གཅིག ཁག་མེད་ཁྲིམས་འགལ་ཡིན་པའི་རྒྱུ་མཚན་ཚུགས་ཐུབ་མེད་པའི་གནས་ཚུལ་འོག འདྲ་པར་བདག་པོའི་མོས་མཐུན་མ་འཐོབ་པར་དེའི་འདྲ་པར་སྤྱོད་པའི་བྱ་སྤྱོད།
འདྲ་པར་བདག་པོའི་མོས་མཐུན་མ་འཐོབ་པར་དེའི་འདྲ་པར་སྤྱོད་པའི་བྱ་སྤྱོད་ལ་མི་གཞན་གྱི་འདྲ་པར་འོས་མིན་སུ་སྤྱོད་པ་ཡང་ཟེར། འོས་མིན་སུ་སྤྱོད་པ་དེར་ཁེ་བབས་དམིགས་ཡུལ་འཛིན་པ་དང་ཁེ་བབས་དམིགས་ཡུལ་འཛིན་པ་མ་ཡིན་པའི་ཚུལ་མིན་བེད་སྤྱོད་གཉིས་སུ་དབྱེ་སྲོལ་ཡོད།ང་ཚོས་ཁེ་བབས་དམིགས་ཡུལ་མི་འཛིན་པའམ་ཡང་ན་པར་དབང་ཅན་གྱི་མོས་མཐུན་འཐོབ་རྗེས། ཁེ་བབས་དམིགས་ཡུལ་འཛིན་པ་མ་ཡིན་ཕྱིར་རང་འདོད་བཞིན་སྤྱི་དམངས་ཀྱི་འདྲ་པར་བེད་སྤྱོད་ཆོག་པར་ངོས་འཛིན་བྱ་མི་རུང་།
མི་རང་གི་མོས་མཐུན་མ་འཐོབ་པ་དང་ཁེ་བབས་དམིགས་ཡུལ་འཛིན་པ་མ་ཡིན་པར་མི་གཞན་གྱི་འདྲ་པར་བེད་སྤྱོད་བྱེད་པའི་བྱ་སྤྱོད་ནང་། ཁག་མེད་ཁྲིམས་འགལ་གྱི་རྒྱུ་མཚན་ལྡན་པའི་བྱ་སྤྱོད་ཁོ་ན་ཁྲིམས་མཐུན་བྱ་སྤྱོད་དུ་བརྩི་རུང་། དཔེར་ན། གསར་འགྱུར་སྤེལ་བ་དང་།སྤྱི་བདེ་ལས་ཁུངས་ཀྱིས་ཉེས་བསགས་དོགས་ཡོད་མི་སྣ་འཛིན་བཟུང་བཅས་བྱ་ཕྱིར་འགུགས་བཟུང་བཀའ་རྒྱ་བཀྲམ་པ་སོགས་ལྟ་བུ།
འདྲ་པར་བདག་བཟུང་དང་། བེད་སྤྱོད། ཐག་གཅོད་བཅས་བྱེད་དབང་ནི་སྤྱི་དམངས་རང་ཉིད་ཁོ་ནར་ཡོད་ཅིང་། རང་གིས་མོས་མཐུན་བྱས་མེད་ཚེ་གཞན་ལ་དབང་ཆ་ཡོད་པ་མིན། འདྲ་པར་གྱི་བདག་དབང་ལ་བཙན་གནོད་བྱས་པའི་བྱ་སྤྱོད་ནི། ཁེ་བབས་དམིགས་ཡུལ་འཛིན་མིན་ཙམ་མ་ཡིན་པར་སྤྱི་དམངས་ཀྱི་འདྲ་པར་སྒེར་བདག་དབང་ཆར་བརྩི་འཇོག་བྱེད་མིན་ལ་ཐུག་ཡོད། དེར་བརྟེན། དམིགས་ཡུལ་ཅི་འདྲ་ཞིག་ཡིན་རུང་། སྤྱི་དམངས་ཀྱི་འདྲ་པར་བསྐྱར་དཔར་དང་། བརྒྱུད་བསྐུར། འགྲེམ་སྟོན་སོགས་བྱེད་སྐབས་སྤྱི་དམངས་ཀྱི་མོས་མཐུན་འཐོབ་དགོས། དེ་ལྟར་མ་བྱས་ཚེ་འདྲ་པར་དབང་ཆར་བཙན་གནོད་བྱས་པར་གྲུབ་སྲིད།
འདྲ་པར་བརྩམས་ཆོས་བེད་སྤྱོད་བྱེད་པར་འདྲ་པར་བདག་པོའི་མོས་མཐུན་ཐོབ་ཡོད་ཀྱང་།བེད་སྤྱོད་བྱེད་མཁན་གྱིས་བདག་པོའི་ཁས་ལེན་ལས་བརྒལ་བའི་ཡུལ་དུས་སུ་སྤྱད་ཚེ།འདྲ་པར་བདག་པོར་དོན་དངོས་སུ་གྱོང་གུན་བཟོས་ཡོད་མེད་ལ་མ་བལྟོས་པར་ཚང་མར་དབང་ཆ་བཙན་གནོད་ཀྱི་འགན་འཁྲི་འཁུར་དགོས།འོན་ཀྱང་གནས་ཚུལ་འདི་རིཊ་སྤྱིར་བཏང་བྱས་ན་གན་རྒྱའི་འབའ་འགལ་འགན་འཁྲིའི་གནད་དོན་ལ་གཏོཊ་པ་ཞིག་ལོས་ཡིན།
གཉིས། མི་གཞན་གྱི་འདྲ་པར་རང་འཚམ་གྱིས་བཟོ(འདྲ་པར་ཉར་བའང་ཚུད)བ། སོ་སོ་རང་ཉིད་ཀྱི་མོས་མཐུན་མ་འཐོབ་པར་མི་གཞན་གྱི་འདྲ་པར་བཟོ་བ་དང་བདག་བཟུང་བྱས་པའི་བྱ་སྤྱོད་ནི་པར་རྒྱག་མཁན་གྱི་ངོས་ནས་མི་གཞན་ལ་ལྐོག་པར་བརྒྱབ་པའི་བྱ་སྤྱོད་རེད།
འདྲ་པར་ནི་སྤྱི་དམངས་ཀྱི་མི་གཞི་ཕྱི་རུ་མངོན་ཚུལ་ཞིག་ཡིན་སྟབས་རང་གི་གཟུགས་བརྙན་བསྐྱར་དུ་ཕྱིར་མངོན་བྱ་མིན་ནི་རང་ཉིད་ཁོ་ནས་ཐག་ཆོད་པ་ཞིག་ཡིན། འདྲ་པར་བརྩམས་ཆོས་བཟོ (དཔར་ལེན)བའི་དམིགས་ཡུལ་ནི་ཡོངས་བསྒྲཊ་སུ་ཁྱབ་སྤེལ་ལམ་ཡང་ན་སྒེར་གྱིས་ཉར་ཚགས་བྱེད་རྒྱུ་གཉིས་ཁྱད་མེད་གང་ཡིན་རུང་། འདྲ་པར་དབང་ཆ་བརྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དུ་གྲུབ་པ་ཡིན། ཡང་གཅིག་བཤད་ན། ཡོངས་བསྒྲགས་སུ་བེད་སྤྱོད་བྱས་པ་མ་ཡིན་ནའང་དབང་ཆ་རྡོག་རོལ་གཏོང་བར་གཅིག་མཚུངས་སུ་གྲུབ་ཡོད། དཔེར་ན། དཔར་ཁང་གིས་རང་འཚམ་ངང་སྐུ་མགྲོན་གྱི་འདྲ་པར་བསྐྱར་བཀྲུ་ཉར་ཚགས་བྱས་པ་ལྟ་བུ།
གསུམ། མི་གཞན་གྱི་འདྲ་པར་སྨ་འབེབས་དང་ཉམས་ཆག་བཟོ་བ་སྟེ། ཚུལ་མིན་བྱ་སྤྱོད་སྤེལ་མཁན་གྱིས་སྨ་འབེབས་དང་། སྒྲོ་སྐུར། བཙོག་སྐྱོན། རྩ་མེད་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་གཞན་གྱི་འདྲ་པར་བཙན་གནོད་དང་མི་གཞན་གྱི་འདྲ་པར་གྱི་ཆ་ཚང་རང་བཞིན་ལ་གཏོར་བཤིག་གཏོང་བ། མི་གཞན་གྱི་འདྲ་པར་ནོག་བཅོས་དང་། བསྒྱུར་བཟོ། མེ་སྲེག དབྲལ་བའམ་ཡང་ན་མགོ་འཇུག་ལྡོག་ནས་འགེལ་བ་བཅས་ཚུད་པའི་བྱ་སྤྱོད་ནི་འདྲ་པར་དབང་ཆ་བཙན་གནོད་བྱས་པར་གྲུབ་ཡོད་པ་མ་ཟད། ད་དུང་རྟག་ཏུ་མཚན་སྙན་ཁེ་དབང་བཙན་གནོད་བྱས་པར་གྲུབ་སྲིད། །
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)