སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།
རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-04
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ཐོག་འདེམས་ཐོན་བྱུང་བའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་དང་པོ་འཚོགས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲོས་རིམ་སྒྲིག་སྲོལ་ལྟར། གྲོས་ཚོགས་དེ་ཐོག་མར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བའི་འོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲང་ཧྲུའུ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་འོས་འདེམས་བྱས་པ་དང་། དུས་མཚུངས་སུ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་གཞོན་པར་འོས་འདེམས་ཞུས་པའི་གྲས་སུ་ད་དུང་ཁྲེང་ཞི་དང་། ཝང་ཁྲེང་། ཚའོ་ཅན་མེང་། ཀྲང་ཁྲུན་ཞན། ཧྲེང་ཡིའུ་ཡིའུ། ཅི་པིང་ཞོན། ཨེ་ལི་ཀན་དབྱི་མེང་པ་ཧའེ། ཝན་ཨུ་ཞང་། ཁྲེང་ཀྲུའུ་བཅས་ཡོད་པ་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་འདེམས་གཏན་འཁེལ་བྱུང་རྗེས། ཀྲང་ཏེ་ཅང་གིས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྣམ་པ་ཀྲུའུ་ཞི་སྟེགས་བུའི་ཐོག་གདན་འདྲེན་ཞུས་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་པ་དང་། ཀྲང་ཏེ་ཅང་གིས་ཁོང་རྣམ་པ་དང་རེ་རེ་བཞིན་ཕྱག་བཏང་གནང་ནས་གུས་འདུས་ཞུས་ཡོད་པ་རེད། དེ་རྗེས། ཀྲང་ཏེ་ཅང་གིས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲང་ཧྲུའུ་ཡིས་ཕེབས་རོགས་ཞུས་པའི་འོག་གྲོས་ཚོགས་ཚོམས་ཆེན་ནས་ཞལ་གྱེས་གནང་བ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད།
དེ་རྗེས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱིས་ལི་ཀྲང་ཧྲུའུ་ཡིས་གཙོ་སྐྱོང་གནང་བའི་འོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་ཡོད་པ་རེད། གྲོས་ཚོགས་ཀྱི་ཉིན་རེའི་གྲོས་རིམ་ལ་གཞིགས་ན། ཐེངས་འདིའི་ཚོགས་ཆེན་སྤྱི་ཟླ་3པའི་ཚེས་5ཉིན་གྱི་སྔ་དྲོ་འཚོགས་འགོ་ཚུགས་རྒྱུ་དང་། སྤྱི་ཟླ་3པའི་ཚེས་20ཉིན་གྱི་སྔ་དྲོ་མཇུག་འགྲིལ་རྒྱུན་ཡིན་ཞིང་། འཚོགས་ཡུན་ཉིན་བཅོ་ལྔ་དང་ཕྱེད་ཀ་ཡིན་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲོས་རིམ་སྒྲིག་སྲོལ་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཁག་གཅིག་གིས་ཁག་སོ་སོར་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་རྒྱུར་འོས་འདེམས་ཞུས་པ་དང་། བརྡས་ཐག་བཅད་པ་བརྒྱུད། གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འོས་འདེམས་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། ཤིན་ཁྲུན་དབྱིན་དང་། ཧན་ལི་ཕེང་། ཅང་ཞིན་ཀྲི། ལི་པའོ་རུང་། ཀྲང་ཡེ་སུའེ་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པར་གཏན་འཁེལ་བྱས་པ་དང་། ཀྲང་ཡེ་སུའེ་ནས་ཚོགས་ཆེན་གྱི་མགྲིན་ཚབ་པ་གཅིག་ལྕོགས་གནང་རྒྱུར་གཏན་འཁེལ་བྱས་ཡོད་པ་རེད།
ཚོགས་ཆེན་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་བརྡས་གཅོད་གྲོས་འགོའི་བྱ་ཐབས་གཏན་འཁེལ་བྱས་ཡོད་པ་རེད། གྲོས་ཚོགས་ཐོག་ད་དུང་འཐུས་མིས་གྲོས་འགོ་འདོན་རྒྱུ་མཇུག་བསྡུ་བའི་དུས་ཚོད་སྤྱི་ཟླ་3པའི་ཚེས་14ཉིན་གྱི་ཆུ་ཚོད་12པར་ཡིན་པའི་གཏན་འབེབས་བྱས་ཡོད་པ་རེད།།