ཞིང་ཆེན་དབུལ་སེལ་འགག་སྒྲོལ་གྱི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་22པ་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-16



        ཉེ་ཆར། ཞིང་ཆེན་དབུལ་སེལ་འགག་སྒྲོལ་གྱི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་22པ་དེ་ཁྲེན་ཏུའུ་ནས་འཚོགས། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གསུངས་བའི་དབུལ་སེལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་དགོས་པའི་སྐོར་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིང་ཆིང་ཧྭ་ཡིས་མཛུབ་སྟོན་བླང་བྱ་དོན་འཁྱོལ་ཡོང་བར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ། དམ་འཛིན་དང་ལག་བསྟར་དོན་འཁྱོལ་ཡོང་བ་བཅས་ལ་སྣེ་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་ཁྲིད་ཚན་ཆུང་གི་འགོ་འཛིན་གཞོན་པ་ཏེན་ཞའོ་ཀང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།
        གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གསུངས་བའི་གསུངས་བཤད་གལ་ཆེན་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ནས། དབུལ་སེལ་འགག་སྒྲོལ་གྱི་བྱ་བའི་ཐད་དུ་ཡང་བསྐྱར་བླང་བྱ་གལ་ཆེན་བཏོན་པ་དང་། དབུལ་སེལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་དགོས་པའི་ཆོད་སེམས་བརྟན་པོ་ངོམས་པར་བྱས། འདི་ནི་ང་ཚོས་དབུལ་སེལ་འགག་སྒྲོལ་གྱི་བྱ་བ་ལེགས་པོ་སྒྲུབ་པའི་རྩ་བའི་ཁ་ཕྱོགས་དང་གཞི་འཛིན་ས་གལ་ཆེན་དེ་ཡིན་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་དུ་བརྩིས་ནས། གོམ་གང་མདུན་སྤོས་ཀྱི་སྒོ་ནས་འདུ་ཤེས་བཞི་དང་། ཡིད་ཆེས་བཞི་སྲ་བརྟན་དུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ལྟེ་བའི་གོ་གནས་ལ་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བྱེད་དགོས། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་གཅིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དུ་བརྩི་རྒྱུ། གཉིས་ནི་གོམ་གང་མདུན་སྤོས་ཀྱི་སྒོ་ནས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀའི་བཀོད་སྒྲིག་ཁག་སྔར་ལས་འཐུས་ཚང་དུ་བཏང་ནས། སྲིད་ཇུས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་པ་དང་། དབུལ་སེལ་འགག་སྒྲོལ་གྱི་བྱ་བའི་ཐད་དུ་དོན་དངོས་ཀྱི་གྲུབ་འབྲས་ལེན་ཐུབ་པར་སྐུལ་འདེད་གཏང་རྒྱུ། གསུམ་ནི་གོམ་གང་མདུན་སྤོས་ཀྱི་སྒོ་ནས་དམིགས་ཡུལ་གྱི་ཚད་གཞི་གསལ་བོ་བྱས་ཏེ། དབུལ་བྲལ་གྱི་སྤུས་ཚད་དེ་ཐོག་མའི་གོ་གནས་སུ་བཞག་ནས། དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གཅིག་ཏུ་བསྡུས་ནས་གནད་འཁེལ་ཀྱི་དབུལ་བྲལ་སྲིད་ཇུས་ལག་བསྟར་བྱ་རྒྱུ། བཞི་ནི་དབུལ་སྐྱོར་གྱི་བྱེད་ཐབས་གཏིང་ཟབ་དུ་བཏང་ནས། ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་དབུལ་ཕོངས་ཚབས་ཆེ་བའི་རྫོང་དང་འབྲེལ་བ་བྱེད་པ་དང་། ཤར་ནུབ་ཕྱོགས་གཉིས་ཀྱི་དབུལ་སྐྱོར་མཉམ་ལས་དང་། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར། དངུལ་རྩ་ནུས་ལྡན་གྱི་བཀོལ་སྤྱོད་བྱེད་པ་སོགས་ཀྱི་བྱ་བར་ཤུགས་བསྣན་ནས། རྒྱུན་ཚུལ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱ་བའི་ནང་རྐྱེན་འཛུགས་པར་ཞིབ་འཇུག་བྱས་ནས། བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་ལས་ཆོད་མཐོ་རུ་གཏོང་རྒྱུ། ལྔ་ནི་ཧ་ཅང་གཟབ་ནན་གྱི་དཔྱད་ཞིབ་དཔྱད་དཔོག་ལམ་ལུགས་ལག་བསྟར་བྱས་ནས།ཚན་རིག་དང་གཟབ་ནན། དོན་དངོས་ཀྱི་ལག་ལེན་གྱི་ཉམས་ལེན་ཐུབ་པ་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པའི་དཔྱད་ཞིབ་དཔྱད་དཔོག་ལ་སྐུལ་འདེད་བཏང་ནས། དཔྱད་ཞིབ་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ། དྲུག་ནི་འགན་འཁྲི་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་ནས། དབུལ་སེལ་ཁྱབ་ཁོངས་ཀྱི་རུལ་སོངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་དུ་བཏང་ནས། རྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་ཁག་ཧ་ཅང་ཞིབ་ཚགས་ཀྱི་སྒྲུབ་ནས།སྤུས་ཚད་མཐོན་པོའི་སྒོ་ནས་དབུལ་སེལ་འགག་སྒྲོལ་གྱི་དམིགས་ཡུལ་ལས་འགན་ཁག་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་པ་དང་། རང་རེའི་ཞིང་ཆེན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱ་དགོས་ཞེས་བསྟན་པ་རེད།།
       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1