བཙན་ལྷ་རྫོང་གིས་ཕྱོགས་ཡོངས་ནས་ལྗོངས་སྐོར་འགྲན་རྩོད་ཇེ་ཆེར་གཏང་རྒྱུ།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-02


     ཉེ་བའི་ཆར་གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བཙན་ལྷ་རྫོང་གིས་ཕྱོགས་ཡོངས་ནས་ལྗོངས་སྐོར་འགྲན་རྩོད་ཀྱི་ཤུགས་ཇེ་ཆེར་བཏང་ནས་མི་ཡུལ་གྱི་དག་ཞིང་གི་རྟགས་བཟོ་བ་དང་། རི་བོ་སྐུ་བླའི་ལྗོངས་སྐོར་གྲོང་ཚོམ་གྱི་སྒྲིག་འགལ་གཉིས་ཀྱི་ལེགས་སྒྲིག་ཚད་ཇེ་མཐོར་བཏང་ནས་གོང་འཕེལ་གྱི་རྣམ་པ་བཟང་པོར་བསྒྱུར་རྒྱུ་ཡིན་པ།
     རྫོང་གིས་རི་བོ་སྐུ་བླའིA5རིམ་པའི་ལྗོངས་ཁུལ་བསྐྲུན་པར་སྐུལ་འདེད་གཏང་ཕྱིར་དུ་རི་བོ་སྐུ་བླའི་རྒྱལ་རོང་ཕྱོགས་བསྡུས་ལྗོངས་སྐོར་རིག་གནས་དང་ལྗོངས་ཁུལ་གྱི་མེ་གསོད་ས་ཚིགས་སོགས་ཀྱི་རྣམ་གྲངས་བསྐྲུན་ཏེ། ཀྲུང་གོའི་རི་ཁུལ་གྱི་རྩལ་སྦྱོང་རྟེན་གཞི་ཆེ་ཤོས་དེ་བསྐྲུན་པར་འབད་རྒྱུ། དག་གཙང་གི་བཙན་ལྷའི་རྟགས་མ་བཟོས་ཏེ་རི་ཆུ་ནགས་གསུམ་རིན་ཆེན་གསེར་ལས་ལྷག་པའི་གོང་འཕེལ་གྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། སྐྱེ་ཁམས་ལྗོངས་སྐོར་གྱི་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པར་བྱས། འབུར་ཅེན་ཏ་ཡུང་ལུང་པ། འོག་གཞི་རྒྱལ་ཁང་སོགས་ལྗོངས་ཁུལ་གསར་དུ་བསྐྲུན་པར་སྐུལ་འདེད་དང་། ཀྱོ་སྨད་ཞང་ཧྭ་སྡེ་བ་དང་། ཟུར་ཡུལ་གདུང་མ་ཡུལ་ཚོ་སོགས་སྐྱེ་ཁམས་གདོད་མའི་སྡེ་བར་བསྐྲུན་པ་དང་། བཙན་ལྷའི་ཀུ་ཤུ་དང་ཤ་མོང་། རྒུན་འབྲུམ། མེ་ཏོག་རྒྱ་སེ་སོགས་ཀྱི་རྟགས་མ་ཅན་གྱི་ཐོན་རྫས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ལྗོངས་སྐོར་གྱི་མཚན་སྙན་གང་སར་སྒྲོག་རྒྱུ།
     དེ་མིན་གསར་བརྗེའི་རིག་གནས་ཀྱི་རྟགས་མ་བཟོ་བ། རི་བོ་བཞི་དང་ཟམ་པ་བཞི། ཤུལ་བཞི་ཡི་གསར་བརྗེའི་རིག་གནས་གཞིར་བཟུང་སྟེ་བཙན་ལྷ་རང་གི་ཁྱད་ཆོས་མངོན་པར་དོད་པའི་གསར་བརྗེའི་རིག་གནས་ཀྱི་རྟགས་མ་བཟོ་རྒྱུ། རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི། གངས་རིའི་གསར་བརྗེའི་འབག་ཚོམ། ཆུ་མདོའི་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དྲན་གསོ་ཁང་། ཏ་ཡུང་ཤུལ་བཞག་ཟམ་པའི་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་བསྐྲུན་ཏེ། དམངས་སྲོལ་རིག་གནས་ཀྱི་རྟགས་མ་བསྐྲུན་པ། འབྲོང་ཚང་གི་གླུ་བྲོ་དང་། སྐོར་བྲོ་སོགས་དམངས་སྲོལ་རིག་གནས་སྔོག་འདོན་གྱི་ཚད་ཆེ་རུ་བཏང་ནས། འབྲོང་ཚང་གི་ཞབས་བྲོ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་སུ་སྙན་ཞུ་བྱ་བ་དང་། རྫོང་གི་གཟུགས་འདས་རིག་གནས་རྒྱུན་འཛིན་ཁང་དང་ཡུལ་གྲོང་གི་དམངས་སྲོལ་རིག་གནས་རྒྱུན་འཛིན་ཁང་མགྱོགས་པར་བསྐྲུན་ཏེ། བཙན་ལྷ་རང་གི་ཁྱད་ཆོས་འཛོམས་པའི་རིག་གནས་ཀྱི་རྟགས་མ་བཟོ་རྒྱུ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1