༄༅། །རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དགའ་བའི་གླིང་ག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


 

          རྔ་བ་ཁུལ་བཙུགས་ནས་ལོ་འཁོར་60ལོན་པའི་དུས་བཟང་གི་སྐབས་སུ། གསར་འགོད་པས་རྔ་བ་ཁུལ་གྱི་ངལ་རྩོལ་དཔེ་བཟང་གི་བྱ་དགའ་ཐོབ་མཁན་ཡུས་ཅ་ཧྭ་ལ་ཆེད་དུ་བཅར་འདྲི་བྱེད་པའི་གོ་སྐབས་ཐོབ། དུས་རབས་20པའི་ལོ་རབས་80དང་90པའི་དུས་སུ། རྔ་བའི་མའོ་རྫོང་གི་ཅུའུ་ཏེང་རི་བོའི་མཐའ་འཁོར་དུ་སྲོག་ཆགས་འཛིན་གསོད་དང་རྩི་ཤིང་ལ་གང་འདོད་དུ་གཏོར་བརླག་ཚབས་ཆེན་ཐེབས་པས་རིགས་ལ་ལར་རྒྱུད་ཆད་པའི་ཉེན་ཁར་འཕྲད། ཡུས་ཅ་ཧྭ་སྤུན་མཆེད་གཉིས་ཀྱིས་གནས་ཚུལ་གྱི་ཚབས་ཆེན་རང་བཞིན་དེ་རྟོགས་ནས་རང་འགུལ་གྱིས་ཁྱིམ་གྱི་སྒོ་ཕྱུགས་བཙོང་ནས་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ལམ་ཆེན་སྟེང་དུ་བསྐྱོད།
          མའོ་རྫོང་ཅུའུ་ཏིང་རི་བོའི་(九顶山)རི་སྐྱེས་སྲོགས་ཆགས་དང་རྩི་ཤིང་མཐུན་འབྲེལ་ཚོགས་པ་ནི་2004ལོར་མའོ་རྫོང་དམངས་སྲིད་ཅུས་ནས་མིང་ཐོ་བཀོད་པ་བརྒྱུད་དངོས་སུ་བཙུགས་པ་ཞིག་ཡིན། ད་ལྟ་ཚོགས་མི་80ཡོད་པ་དང་། རི་སྐོར་རུ་ཁག་དང་ཐོན་སྐྱེད་རུ་ཁག གྲོང་ནང་ཁོར་ཡུག་སྲུང་སྐྱོབ་རུ་ཁག་བཅས་རུ་ཁག་གསུམ་དུ་བགོས་ཡོད། ཚོགས་པ་འདི་ནི་གྲོང་མི་ཡུས་ཅ་ཧྭ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དང་བླངས་པ་ཀྲང་དབྱི་ཕིང། མའོ་རྫོང་གི་གྲོང་རྡལ་འཕེལ་རྒྱས་ཚོགས་པའི་དྲུང་ཡིག་ཆེན་མོ་ལུའི་ཀྲི་ཀའོ་སོགས་ཀྱིས་བཙུགས་པ་ཡིན། མའོ་རྫོང་ཅུའུ་ཏེང་རི་བོའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མཐུན་འབྲེལ་ཚོགས་པའི་ལས་འགན་གཙོ་བོ་ནི་རི་སྐྱེས་རི་དྭགས་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ཁོ་ཚོས་ཅུའུ་ཏེང་རི་བོ་མཐའ་འཁོར་ནས་རྙི་རྒྱ་སོགས་རི་དྭགས་འཛིན་ཆས་ཁྲི་10ལྷག་བཙལ་ནས་རྩ་མེད་བཏང་བ་དང་། རི་དྭགས་འཛིན་གསོད་བྱེད་པར་སྔོན་འགོག་བྱ་ཆེད་ལོ་རེ་ལ་རི་སྐོར་ཐེངས་8ནས10ཡི་བར་བྱེད་བཞིན་ཡོད། སྔོན་རྗེས་སུ་རི་དྭགས་འཛིན་གསོད་བྱེད་མཁན་གྱི་རྔོན་པ་100ལྷག་བཟུང་མྱོང་ཞིང་མང་ཤོས་ལ་ཁ་ཏ་སློབ་གསོ་བྱས་པ་དང་ལ་ལར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཡོད། ཐད་ཀར་དང་བརྒྱུད་ནས་རི་དྭགས་གསོད་བྱེད་ཀྱི་མེ་མདའ་15གཞུང་བཞེས་བྱས། ད་ལྟ་ཅུའུ་ཏེང་རི་བོ་རུ་དོམ་ཁྲ། དོམ་ནག། སི་ཁྲོན་གྱི་སྤྲེལ་སེར། ཁྲི་སྙན་ས་ལེ་སོགས་ཀྱི་ཁ་གྲངས་ཇེ་མང་ལ་སོང་བ་དང་བསྟུན་རི་དྭགས་འཛིན་ཆས་ཀྱི་རྙི་རྒྱ་མེད་པར་འགྲོ་བཞིན་ཡོད། ནགས་ཚལ་གང་འདོད་དུ་གཅོད་པ་ལ་ཚོད་འཛིན་བྱས་པ་དང་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་འོས་འགན་ཤིང་འཛུགས་མུའུ་500ལྷག་དང་། བཀོད་མིས་རྩ་ས་མུའུ་1000ལྷག་བྱས་པས། རྩྭ་ས་སོགས་སྔོ་ཁེབས་ཀྱི་རྣམ་པ་སྔོན་ལས་ཇེ་ཆེར་ཇེ་བཟང་དུ་སོང་། 
          ལོ་རབས་60པ་དང་70པའི་དུས་སུ། ཅུའུ་ཏེན་རི་བོའི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཁྲི་10ལྷག་ཡོད་ཀྱང་། 1983ལོ་དང་1995ལོའི་བར། རི་དྭགས་མང་ཆེ་བ་རྙི་རྒྱས་བཟུང་པ་དང་མེ་མདས་བསད་པས། སྲོགས་ཆགས་མང་པོ་རིགས་རྒྱུད་ཆད་ལ་ཉེ་བའི་ཉེན་ཁ་དང་འཕྲད། ཡུས་ཅ་ཧྭ་གཅེན་གཅུང་གཉིས་ཀྱིས་རི་དྭགས་དང་ཁོར་ཡུག་གི་གལ་ཆེན་རང་བཞིན་རྟོགས་ནས། དང་ཐོག་རང་གི་སྒོ་ཕྱུགས་བཙོང་སྟེེ་སྡེ་མི་ལ་གླ་ཆ་སྦྱིན་ནས་རི་སྐོར་བྱེད་དུ་བཅུག ཚོགས་པ་བཙུགས་རྗེས་སུ། རྒྱལ་ཕྱི་ནང་གི་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས།  དེ་མིན་སི་ཁྲོན་ཞིང་ཆེན་དང་ཁུལ་རྫོང་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་ཆེན་པོ་གནང་།
          ཚོགས་པ་དེ་ལ་སྔ་རྗེས་སུ་ཧྥུ་ཐུ་རླངས་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགའ། ཐེངས་བཞི་པའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་སྲུང་སྐྱོབ་ལས་ཀའི་ཕུལ་བྱུང་སྲུང་སྐྱོབ་མཁན་སོགས་ཀྱི་མཚན་སྙན་དང་བྱ་དགའ་ཐོབ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1