ཁྱེད་ཀྱིས་ཁྱེར་ཟིན་པ་ནི་ང་ཡི་བྱིས་དུས་ཁོ་ན་མིན། [ཞར་བཀོད་གཅིག]

རྩོམ་སྒྲིག་པ།ཁེར་བུ།ཡོང་ཁུངས། སྤེལ་དུས། 03-22


ཁྱེད་རང་ལམ་ལ་ཆས་སོང་།

 

དགུན་ཁ་ཧྲིལ་པོ་ཞིག་ང་ལ་བསྐྱུར་བྱུང་།

 

ཁྱེད་རང་ལམ་དེར་ཕྱོགས་ཏེ།

 

གནའ་བོའི་ཆོ་ག་ཞིག་གི་དོན་སྙིང་ཡོད་ཚད་ཀྱིས།

 

མཐོ་སྒང་འདིར་ཁེར་རྐྱང་གིས་ཉལ་ནས་ཡོད།

 

དགུན་ཁ་ཧྲིལ་པོར།

 

ཁ་བ་བབས་མ་བྱུང་།

 

ངས་ནི་རང་གི་དྲན་པ་ཁོ་ན་སྲུང་ཡོད།

 

ཁ་བར་སྒུག་པའི་སེམས་ཁམས་ཇི་བཞིན།

 

ངས་ཀྱང་ཁྱེད་ཉིད་ལ་སྒུག་ཡོད།

 

 

ཆུང་དུས་སུ།

 

ཁྱེད་ཀྱིས་ང་ཡི་ལག་མགོར་འཇུས་ཏེ།

 

ལག་པ་གཞན་ཞིག་གིས།

 

ང་ཡི་ཞིང་གྲོང་དང་སྟོན་ཁ་ལྷན་དུ་བཏེགས་ཡོད།

 

དུས་སྐབས་དེར།

 

ཡིད་བརྙན་གྱི་ལྟེ་བ་ལག་པ་ཡིན་མི་སྲིད་ལ།

 

དཀའ་སྡུག་གི་ལག་པ་དེ་བས་ཀྱང་ཡིན་མི་སྲིད།

 

ངེད་གཉིས་ལ་ཡོད་པ་ནི་བྱིས་པའི་རོལ་རྩེད་ཁོ་ན་སྟེ།

 

ཚོན་ཁྲའི་ཁ་དོག་ཕྱིར་ཕྱེ་ལེབ་ལ་སྤྲོད་པ་དང་།

 

བོར་བའི་འབྲུ་རིགས་ཕྱིར་ཙི་གུར་སྤྲོད་པའོ། །

 

 

རྨོ་མོ་ལགས།

 

ནམ་ཉི་མ་ཞིག་ལ།

 

ངས་ནི་རང་གི་བྱེད་ཐབས་ཀྱིས།

 

མེ་ལྕེ་ཕྱིར་ས་གཞི་ལ་སྤྲོད་རྩིས་ཡོད་ཅིང་།

 

མིའི་རིགས་ཀྱི་དགུན་ཁ་རེ་རེར།

 

ཁྱེད་ཀྱིས་ཁྱེར་ཟིན་པ་ནི།

 

ང་ཡི་བྱིས་དུས་ཁོ་ན་མ་ཡིན་པར།

 

 

ང་ནི།

 

ང་ནི་ས་སྨྱུག་མིན།

 

རང་ལུས་སྒོ་སམ་ལ་?ར་བཞིན་པའི་ས་སྨྱུག་དེ་ང་མིན།

 

ང་ནི་མ་གཞི་ནས་གསེར་འོད་ལམ་ལམ་གྱི་ཡི་གེ་དེ་ཡིན།

 

ཡི་གེའི་ཁོག་ཏུ་ཞུགས་པའི་སྲོག་གི་ང་རོ་དེ་ཡིན།

 

 

ང་ནི་འབར་ཞུན་མིན།

 

རང་ལུས་མུན་ནག་ལ་སྦར་བཞིན་པའི་འབར་ཞུན་དེ་མིན།

 

ང་ནི་མ་གཞི་ནས་ལམ་ལམ་འབར་བཞིན་པའི་མེ་ལྕེ་དེ་ཡིན།

 

མེ་ལྕེའི་ནང་རོལ་གྱི་མེ་སྙིང་དེ་ཡིན།

 

 

ང་ནི་གཏུན་ཤིང་མིན།

 

རང་མགོ་ཁྲག་ལ་སྒྲེ་གན་པའི་གཏུན་ཤིང་དེ་ང་མིན།

 

ང་ནི་མ་གཞི་ནས་རྣོ་དང་ལྕགས་ཀྱི་གཤིས་སུ་གྲུབ་པ་དེ་ཡིན།

 

རྣོ་ལྕགས་ཀྱི་ངོ་བོར་འཐིམ་པའི་སད་སྒྲ་རིང་མོ་དེ་ཡིན།

 

 

ང་ནི་གཅུས་གཟེར་མིན།

 

འཕྲུལ་འཁོར་གང་རུང་གི་མ་ལག་གསེབ་ཏུ་འཚངས་པ་དེ་ང་མིན།

 

ང་ནི་མ་གཞི་ནས་རང་ཉིད་ཅེས་པའི་གཟུགས་སུ་གྲུབ་ཡོད་པ་དེ་ཡིན།

 

གཞོགས་གཏུབ་དང་སྣོན་འཕྲི་བྲལ་བའི་རང་ཉིད་ཀྱི་མ་ལག་དེ་ཡིན།

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1