ཐེངས་འདིའི་འགག་སྒྲོལ་གྱི་དམག་འཐབ་ལ་དཀའ་ངལ་ག་ཚོད་ཡོད་ཀྱང་ངེས་པར་དུ་རྒྱལ་ཁ་ཐོབ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-02



——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གྱི་དཔྱད་བརྗོད་བཞི་བ། 
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།


        “སྲ་མཁྲེགས་ཅན་གྱི་རུས་པ་འདི་ཅི་ལྟར་མཁྲེགས་ཀྱང་ངེས་པར་དུ་འཆའ་དགོས་ལ། འགག་སྒྲོལ་གྱི་དམག་འཐབ་འདིར་དཀའ་ངལ་ག་ཚད་ཡོད་ཀྱང་ངེས་པར་དུ་རྒྱལ་ཁ་ཐོབ་དགོས།”དཔྱིད་གསར་དུས་ཆེན་གྱི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལིའང་ཧྲན་ཡུལ་གྱི་དབུལ་ཕོངས་མང་ཚོགས་ལ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད། ཁྲེན་ཏུའུ་དུ་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་། 
        གནད་སྨིན་དབུལ་སེལ་གྱི་འགག་སྒྲོལ་དམག་འཐབ་ཀྱི་ལམ་ཕྱོགས་གསལ་པོ་བསྟན་པ་དང་། སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དུ་ངེས་པར་དུ་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་དང་སི་ཁྲོན་དུ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་། དབུལ་སེལ་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་བ་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འོས་འགན་གྱི་ཐིག་ཚད་དང་མཚོན་རྟགས་རང་བཞིན་གྱི་དམིགས་འབེན་བྱས་ཏེ། དེ་གཙིགས་སུ་བཟུང་ནས་དུས་དང་རྣམ་པ་ཀུན་ལ་མི་བརྗེད་ཅིང་། གནད་སྨིན་གྱི་བླང་བྱ་ཁོང་དུ་ཆུད་པ་བྱ་དགོས་ལ། སྙིང་རུས་ཆེན་པོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་ལ་མི་རིགས་གཅིག་དང་ཁྱིམ་ཚང་གཅིག  མཐའ་ན་མི་གཅིག་ཀྱང་མི་ལུས་པར་འགན་སྲུང་བྱ་དགོས།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག  རང་རྒྱལ་ཁྱོན་ཡོངས་ནས་དབུལ་སེལ་འགག་སྒྲོལ་གྱི་འཐབ་ཕྱོགས་སུ་ཞུགས་ཤིང་། ཤུགས་ཆེ་བ་དང་། རྒྱ་ཡངས་པ། ཤུགས་རྐྱེན་ཟབ་པ། གྲུབ་འབྲས་མངོན་གསལ་དོད་པ་སྔར་བྱུང་མ་མྱོང་བ་ཐོབ་པ་རེད། བརྒྱུད་རིམ་འདིའི་ཁྲོད་དུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སེལ་འགག་སྒྲོལ་གྱི་ལམ་ལུགས་མ་ལག་ལ་ཉམས་ཞིབ་བྱས་ཏེ་གྲུབ་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། རྩ་འཛུགས་འགན་ལེན་ལ་ཤུགས་སྣོན་བྱེད་པའི་ཉམས་མྱོང་བསགས་ཤིང་། གནད་སྨིན་ཐབས་ཇུས་རྒྱུན་འཁྱོངས་དང་། 
        དབུལ་སྒྲོལ་གྱི་གྲུབ་འབྲས་ཇེ་མཐོ། མ་དངུལ་འཇོག་ཚད་ཇེ་མང་དུ་གཏོང་བ་རྒྱུན་འཁྱོངས། མ་དངུལ་གྱི་རྒྱབ་སྐྱོར་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་སྐུལ་སློང་རྒྱུན་འཁྱོངས། ཕྱོགས་གང་ཐད་ཀྱི་ནུས་པ་གཅིག་སྡུད་བྱེད་པ། ནན་ཏན་གྱིས་བླང་བྱ་རྒྱུན་འཁྱོངས་དང་། དོན་དངོས་དམ་འཛིན་ལ་སྐུལ་སྤེལ། མང་ཚོགས་གཞི་འཛིན་པ་རྒྱུན་འཁྱོངས་དང་ནང་ལོག་གི་སྒུལ་ཤུགས་སྐུལ་སྤེལ་གཏང་བ་སོགས་ཉམས་ཀྱི་མྱོང་རིན་ཐང་བྲལ། སྔོན་མ་དང་རྗེས་མའི་དུས་རིམ་ནང་། དབུལ་སེལ་འགག་སྒྲོལ་ལ་དཀའ་ངལ་དང་འགྲན་རྩོད་སྔར་བཞིན་ཆེན་པོར་འཕྲད་པ་དང་། ཐག་གཅོད་བྱ་དགོས་པའི་འབུར་ཐོན་གནད་དོན་མང་། དབུལ་ཕོངས་ཇེ་ཉུང་གཏོང་བའི་འགན་འཁྲི་ལ་མཚོན་ན། སླད་མར་དེ་ལྟར་སྲ་ཞིང་མཁྲེགས་ལ་འཆའ་དཀའ་བའི་རུས་པ་ཡོད། བྱ་བ་ཇི་ལྟར་བསྒྲུབས་ན་དེ་ལྟར་འབད་བརྩོན་བྱ་དགོས་ལ། དོན་དག་འདི་ནི་ཡོངས་ཁྱབ་ཀྱི་འགན་འཁྲི་གལ་ཆེན་དང་འབྲེལ་བ་ཡོད་པ་རེད། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགན་འཁྲི་ཆེས་ལྕི་བའི་ཞིང་ཆེན་གྱི་གྲས་སུ་ཡོད་པའི་ཆ་ནས། ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་བྱ་མི་རུང་། ངེས་པར་དུ་གཡོ་བ་མེད་པར་དབུལ་སེལ་འགག་སྒྲོལ་དེ་ཞིང་ཆེན་ཡོངས་ཀྱི་བྱ་བའི་གལ་གནད་དུ་འཛིན་པ་དང་། དབུལ་སེལ་གྱི་སྤུས་ཀ་མཐོར་འདེགས་སུ་གཏང་རྒྱུ་གཙོ་བོར་འཛིན་པ། འཐབ་ཡུན་རྒྱུན་སྲིང་གི་དཔྱོད་ཚུལ་དར་སྤེལ་གཏང་བ་དང་། ནུས་པ་ལྡན་པའི་འཆར་འགོད་ལག་བསྟར་བྱས་ཏེ། ནན་ཏན་གྱིས་དབུལ་སེལ་འགག་སྒྲོལ་གྱི་དམག་འཐབ་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏང་དགོས།
        དབུལ་སེལ་འགག་སྒྲོལ་གྱི་འཐབ་འཁྲུག་ལས་རྒྱལ་དགོས་ཚེ། འགལ་བ་གཙོ་བོ་ལ་དམ་འཛིན་བྱས་ཏེ། འབྲེལ་བའི་གནད་དོན་གལ་ཆེན་འགའ་རེར་ཐག་གཅོད་ལེགས་པོར་བྱ་དགོས། མིག་སྔའི་དབུལ་སེལ་འགག་སྒྲོལ་གྱི་ལས་དོན་དེ་སྲ་མཁྲེགས་ཀྱི་རུས་པ་འཆའ་བ་ལྟར་གྱུར་ཅིང་། འགག་སྒྲོལ་གྱི་གནད་འགག་དུས་རིམ་དང་། མཐའ་མའི་གདོང་མཆོང་གི་དུས་སུ་སླེབས། ཇི་ལྟར་ཟབ་ན་དེ་ལྟར་དཀལ་ངལ་ཆེ་བས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་ཀྱི་དགོངས་པ་དང་ཡང་སྙིང་ནོར་འཕྱུགས་མེད་པར་ཁོང་དུ་ཆུད་དགོས། དབུལ་སེལ་འགག་སྒྲོལ་གྱི་བྱ་བའི་ཁྲོད་ཞིང་ཆེན་གྱི་འགན་འཁྲི་དང་གྲོང་ཁྱེར་དང་རྫོང་རིམ་པའི་ལག་བསྟར་ནན་འཛིན་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས་པ་དང་། གནད་སྨིན་དབུལ་སྒྲོལ་དང་ས་ཁུལ་གསར་སྤེལ་གྱི་འབྲེལ་བ། དབུལ་སེལ་གྱི་གྲངས་འབོར་དང་དབུལ་སེལ་གྱི་སྤུས་ཀའི་བར་གྱི་འབྲེལ་བ། ཕྱི་ངོས་ཀྱི་རོགས་སྐྱོར་ཇེ་ལེགས་དང་ནང་ཁུལ་གྱི་སྒུལ་ཤུགས་ཇེ་ཆེར་གཏོང་བའི་བར་གྱི་འབྲེལ་བ། གོམ་གང་མདུན་སྤོས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། དམིགས་འབེན་ཚད་ལྡན་རྒྱུན་འཁྱོངས། གནད་སྨིན་གྱི་བླང་བྱ་ཁོང་དུ་ཆུད་པ། ཤེས་ལྡན་པའི་རུ་ཁག་འཛུགས་ནས་དབུལ་སེལ་འགག་སྒྲོལ་གྱི་སྤུས་ཀ་དང་གྲུབ་འབྲས་མཐོ་བའི་ཕྱོགས་སུ་སྐུལ་སྤེལ་གཏོང་བར་འགན་སྲུང་བྱ་དགོས།
        དབུལ་སེལ་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་དགོས་ན། གནད་དོན་གྱི་སྣེ་ཁྲིད་ལ་རྒྱུན་འཁྱོངས་བྱ་དགོས་ཤིང་། སྲ་མཁྲེགས་ཀྱི་སྤྱོད་ཚུལ་འཛུགས་དགོས། དབུལ་སྒྲོལ་གྱི་ལས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་ཞིང་། ཏང་དང་སྲིད་གཞུང་གི་སྣང་བརྙན་དང་འབྲེལ་ཡོད་པ་རེད། ང་ཚོས་ངེས་པར་དུ་མཐའ་གཅིག་ཏུ་ལྷོད་གཡེང་དང་། ངང་ཐུང་ཐལ་སྤྱོད། ཕྱི་ཚུལ་རིང་ལུགས་བཅས་ལ་རྒོལ་དགོས་ཤིང་། 
        ལྟ་སྐུལ་དོ་དམ་དངོས་སུ་མཐོ་འདེད་གཏོང་པ་དང་། འགན་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་བ། ལམ་ལུགས་ཀྱི་ཞགས་པ་ཇེ་དམ་དུ་གཏོང་བ། ལས་འགན་ལག་བསྟར་དང་དེ་ལས་དོན་ཐོག་ཏུ་འཁེལ་བ་དང་། 
        ལས་དོན་གྱི་བྱེད་ཐབས་དེ་ལས་གནད་དུ་སྨིན་པ། མ་དངུལ་དོན་དམ་དང་བཀོལ་སྤྱོད་དེ་ལས་ཚད་ལྡན་བྱེད་པ། དཔྱད་ཞིབ་དང་དཔྱད་དཔོག་དེ་ལས་ནན་ཏན་བྱེད་པ། དབུལ་སྒྲོལ་ལས་དོན་གྱི་རུ་ཁག་ལ་སྔ་བས་འཐབ་ནུས་ལྡན་པ་འགན་སྲུང་བྱ་དགོས་ལ། དབུལ་སྒྲོལ་ལས་དོན་གྱི་གྲུབ་འབྲས་ལ་མི་དམངས་རྣམས་དེ་བས་ཡིད་ཆེས་ཡོད་པར་བྱ་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བཀའ་སློབ་ཡིད་ལ་བཟུང་ནས། རྒྱལ་ཁ་ལ་བརྩོན་པའི་བློ་སྤོབས་བཅངས་ཏེ། ཡུན་དུ་འབད་འབུངས་བྱེད་པ་དང་། བདག་ལས་གཞན་གཅེས་ཀྱི་འགན་ཁུར་ཡོད་དགོས། སེམས་ཤུགས་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་ཀྱིས་མཐའ་གཅིག་ཏུ་གནད་སྨིན་དབུལ་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པར་བརྩོན་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1