གླེང་གཞི།
རྒན་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང《ཨ་ཁུ་ཐོད་པ་ལ་བཅར་འདྲིར་ཕྱིན་པ》ལ། དེ་སྔོན་རྒན་བདུད་ལྷ་རྒྱལ་གྱིས《ཆེས་ཀློང་ཡངས་པའི་མཛེས་དཔྱོད་ཀྱི་འཇིངས་སུ་དཔུང་འཇུག་བྱ་བ》ཞེས་པའི་རྩོམ་དུ། "བརྩམས་ཆོས་རང་ཉིད་སྤྱིར་མི་སྣ་གསུམ་གྱི་ལྷུག་བརྗོད་ཀྱིས་གྲུབ་ཀྱང་། ཨ་ཁུ་ཐོད་པའི་ངོ་བོའམ་རང་བཞིན་ཡང་མི་སྣ་གསུམ་གྱི་མཐོང་སྣེ(ཙྩིནྠ)ནས་གྲུབ་པ་ཡིན།--དོན་གྱིས་བསྐྱར་ཟློས་ཀྱི་ཚུལ་འདིའི་སྟེང་ནས་ད་གཟོད་དོན་གྱི་འགག་རྩ་མངོན་པར་བྱས་ལ། རྩོམ་གྱི་ལྷུག་བརྗོད་ཀྱི་དགེ་མཚན་ཡང་མངོན་པ་ཡིན། བརྩམས་སྒྲུང་འདིའི་ཐུན་མིན་གསར་རྩོམ་གྱི་ཆའང་འདི་ན་ཡོད"བདུད་ལྷ་རྒྱལ། 《འཚོལ་རྟོག་སྙིང་སྟོབས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P89 ཅེས་རྩོམ་རིག་གི་བསམ་བློའི་མཐོ་ཚད་ཅིག་ནས་བརྩམས་སྒྲུང་དེ་ལ་དཔྱད་པ་བགྱིས་ཡོད། འོན་ཀྱང་རྒན་ཁོང་རང་གི་རྩོམ་དུ་བརྩམས་སྒྲུང་དེའི་དོན་བརྗོད་བྱེད་སྟངས(གྞུངྦྷཀྲུཀྭ)སྐོར་ལ་ད་དུང་རྒྱས་བཤད་ཡིད་ཚིམ་པ་ཞིག་བྱེད་ཐུབ་མི་འདུག་པས། ཕྲན་གྱིས་ཐེངས་འདིར་དམིགས་བསལ་གྱིས་རྒན་ཁོང་གི་བསམ་བློའི་རྨང་ཐོག་ནས་བསྐྱར་དུ་བརྩམས་སྒྲུང་འདིའི་ཐུན་མིན་གྱི་དོན་བརྗོད་བྱེད་སྟངས་ཐད་ལ། རང་ནུས་ཅི་ལྕོགས་ཀྱི་ཁ་གསབ་ཅུང་རྒྱག་འདོད་བྱུང་བ་ནི་རྩོམ་འདི་ལ་འཇུག་པའི་སྔོན་འགྲོའི་ཀུན་སློང་ཡིན།
དང་པོ། རྩོམ་གྱི་བསྐྱར་ཟློས་དོན་བརྗོད་སྐོར།
"བརྩམས་སྒྲུང་ནི་སྒྲུང་བཤད་པ་ཡིན་མོད། འོན་ཀྱང་དེའི་དགེ་མཚན་ནི་སྒྲུང་ཇི་ལྟར་བཤད་པའི་སྟེང་ནས་མངོན་པ་ལས་སྒྲུང་རང་གི་སྟེང་ན་མེད" ཞྀིཉྼི《གྱཽནྠིལྐཊྲཱརཱོ》 ཥྠངྒྷངྔྷིདླྀསྤིཝཥླྀསྤིཝ 2010ཤྒ8ནྙེ1ཎེཾ P 268ཅེས་པ་བཞིན། ང་ཚོས་བརྩམས་སྒྲུང་འདིའི་རིན་ཐང་རྟོགས་དགོས་ན། ཐོག་མར་ངེས་པར་དུ་དེའི་ཐུན་མིན་གྱི་སྒྱུ་རྩལ་ནས་མགོ་བརྩམ་དགོས། བརྩམས་སྒྲུང《ཨ་ཁུ་ཐོད་པ་ལ་བཅར་འདྲིར་ཕྱིན་པ》ནི། 《དམངས་ཁྲོད་རྩོམ་རིག》དུས་དེབ་ཁང་གི"ང"ཡིས་ཨ་ཁུ་ཐོད་པའི་གནས་ཚུལ་རྒྱུས་ལོན་བྱེད་ཆེད། རྣ་ལུང་སྡེ་བར་སོང་ནས་གནས་ཚུལ་ལ་འདྲི་རྟོག་བྱས། རྒྱུས་ལོན་གྱི་རྒྱུ་ཆའི་ཡོང་ཁུངས་ལ་གསུམ་སྟེ། ལུག་རྫི་རྒད་པོ་དར་རྒྱས་དང་། བཀྲ་ཤིས་དོན་གྲུབ་ཀྱི་ཨ་ཕ་ཨ་ཁུ་ནམ་མཁའ་དང་། ཨ་ཁུ་ཐོད་པའི་བུ་མོ་ཆོས་འཚོ་བཅས་སོ།། འདི་གསུམ་གྱི་ལྷུག་བརྗོད་ལས་ཨ་ཁུ་ཐོད་པ་གཏན་ལ་དབབ་དགོས་པ་ཡིན། འོན་ཀྱང་སོ་སོའི་བཤད་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེ་སྟེ།"བདུད་ལྷ་རྒྱལ། 《འཚོལ་རྟོག་སྙིང་སྟོབས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P 86བལྟ་བདེ་བའི་ཆེད་གཤམ་གྱི་ཨང་རིམ་ནང་བཞིན།
A ལུག་རྫི་རྒད་པོ་དར་རྒྱས་ཀྱི་ལྷུག་བརྗོད་ཁྲོད་ཀྱི་ཨ་ཁུ་ཐོད་པ། ༡ ཆུང་དུས་སུ་སྒྲུང་བཤད་མི་ཤེས་ལ། དགོན་པར་ཞུགས་རྗེས་སུ་སྒྲུང་ལ་ཞུགས་པ་ཡིན། ༢ དགོན་པའི་སྒྲིག་ལམ་དང་འགལ་ནས་ཚོགས་གྲལ་ནས་ཕྱིར་བསྐྲད་མཁན་ཞིག ༣ རིག་གསར་སྐབས་སུ་ལྷ་སྐུ་བཅོམ་ཞིང་སྒྲུང་དེབ་མེར་སྲེག་མཁན་གྱི་མི་སྣ་ཐ་ཤལ་ཞིག ༤ རང་འགུལ་གྱིས་བུད་མེད་ཅིག་དང་གཉེན་བསྒྲིགས་པ།
B ཨ་ཁུ་ནམ་མཁའ་ཡི་ལྷུག་བརྗོད་ཁྲོད་ཀྱི་ཨ་ཁུ་ཐོད་པ། ༡ ཆུང་དུས་ནས་སྒྲུང་ལ་མཉན་རྒྱུར་དགའ་བའི་བྱིས་པ་ཞིག ༢ དགོན་པའི་ཁྲིམས་དང་འགལ་ནས་དགོན་པ་ནས་ཕྱིར་བསྐྲད་མཁན་ཞིག་མ་ཡིན་པ། ༣ རིག་གསར་དུས་སུ་སྒྲུང་གི་བཤད་རྒྱུན་མི་ཆད་པའི་ཕྱིར། ད་གཟོད་གེ་སར་ལྷ་སྐུ་བཅོམ་ནས་དེབ་གསེར་བྲིས་མ་མེ་ལ་བསྲེགས་པའི་ཐབས་བཀོད་སྤྱད་པ་ལས་རང་དོན་མ་ཡིན་པ། ༤ དམར་སྲུང་དམག་གིས་བཀའ་གནོན་གྱི་འོག་ནས་ད་གཟོད་བུད་མེད་དེ་དང་གཉེན་བསྒྲིགས་པ། ༥ དམངས་ཁྲོད་རྩོམ་རིག་གི་རྒྱུ་ཆ་བསྡུ་སྒྲིག་ལ་དགའ་བའི་མི་ཞིག
C བུ་མོ་ཆོས་འཚོ་ཡི་ལྷུག་བརྗོད་ཁྲོད་ཀྱི་ཨ་ཁུ་ཐོད་པ། ༡ རང་གི་བུ་མོ་ལ་བྱམས་ཤིང་བརྩེ་བའི་ཕ་བཟང་པོ་ཞིག་དང་། ༢ ཕ་མ་གཉིས་ནི་རིག་གསར་སྐབས་སུ་སྡུག་གི་ཁུར་བོ་མཉམ་ཁུར་གྱི་འོག་ནས། ཕན་ཚུན་ལ་བྱམས་ཤིང་བརྩེ་བའི་བཟའ་ཟླ་རུ་གྱུར་པ།
ང་ཚོས་གོང་ནས་མཐོང་བའི་དོན་བརྗོད་བྱེད་སྟངས་དེའི་རིགས་ལ་དོན་བརྗོད་རིག་པའི་གཞུང་ལུགས་སུ"བསྐྱར་ཟློས་དོན་བརྗོད"(རྦྦཱཁྭེགྞུངྦྷ)ཟེར་ལ། རི་ནཱལ་ཐིག(ཌྜྷྱཤཻཨིཾ)གིས་དོན་བརྗོད་དང་སྐད་བརྡའི་འབྲེལ་བའི(གྞུངྦྷདྔྷཱཏྲཱིདྒུ)སྐོར་གླེང་སྐབས། A"དོན་གཅིག་ལ་བརྗོད་པ་ཐེངས་གཅིག་ཅན། B དོན་མང་པོ་ལ་བརྗོད་པ་ཐེངས་མང་པོ་ཅན། C དོན་གཅིག་ལ་བརྗོད་པ་ཐེངས་མང་པོ་ཅན། D ཐེངས་གཅིག་ལ་དོན་མང་པོ་བརྗོད་པ་ཅན་བཅས་རིགས་བཞིར་དབྱེ་ནས། དེ་དག་གི་དགེ་མཚན་དང་བྱེད་ནུས་ཀྱང་དེར་ཞིབ་པར་གསུངས་ཡོད། བརྩམས་སྒྲུང་འདིར་མཚོན་ན། རིགས་གསུམ་པ་སྟེ"དོན་གཅིག་ལ་བརྗོད་པ་ཐེངས་མང་པོ་ཅན་ཞེས་པ་དེ་ཡིན།" དེ་ནི་བརྗོད་བྱའི་དོན་གཅིག་ལ་དོན་བརྗོད་ཐེངས་མང་པོ་བྱས་ཆོག་པ་དེ་ཡིན། དཔེར་ན། རྩོམ་འདིས་ཐོག་མར་རྩོམ་པ་པོས་མི་སྣ་མི་འདྲ་བ་གསུམ་གྱི་ལྷུག་བརྗོད་ནས་ཨ་ཁུ་ཐོད་པའི་ལོ་རྒྱུས་རེ་རེ་བཤད་ཡོད་ལ། སྤྱིར་མི་དེ་འདྲ་མང་པོ་ཞིག་གི་ལྷུག་བརྗོད་ནས་ང་ཚོས་ཨ་ཁུ་ཐོད་པའི་ངོ་བོ་གང་འདྲ་ཞིག་ཡིན་མིན་ཐད་ལ་ངོས་འཛིན་གསལ་པོ་ཞིག་དགོས་མོད། ཡིན་ཡང་རྩོམ་རང་གི་ཐུན་མིན་གྱི་དོན་བརྗོད་བྱེད་སྟངས་ལས། རྩོམ་གྱི་མི་སྣ་ཕན་ཚུན་གྱི་ལྷུག་བརྗོད་དང་ལྷུག་བརྗོད་ཀྱི་བར་ལ་རིམ་གྱིས་འགལ་བ་དང་རྙོག་དྲ་བྱུང་ནས། ལྷུག་བརྗོད་སྔ་མ་དག་གིས་བཞེངས་པའི་བདེན་པ་ཡོད་ཚད། ལྷུག་བརྗོད་ཕྱི་མའི་འཇིག་རྟེན་ལ་སླེབས་དུས། ཡོད་ཚད་འཛེམ་དོགས་ཅི་ཡང་མེད་པའི་སྒྲོམ་བཤིག(ནླཾགྷྲཱ)ཅིག་ལས། ཨ་ཁུ་ཐོད་པའི་ངོ་བོ་ག་འདྲ་ཞིག་ཡིན་མིན་ཐད་ལ་འབྲས་བུ་གསལ་པོ་ཞིག་བཤད་རྒྱུ་གཏན་ནས་མ་བྱུང་། དེར་བརྟེན་དེ་ལྟ་བུའི་བསྐྱར་ཟློས་དོན་བརྗོད་ཀྱི་སྒྱུ་རྩལ་བློས་བསླངས་འོག ད་གཟོད"རྩོམ་པ་པོས་རྩོམ་གྱི་བསྟན་དོན་གྱི་ཁུངས་དེ་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་བསྲིངས་ནས། ཆོས་ཐམས་ཅད་འགྲེལ་བའི(ནླཾངྒྷྱ)བདག་ཉིད་ཅིག་ལས་རང་བཞིན་གྱིས་གྲུབ་པ་མེད་པར(ཀྨཾཌྷྭཧྥིགྥི)བསྟན་པའོ།། དོན་གྱིས་ཨ་ཁུ་ཐོད་པ་དང་བཅས་པའི་ཡུལ་ལ་ཤེས་རྟོགས་འོང་བ་དེ་རྒད་པོ་དར་རྒྱས་དང་། ཨ་ཁུ་ནམ་མཁའ། བུ་མོ་ཆོས་མཚོ་དང་བཅས་པའི་མཚམས་སྦྱོར་བའི་འགྲེལ་པ་བརྒྱུད་དེ་འོང་དགོས་པ་ཞིག་ཡིན་པས། མཐར་གཏུགས་ན་ཤེས་འདོད་ཀྱི་གང་ཟག་སུ་ཡིན་ཡང་རང་གིས་འབྲེལ་གཏུག་བྱ་སའི་ཤེས་བྱའི་ཡོང་ཁུངས་མི་འདྲ་བའི་ཆ་ནས་ཆོས་གང་ལ་ངོས་འཛིན་མི་འདྲ་བ་རེ་རེ་འཐོབ་རྒྱུ་ལས། མཐར་ཐུག་གི་ཡང་དག་པའི་བདེན་ལུགས་ཤིག་རྙེད་རྒྱུ་མེད"ལྟ་བུའི་རྩོམ་རིག་གི་བསམ་བློའི་དགོངས་དོན་རྒྱ་ཆེན་པོ་ཞིག དེ་ལྟ་བུའི་དོན་བརྗོད་ཀྱི་སྒྱུ་རྩལ་ཐབས་ལམ་ཁྲོད་ཡོངས་སུ་མཚོན་པར་བྱེད་ཐུབ་པ་དེ་ཡིན།
གཉིས་པ། རྩོམ་གྱི་མདོ་ཐག་ནང་མའི་ལྷུག་བརྗོད་མཐོང་སྣེའི་སྐོར།
བརྩམས་སྒྲུང་གིས་མི་སྣ་སུ་ཞིག་གི་ཁ་ནས་དོན་དེ་ལྷུག་བརྗོད(གྞུཏྨཱ)བྱ་རྒྱུ་དང་། ལྷུག་བརྗོད་དེ་ཡང་མཐོང་སྣེ(ཙྩིནྠ)ག་འདྲ་ཞིག་ནས་ཕར་བལྟ་རྒྱུ་གཉིས་ལ་ཁྱད་པར་མཆིས་ལ། དེ་བས་དོན་བརྗོད་མཐོང་སྣེ་(ཙྩིནྠ)ཡིས་འདེམ་གསེས་ནི་བརྩམས་སྒྲུང་ལ་མཚོན་ན། ཁྲོམ་རའི་ཚོང་ཟོག་ཇི་བཞིན་གང་འདོད་ཀྱིས་སྤྱོད་ཆོག་ཆོག་ཞིག་མ་ཡིན་པར། མཐོང་སྣེ་ཡིས་འདེམ་གསེས་ནི་མདོར་ན་རྩོམ་གྱི་རིན་ཐང་གི་འདེམ་གསེས་དང་ཁྱད་པར་ཅི་ཡང་མེད།
དེ་བས་གོང་ནས་བརྗོད་པ་ནང་བཞིན། བརྩམས་སྒྲུང་ཁྲོད་ཀྱི་ཨ་ཁུ་དར་རྒྱས་དང་། ཨ་ཁུ་ནམ་མཁའ་དང་ཡང་ན་བུ་མོ་ཆོས་མཚོ་གསུམ་གྱི་ལྷུག་བརྗོད་ལ། དེ་ལྟ་བུའི་བསྐྱར་ཟློས་རང་བཞིན་ཅན་གྱི་དོན་བརྗོད་ཅིག་རྩོམ་དུ་ཐོན་དོན་ནི། རྩོམ་པ་པོས་རྩོམ་འདིར་བདམས་པའི་མཐོང་སྣེ་དང་འབྲེལ་བ་ཆེ་ཆེར་ཡོད། བརྩམས་སྒྲུང་《ཨ་ཁུ་ཐོད་པ་ལ་བཅར་འདྲིར་ཕྱིན་པ》ལ་ང་ཚོས་ཞིབ་ཏུ་བཀླགས་ནས་ཚོར་ཐུབ་པ་ཞིག་ནི། བརྩམས་ཆོས་ཁྲོད་ཀྱི་མི་སྣ་དེ་གསུམ་པོས་ཨ་ཁུ་ཐོད་པ་གང་འདྲ་ཞིག་ཡིན་མིན་ཐད་ལ་ལྷུག་བརྗོད་བྱེད་དུས་སུ། ཁོ་ཚོ་གསུམ་པོས་རང་རང་གི་ཤེས་པའི་ཁྱབ་ཁོངས་ཁྲོད་ཀྱི་ཨ་ཁུ་ཐོད་པ་བརྗོད་རྒྱུ་ལས། རང་གི་ཤེས་པའི་ཁྱབ་ཁོངས་ལས་བརྒལ་བའི་དོན་གྱི་སྐོར་ལ་ལྷུག་བརྗོད་གཅིག་ཀྱང་བྱས་མེད། དཔེར་ན། རྩོམ་གྱི་མི་སྣ་ཨ་ཁུ་དར་རྒྱས་ཀྱིས་ཤེས་པའི་དོན་དེ་ཨ་ཁུ་ནམ་མཁའ་དང་བུ་མོ་ཆོས་མཚོ་གཉིས་ཀྱིས་མི་ཤེས་ལ། དཔེ་དེ་བཞིན་བུ་མོ་ཆོས་མཚོ་དང་ཨ་ཁུ་ནམ་མཁའ་གཉིས་ཀྱིས་ཤེས་པའི་དོན་དེ་ཡང་མི་སྣ་གཞན་གཉིས་ཀས་མི་ཤེས་པ་ལྟ་བུ། དོན་བརྗོད་རིག་པའི་གཞུང་ལུགས་སུ་མཐོང་སྣེ་དེ་རིགས་ལ"མདོ་ཐག་ནང་མ་མང་རྩེག་ཅན"(ཐཱོརྦྦཱགྠིཤཱིབིཾནྡུ)གྱི་མཐོང་སྣེ་ཟེར་ལ། དེ་ནི"དོན་བརྗོད་བྱེད་པོ་མི་འདྲ་བའི་མཐོང་སྣེ་ནས་དོན་གཅིག་ལ་དོན་བརྗོད་བྱེད་མོད། ཡིན་ཡང་དོན་བརྗོད་བྱེད་པོ་སུ་ཡིན་ཡང་། རང་གི་ཤེས་པའི་ཁྱབ་ཁོངས་ཀྱི་བརྡ་འཕྲིན་ཐད་ལ་ལྷུག་བརྗོད་བྱ་རྒྱུ་ལས། རང་གི་ཤེས་པ་ལས་བརྒལ་བའི་བྱ་བའི་སྐོར་ལ་དོན་བརྗོད་གཏན་ནས་བྱེད་མི་ཆོག" འདི་ནི་རྩོམ་པ་པོས་རྐང་བཙུགས་ནས་རྩོམ་འདིའི་བསྟན་དོན་གྱི་ཆེད་དུ་འདེམ་པའི་མཐོང་སྣེ་ཞིག་དང་། རྩོམ་རང་ལའང་མཚོན་ནའང་། མཐོང་སྣེ་དེ་ལྟ་བུ་ཞིག་གི་རྨང་ཐོག་ནས། རྩོམ་གྱི་མི་སྣ་དག་གིས་བཤད་པའི་བརྡ་འཕྲིན་གྱི་བར་ལ་འགལ་བ་དང་བསྐྱར་ཟློས་འབྱུང་ཐུབ་ལ། འགལ་བ་དང་བསྐྱར་ཟློས་ལས། ད་གཟོད་རྩོམ་གྱི་བསྟན་དོན་ཉིད་དེ་འདྲའི་གྱ་ནོམ་ཕུན་སུམ་ཚོགས་ལ་གཏིང་ཟབ་པོའི་བསམ་བློའི་མཐོ་ཚད་ཅིག་ནས་མཚོན་ཐུབ་པ་དེའོ།།
དེར་བརྟེན་ང་ཚོས་ཟུར་གཞན་ཞིག་ནས་བསམ་བློ་བཏང་ན། གལ་ཏེ་རྩོམ་འདི་ལ་རྩོམ་པ་པོས་སྲོལ་རྒྱུན་བརྩམས་སྒྲུང་གི་མདོ་ཐག་ཐིག་ལེ(ཛྷྫྷཱནྡུབིཾ)ཅན་གྱི་ཀུན་ཤེས་ཀུན་མཁྱེན་གྱི་མཐོང་སྣེ་ནས་གསར་རྩོམ་གནང་ཡོད་ཚེ། ང་ཚོས་མིག་ལམ་དུ་མཐོང་རྒྱུ་ཡོད་པ་ནི། ཨ་ཁུ་ཐོད་པས་དམངས་ཁྲོད་རྩོམ་རིག་གི་ཆེད་དུ་སྡུག་བསྔལ་ཅི་འདྲ་མྱངས་པའི་འཚོ་བའི་གཏམ་རྒྱུད་ཙམ་ལས། སྒྱུ་རྩལ་གྱི་ནང་བཅུད་འཛོམས་ཤིང་བསམ་བློ་ཡི་གཏིང་ཚད་ཡོད་པའི་བརྩམས་ཆོས་འདི་ལྟ་བུ་ཞིག་ཏུ་ཆགས་ག་ལ་སྲིད།
གསུམ་པ། རྩོམ་གྱི་དོན་བརྗོད་དུས་ཚོད་སྐོར།
བརྩམས་སྒྲུང་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན། དེ་ནི་དུས་ཚོད་ཀྱི་སྒྱུ་རྩལ་དང་དེའི་རོལ་རྩེད་ཀྱི་རྣམ་པ་ཞིག་ཀྱང་ཡིན། བརྩམས་སྒྲུང་ཁྲོད་ཀྱི་དུས་ཚོད་ནི་རང་བྱུང་དུས་ཚོད(ཙྼཌྷཱངཱཾདྷྲ)ཀྱི་འགྱུར་གཟུགས(གྱགྡ)ཀྱི་རྣམ་པ་ལས། རང་བྱུང་དུས་ཚོད་ཀྱི་ལབ་འབྲི་ནི་ཡིན་ག་ལ་རུང་། གལ་སྲིད་རྩོམ་པ་པོ་སུ་ཞིག་གིས་རང་བྱུང་དུས་ཚོད་ཀྱི་རྣམ་པ་ནས་གསར་རྩོམ་ལ་ཞུགས་ཡོད་ཚེ། དེ་ནི་བརྩམས་སྒྲུང་གི་ངོ་བོ་དང་རྒྱབ་འགལ་དུ་གྲུབ་པའི་སྨྱོ་རྟགས་ཤིག་ལས། ང་ཚོས་དེར་བརྩམས་སྒྲུང་རེད་མི་བསམ།
དོན་བརྗོད་རིག་པའི་རྩོམ་གཞུང་དུ་བརྩམས་སྒྲུང་གི་དུས་ཚོད་ལ། "དོན་དེ་དངོས་ཡོད་འཚོ་བའི་ཁྲོད་ན་དགོས་པའི་སྒྲུང་གི་དུས་ཚོད(ངཱཾངྦྷངཱཾདྷྲ)དང་། དོན་དེ་རྩོམ་གྱི་དོན་བརྗོད་གོ་རིམ་ཁྲོད་དུ་དགོས་པའི་སྐད་བརྡའི་དུས་ཚོད་བཅས་རིགས་གཉིས་སུ་དབྱེ་ནས། (ཏྲཱིདྒུངཱཾདྷྲ)"བརྩམས་སྒྲུང་ལ་ཕྱི་མ་དེ་རང་གིས་འབད་བྱ་དང་བསམ་བློ་གཏོང་བྱའི་དམིགས་བྱ་ལས་སྔ་མ་དེ་མིན། བརྩམས་སྒྲུང་འདི་ལ་མཚོན་ན། དོན་བརྗོད་དུས་ཚོད་ཀྱི་ཐད་ནས་གོ་རིམ་ལྡོག་སྟེ་བརྗོད་པའི་དུས་ཚོད་ཀྱི་རྣམ་པ་ནས་རྩོམ་འབྲི་གནང་ཡོད་ལ། དེ་ལྟ་བུའི་དུས་ཚོད་ཀྱི་རྣམ་པ་ཞིག་རྩོམ་ལ་འཇུག་དོན་ནི། གཅིག་ནི། དེ་ནི་འཛམ་གླིང་ན་སྐད་དུ་གྲགས་པའི་སྒྲུང་ཐུང་བརྩམས་སྒྲུང་སྤྱིའི་ཐུན་མོང་གི་རྩོམ་འབྲི་བྱེད་སྟངས་ཤིག་དང་། དེ་ལྟར་བཀོད་ན་རྩོམ་གྱི་སྒྲིག་གཞི་ཚགས་དམ་ཞིང་དགོས་མེད་ཀྱི་ཡིག་ཚོགས་མི་འབྱུང་བའི་ཆེད་ཡིན་ལ། གཉིས་ནི། བརྩམས་སྒྲུང་འདིའི་དམིགས་བསལ་རང་བཞིན་ཅན་གྱི་དགེ་མཚན་ཏེ། གོ་རིམ་ལྡོག་སྟེ་བརྗོད་པ་ཡིན་ཚེ། དེས་བྲི་བྱ་ནི་འདས་ཟིན་གྱི་དོན་ཞིག་ལས་མ་འོངས་དང་ད་ལྟ་འབྱུང་གིན་པའི་དོན་ནི་ཡིན་མི་སྲིད། དེར་བརྟེན་མི་སུ་དང་སུ་ཞིག་ཡིན་རུང་། འདས་སོང་ལ་ཕྱིར་དྲན་བརྒྱུད་དེ་དེའི་བདེན་པ་ཞིག་བཤད་དགོས་ན། བདེན་པ་དེ་ཉིད་རྗོད་མཁན་མི་སྣ་རང་ཉིད་ཀྱི་ཚོར་དང་མ་ཚོར་གྱི་ཤེས་པའི་བར་ནས། དེ་ལ་འདེམ་གསེས་དང་ཡང་ན་རང་གི་ཁྱད་ཆོས་དང་མཐུན་པའི་བདེན་པའི་ངོ་བོ་ཞིག་བརྗོད་རྒྱུ་ལས། བདེན་པའི་དངོས་ཡོད་ཇི་མ་ཇི་བཞིན་ཞིག་འདིར་གཏན་ནས་བརྗོད་མི་ཐུབ། དེ་བས་རྩོམ་གྱི་མི་སྣ་གསུམ་གྱིས་རང་རང་གི་ཡུལ་ནས་བདེན་པ་དེ་ལ་ཆེས་བཅོས་མིན་གྱི་ལྷུག་བརྗོད་ཅིག་བྱས་ཡོད་ནའང་། བརྩམས་སྒྲུང་རང་གིས་རྩོམ་དུ་བཀོད་པའི་དུས་ཚོད་ཀྱི་ཁྱད་ཆོས་དབང་གིས། རྩོམ་གྱི་མི་སྣ་སུས་ལྷུག་བརྗོད་བྱས་ཀྱང་བདེན་པ་དེ་ངོ་བོ་ཉིད་ཡིན་མི་སྲིད་ལ། དེ་ནི་རྩོམ་གྱི་དོན་བརྗོད་དུས་ཚོད་ཀྱི་ངོ་བོ་ནས་ཐག་བཅད་པའི་རྟེན་འབྲེལ་གྱི་རྣམ་གཞག་དང་། རྩོམ་འདིའི་བརྗོད་བྱའི་བསྟན་དོན་སྟོན་པ་ལ་མེད་དུ་མི་རུང་པའི་དུས་ཚོད་ཀྱི་འདེམ་གསེས་ཁྱད་པར་བ་ཞིག་ཀྱང་ཅི་ལ་མིན།
མཇུག་བསྡུ་བའི་གཏམ།
གོང་གི་དབྱེ་ཞིབ་ལས་ང་ཚོས་རྟོགས་དགོས་པ་ཞིག་ནི། བརྩམས་སྒྲུང་ལ་མཚོན་ན། དེའི་ཡོད་ཚད་དོན་བརྗོད་དང་འབྲེལ་ནས་གླེང་དགོས་པ་ཞིག་ལས། ནང་དོན་ཞེས་རང་རྐྱ་ཐུབ་པའི་ཆོས་ཤིག་ལོགས་སུ་སྟོན་རྒྱུ་གཏན་ནས་མེད། དེ་བས་བརྩམས་སྒྲུང《ཨ་ཁུ་ཐོད་པ་ལ་བཅར་འདྲིར་ཕྱིན་པ》ལ་དེ་ལྟ་བུའི་གཏིང་ཟབ་པའི་རྩོམ་རིག་གི་བསམ་བློ་ཞིག་རྩོམ་ནང་གནས་ཐུབ་པ་ཡང་། གོང་ནས་བརྗོད་པའི་བསྐྱར་ཟློས་དོན་བརྗོད་དང་རྩོམ་གྱི་མཐོང་སྣེ། དུས་ཚོད་ཀྱི་འདེམ་གསེས་སོགས་སྒྱུ་རྩལ་གྱི་ཚད་མཐོ་བའི་གཅིག་གྱུར་དང་བློ་རྩལ་ལས་ཐོན་པ་ཡིན་པས། རྩོམ་རིག་གི་རྩ་དོན་དེ་ཡང་བསྐྱར་བདེན་དཔང་བྱས་འདུག དེར་བརྟེན་དེང་གི་བོད་ཀྱི་བརྩམས་སྒྲུང་གི་སོབ་སོབ་དང་ཆིག་རྐྱང་། བཙན་སྒྲིག་དང་བཅོས་མ། ཧྲབ་ཧྲིབ་དང་ཕྱི་དངོས་ཀྱི་རྣམ་པ་ཙམ་གྱི་དངོས་ཡོད་ལ་བསྒྱུར་བཀོད་གཏོང་དགོས་ན། ཐོག་མར་རྩོམ་པ་པོས་ངེས་པར་དུ་བརྩམས་སྒྲུང་དོན་བརྗོད་ནས་མགོ་རྩོམ་དགོས་པ་ནི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་གསར་བརྗེ་རང་བཞིན་ཅན་གྱི་འདེམ་གསེས་ཤིག་ལ་ངེས་པར་དུ་ཅི་ནས་ཀྱང་བརྩི་དགོས་པར་འདོད།།
ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ་རྒྱལ་ལོ་ཚེ་རིང་།