2018ལོའི་རྔ་བ་ཁུལ་གྱི་བོད་ཆའང་ཟློས་གར་སློབ་རར་བསྐྱོད་པ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17


     2018ལོའི་ཟླ་4བའི་ཚེས་11ཉིན། རྔ་བ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་རིག་གནས་རྒྱང་སྒྲོག་གསར་འགྱུར་པར་བསྐྲུན་ཅུས། ཁུལ་སློབ་གསོ་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཁུལ་རིག་གནས་ཁང་གིས་འགན་སྒྲུབ་གནང་བའི་2018ལོའི་རྔ་བ་ཁུལ་གྱི་བོད་ཆའང་ཟློས་གར་སློབ་རར་བསྐྱོད་པའི་བྱེད་སྒོའི་མགོ་འཛུགས་མཛད་སྒོ་དེ་འབར་ཁམས་གྲོང་ཁྱེར་གྱི་ཅིན་ཅིང་ལུང་ཚོགས་ཁང་ནས་བསྡུས། ཐེངས་འདིའི་བྱེད་སྒོར་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་དང་འབར་ཁམས་སློབ་འབྲིང་། རྔ་བའི་འཕྲོད་བསྟེན་སློབ་གླིང་བཅས་ཀྱི་དགེ་སློབ་600ལྷག་ཞུགས།

      ཐེངས་འདིའི་བྱེད་སྒོས་བོད་ཆའང་གི་ཟློས་གར་ཆེད་མཁས་པ་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་དང་། འབར་ཁམས་སློབ་འབྲིང་། རྔ་བའི་འཕྲོད་བསྟེན་སློབ་གླིང་བཅས་སུ་སོང་སྟེ་བོད་དང་ཆའང་གི་ཟློས་གར་ཤེས་བྱ་ཁྱབ་བསྒྲགས་བྱས་པར་མ་ཟད། འབར་ཁམས་དང་འཛམ་ཐང་། ལི་རྫོང་བཅས་ཀྱི་བོད་ཆའང་གི་ཟློས་གར་ཚོགས་པས་བོད་ཀྱི་ཟློས་གར་གྱིམ་ཤིང་ཀོང་ཇོ་དང་། རྔོན་པ་དང་དྲེད་མོང་། བཀྲ་ཤིས་བསྟོད་གླུ་བཅས་དང་དེ་མིན་ཆའང་གི་ཟློས་གར་སོགས་རྒྱ་ཆེའི་སློབ་མ་དག་གི་མིག་སྔར་བཀྲམས་པར་དགའ་བསུ་ཆེན་པོ་ཐོབ།

     མགོ་འཛུགས་མཛད་སྒོ་མཇུག་བསྡུས་རྗེས། 2018ལོའི་རྔ་བ་ཁུལ་གྱི་བོད་ཆའང་ཟློས་གར་སློབ་རར་བསྐྱོད་པའི་བྱེད་སྒོ་དེ་རྔ་བ་ཁུལ་ནང་དུ་སྤེལ་རྒྱུ་ཡིན་ལ་ཁུལ་ཡོངས་ཀྱི་རྫོང་སོ་སོས་ཀྱང་གང་ལ་གང་འཚམས་ཀྱིས་སྔོན་ཐོན་གྱིས་བོད་ཆའང་ཟློས་གར་སློབ་རར་བསྐྱོད་པའི་བྱེད་སྒོ་སྤེལ་རྒྱུ་རེད།
    རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་ཁུལ་གྱི་བོད་ཆའང་ཟློས་གར་སློབ་རར་བསྐྱོད་པའི་བྱེད་སྒོ་དེ་2017ལོའི་ཟླ་3པ་ནས་སྤེལ་ཚུན། ཟློས་གར་རིག་གནས་ཀྱིས་སློབ་གྲྭའི་རིག་གནས་བྱེད་སྒོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ་ཟློས་གར་རིག་གནས་རང་གི་ཁྱབ་སྤེལ་ལ་ཡང་ལམ་བུ་གསར་བ་ཞིག་བསྐྲུན་ཡོད། དེ་མིན་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཚུགས་པ་མ་ཟད་མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་། ཞིན་ཧྭ་ཚགས་པར་ལ་སོགས་པའི་གསར་འགྱུར་སྨྱན་སྦྱོར་གང་གི་དོ་གནང་རྒྱ་ཆེན་ཐོབ་ཡོད་ལ། སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་མི་དམངས་ཡོངས་ཀྱིས་ཀྱང་གདེང་འཇོག་མཐོན་པོ་ཐོབ་སྟེ། རྒྱལ་ཁབ་རིག་གནས་པུའུ་ཡིས་རྔ་བ་ཁུལ་གྱི་བོད་ཆའང་ཟློས་གར་སློབ་གྲྭར་བསྐྱོད་པའི་རྒྱུན་འཛིན་སྒྲིག་འཛུགས་བྱ་བ་དེ་རྒྱལ་ཁབ་ཀྱི་ཐེངས་བཞི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཁྲོད་ཀྱི་ཚོད་ལྟའི་གསར་འཛུགས་རྣམ་གྲངས་གྲས་སུ་བཞག་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1