དབུལ་ཐར་གྱི་ཐབས་ལམ། ནུས་རྩལ་གྱི་གསོ་སྦྱོང་།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


        ཉིན་འདི་འགའི་རིང་དུ། སི་ཁྲོན་ཞི་ཝང་(希望)རླངས་འཁོར་ལག་རྩལ་པའི་སློབ་གླིང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཆེད་སྦྱོང་འཛིན་གྲྭ་འགོ་ཚུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། དབུལ་ཕོངས་ཚབས་ཆེ་བའི་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལག་རྩལ་སློབ་གླིང་ཞིག་ཡིན་པའི་ཆ་ནས། ཟླ་4བའི་ཚེས་9ཉིན། སློབ་གྲྭ་འདིས་ད་ལོའི་དབུལ་སྐྱོར་ཆེད་སྦྱོང་འཛིན་གྲྭ་ཐོག་མ་དེ་བཙུགས་ནས། རྔ་བ་ཁུལ་གྱི་མཛོད་དགེ་རྫོང་གི་དབུལ་ཕོངས་ངལ་རྩོལ་བ་ལ་རླངས་འཁོར་ཞུགས་གསོ་བྱེད་པའི་རྩལ་ནུས་སྐོར་ནས་གསོ་སྦྱོང་བྱེད་པའི་སྟེགས་བུ་མཁོ་སྤྲོད་བྱ་རྒྱུ་རེད།
        གོམ་གང་མདུན་སྤོས་ཀྱི་སྒོ་ནས་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་ཡོང་འབབ་ཀྱི་ནུས་པ་མཐོ་རུ་གཏོང་བ།དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དབུལ་བྲལ་འགག་སྒྲོལ་ཡོང་བར་རྒྱལ་ཁ་ལེན་པར་རོགས་འདེགས་བཅས་བྱ་ཆེད། རང་རེའི་ཞིང་ཆེན་གྱིས་དབུལ་ཕོངས་ཚབས་ཆེ་བའི་རྫོང་45རུ་དབུལ་ཕོངས་ངལ་རྩོལ་པར་རྩལ་ནུས་གསོ་སྦྱོང་བྱེད་པ་དེ་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་དུ་འཇུག་པའི་གཏན་འབེབས་གནང་།
        2018ལོ་ནས་བཟུང་། ཧུར་ཐག་གིས་ལོ་གསུམ་གྱི་དུས་ཚོད་ཀྱི་ནང་དུ།དབུལ་ཕོངས་ཚབས་ཆེ་བའི་རྫོང་45ཡིས་ལས་ཞུགས་ཐུབ་མེད་པའི་དབུལ་ཕོངས་ངལ་རྩོལ་པ་ཉུང་མཐར་ཡང་རིན་མེད་གསོ་སྦྱོང་ཐེངས་གཅིག་བྱེད་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཡོངས་སུ་ལག་རྩལ་སློབ་གླིང་45བདམས་ནས། དབུལ་ཕོངས་ཚབས་ཆེ་བའི་རྫོང་རུ་ཁ་གཏད་རོགས་སྐྱོར་བྱེད་པའི་གསོ་སྦྱོང་བྱ་རྒྱུ་རེད། མཛོད་དགེ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཚབས་ཆེ་བའི་རྫོང་གི་གྲས་ཤིག་ཅིག་རེད།
        ཟླ་3པའི་ཚེས་19ཉིན། རྔ་བ་ཁུལ་མཛོད་དགེ་རྫོང་གི་འབྲེལ་ཡོད་ཀྱི་སྡེ་ཁག་དང་སི་ཁྲོན་ཞིས་ཝང་རླངས་འཁོར་ལག་རྩལ་པའི་སློབ་གླིང་གི་འབྲེལ་ཡོད་ཀྱི་མི་སྣ་དང་མཉམ་གཅིག་ཏུ་ས་གནས་དེ་གའི་གླིང་བ་ཤང་དང་། བཞག་སྡོམ་གྲོང་རྡལ་དུ་ཟབ་འཇུག་བྱས་ཏེ། ས་གནས་དེ་གའི་དབུལ་ཕོངས་དུད་ཚང་ལ་རྩལ་ནུས་དབུལ་སྐྱོར་གྱི་དགོས་མཁོའི་སྐོར་ནས་བཅར་འདྲི་དང་རྒྱུས་ལོན་བྱས་བར་མ་ཟད། བཅར་འདྲི་དང་རྒྱུས་ལོན་བྱས་པའི་གནས་ཚུལ་གཞིར་བཟུང་ནས། ཕྱོགས་གཉིས་ཀྱིས་མཛོད་དགེ་རྫོང་གི་ཐོག་མའི་དབུལ་སྐྱོར་ཆེད་སྦྱོང་འཛིན་གྲྭ་དེ་ཟླ་4བའི་ཚེས་9ཉིན་སི་ཁྲོན་ཞིས་ཝང་རླངས་འཁོར་ལག་རྩལ་པའི་སློབ་གླིང་ནས་སློབ་འགོ་ཚུགས་རྒྱུའི་གྲོས་ཐག་བཅད་པ་རེད། དབུལ་སྐྱོར་ཆེད་སྦྱོང་འཛིན་གྲྭའི་རླངས་འཁོར་ཉམས་བཟོའི་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་རྒྱའི་སྐད་ཡིག་ཐད་ནས་གསོ་སྦྱོང་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1