཚེས་20ཉིན་བར་སླེབས་སྐབས། གྲོས་གཞི་བརྒྱ་ཆ་99བདག་གཉེར་དང་ལན་ཆ་བྱས་ཡོད། གྲོས་གཞི་མང་ཆེ་བའི་བསམ་འཆར་དང་གྲོས་འགོ་དང་ལེན་བྱས་པའམ་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད། 
        ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་འགོ་ཁྲིད་བློ་མཐུན་ཁྲོད་ད་དུང་། ཏིང་ཞོད་ཞང་དང་མ་ཁའེ། ཝང་ཁྲེན། ལིའུ་ཡན་ཏུང་། ཞུད་ཆི་ལེང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཅན་གོ ལི་ཧོང་ཀྲུང་། ལི་ཡོན་ཁྲའོ། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡུའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མེའར། ཧྥན་ཁྲང་ལོང་། ཧུའུ་ཁྲུན་ཧྭ། ཀོ་ཧྲེང་ཁུན། ཧྭང་ཁུན་མིང་། ཚའེ་ཆི། ཡུའུ་ཆོན། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲེ། ཡན་ཅུན་ཆི། ཧྲེན་ཡོས་ཡོས། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང་དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝེན། ཁྲེན་ཀྲུའུ། ཁྲང་ཝན་ཆོན། ཝང་ཡོང་། ཀྲའུ་ཆང་། ཚའོ་ཅན་མིང་། ཏུའུ་ཆིང་ལིན། ཧན་ཆི་ཏེ། ལིན་ཝེན་དབྱི། ལོ་ཧྥུ་ཧེ། ལི་ཧའེ་ཧྥང་། ཁྲེན་ཡོན། ཀྲའུ་ཞའོ་ཁྲོན། ཝང་ཅ་རུའེ། ཆིན་ཞུད་ཁྲུན། མ་ཕེ་ཧྭ། ལི་ཞའོ་ཧྥང་། ཝང་ཆིན་མིན་སོགས་ཡོད་པ་རེད། 
        ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གདན་ཞུ་ལྟར་འགོ་འཛུགས་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་དང་། གསར་འགྱུར་དཔོན། ཕྱིར་སྡོད་སྤུན་ཟླ་སོགས་གདན་ཞུ་ལྟར་འགོ་འཛུགས་ཚོགས་འདུར་ཞུགས་ཡོད་པ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1