གོ་དོན་གཏིང་ཟབ་ཅིང་སྒྱུ་རྩལ་ཁྱད་དུ་འཕགས་པ། སྒྲིག་བཟོ་སྤུས་ལེགས་པ་བཅས་ཀྱི་རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། ཟློས་གར་《འུན་ཤིང་ཀོང་ཇོ་》ཡིས་རྒྱ་བོད་གཉིས་ཀྱི་འཆམ་མཐུན་གྱི་དབྱངས་རྟ་དར་སྤེལ་བཏང་ཡོད་ལ། བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་མངོན་ཡོད་པ་རེད།
ཟློས་གར་《འུན་ཤིང་ཀོང་ཇོ་》རྒྱལ་ཁའི་ངང་འཁྲབ་སྟོན་བྱས་པ་དེས་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་རོགས་སྐྱོར་བྱས་ཡོད་པ་དེ། ཟློས་གར་འདིའི་འཁྲབ་སྟོན་པ་800ཡི་ནང་ནས་མི་95%ནི་ས་གནས་དེ་གའི་མི་ཡིན་པ་རེད། འཁྲབ་སྟོན་པ་འདི་ཚོས་ཉིན་མོར་ཕྱི་རོལ་ཏུ་གླ་རྒྱུག་པར་འགྲོ་བ་དང་། དགོང་མོར་འཁྲབ་སྟོན་ལ་ཞུགས་པ་ལས་གླ་སྒོར་སྟོང་བཞི་ཡོད་པས། ཕན་ནུས་ལྡན་པའི་ངང་ཡོང་འབབ་འཕར་སྣོན་བྱས་ཡོད་པ་རེད།