—— འཐུས་མིས་ཞིང་འབྲོག་པ་ཕྱུག་འགྱུར་སྐོར་ལ་ཐབས་འདོན་ཇུས་འདོན་གནང་བ།
“སྣེ་འདྲེན་ཁེ་ལས་ཀྱི་འདེགས་སྐྱོར་བརྒྱུད་ཞིང་འབྲོག་པ་མང་ཚོགས་དང་ཁེ་ཕན་ཟུང་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཞིང་འབྲོག་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པར”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སོག་གི་པ་ཡན་ཀྲོའར་གྲོང་ཁྱེར་ཀྲུང་ནན་ཆུས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཅིས་ཤིང་གིས་ངོས་འཛིན་བྱེད་ཀྱི་ཡོད། མིག་སྔར་སྣེ་འདྲེན་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཆེན་པོ་ཡོད་མོད། ཡིན་ནའང་དོན་དངོས་ཐོག་དགོས་མཁོ་སྐོང་ཚད་མཐོ་པོ་མེད། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་རྐྱེན་གྱིས་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་ཚོད་འཛིན་བཟོ་ཡི་ཡོད། ཁོང་གིས“ལེགས་པར་རོགས་སྐྱོར་དང་། སྟོབས་ཆེར་རོགས་སྐྱོར། ཆེ་བར་རོགས་སྐྱོར”བཅས་ཀྱི་རྩ་དོན་གཞིར་བཟུང་སྲིད་ཇུས་དང་། མ་དངུལ། ཁྲལ་བསྡུ། ཡིད་རྟོན་དངུལ་བུན། ས་ཆ་སོགས་ཀྱི་ཐད་ཞིང་འབྲོག་པའི་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སོག་གི་ཁྲི་ཧྥུང་གྲོང་ཁྱེར་ཞའོ་མའེ་ཙི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཧུད་ཅེས་ད་ཆ་གྲོང་གསེབ་འཕེལ་རྒྱས་ཀྱི་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་བ་དང་། ཁོང་གིས་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་ཆབས་ཅིག་ཐོན་ལས་འབྲེལ་ཐག་སྣུར་སྲིང་ལ་འདེགས་སྐྱོར་བྱས་ནས་མཉམ་ལས་ཁང་དང་མཉམ་སྡེབ་དཔལ་འབྱོར་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། “རྒྱལ་ཁབ་ཀྱིས་རོགས་པ་བྱས་ན་ཞིང་འབྲོག་པ་འབབ་འཕར་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད”ཅེས་གྲོས་འགོ་བཏོན་པ་རེད།
“ས་གནས་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེ་བའི་འབྲོག་ར་དང་རྩྭ་ཐང་གི་མཛེས་ལྗོངས་མངོན་པ་བྱེད་པ་དང། ས་ཞིང་སྤྱི་གླིང་དུ་འགྱུར་བ་དང་། ཞིང་ཁྱིམ་མགྲོན་ཁང་དུ་འགྱུར་བ། ཁྱད་ལྡན་ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ་བཅས་བྱས་ཏེ་ཞིང་ལས་བྱེད་སྒོ་དེ་ཡུལ་སྐོར་ཅན་དུ་འགྱུར་བ་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སོག་གི་པ་ཡན་ཀྲོའར་གྲོང་ཁྱེར་གྱི་ཧྲི་ཀྲང་ཀྲང་ཞའོ་པིང་གིས་གསུངས་པ་དང་ཁོང་གིས“སྲིད་གཞུང་གིས་ད་དུང་རང་འགུལ་ངང་ལས་དོན་སྤེལ་ནས་ཞིང་ཚོང་དྲ་སྦྲེལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་རྫས་སྤུས་ལེགས་ལ་རིན་གོང་མཐོ་པོ་རག་ཐུབ་པ་དང་དྲ་ཐོག་ནས་སྤུས་ལེགས་ཞིང་ལས་ཐོན་རྫས་བྲིན་ཚོང་ཐུབ་པ་བྱེད་དགོས”ཞེས་གྲོས་འགོ་བཏོན་པ་རེད།