བགྲོད་ལམ་གསར་པ་འདི་སེམས་ཀྱི་ལམ་བུའང་ཡིན།

བསོད་ནམས་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


        བཙན་ལྷ་རྫོང་གིས་ཤར་གཏོང་བཙན་ལྷ་ཞེས་པའི་དམིགས་ཚད་ལ་གཞིར་བཟུང་ཏེ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་མང་ཚོགས་ལ་ཁས་བླངས་པའི་དམངས་འཚོའི་དངོས་དོན་བཅུའི་གྲས་གཅིག་ཡིན་པ་དང་། ཅི་ཐུབ་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་དམངས་སེམས་ཀྱི་ལམ་མམ། ཕྱུག་འགྱུར་གྱི་ལམ་དུ་བསྐྲུན་རྒྱུ་དང་། ཞིང་གྲོང་གི་འཕེལ་རྒྱས་དང་ཞིང་བའི་ཡོང་འབབ་འཕར་རྒྱུ་ཧུར་ཐག་གིས་སྐུལ་འདེད་བཏང་བ་རེད།

       མིག་སྔར། རྒྱུན་མཐུད་གནད་སྒྲོལ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་དུ་100% གཉིས་དང་གཞི་རྩའི་ཁེབས་ཚད་གཅིག་སྔོན་དུ་མངོན་གྱུར་བྱས་པ་སྟེ། བཙན་ལྷ་རྫོང་ནས་ཡུལ་ཚོའི་བར་གྱི་སྣུམ་ལམ་ལེགས་གྲུབ་ཚད་100%དང་། སྡེ་ལམ་སྲ་མོར་གཏོང་ཚད་100% ཟིན་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་དུ་གྲོང་གསེབ་ཀྱི་གཞུང་ལམ་བདེ་འཇགས་འགན་ལེན་གཞི་རྩའི་ངང་ཁེབས་ཚད་དུས་བཅད་སྔོན་དུ་མངོན་གྱུར་བྱུང་།

       འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གཏན་འཁེལ་རོགས་སྐྱོར་འོག གྲོང་གསེབ་གཞུང་ལམ་གྱི་རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། འགྲིམ་འགྲུལ་དམིགས་འཛུགས་དབུལ་སྐྱོར་རྣམ་གྲངས་41ལག་བསྟར་དང་། མ་དངུལ་སྒོར་དུང་ཕྱུར་3.5ལེགས་གྲུབ་དང་། ཉེན་ཆེའི་ཟམ་པ་25སྒྱུར་བཀོད་དང་། གྲོང་གསེབ་ཀྱི་གཞུང་ལམ་15སྟེ་སྤྱི་ལེ་115.6དང་། བདེ་སྲུང་ལས་གྲྭ་སྤྱི་ལེ་6གསར་སྐྲུན་བྱས་པས། དབུལ་བྲལ་གནད་སྒྲོལ་གྱི་མཇུག་མཐའི་སྤྱི་ལེ་གཅིག་ཡང་ཤར་བགྲོད་གང་ཐུབ་བྱས་བྱུང་།

      ལོ་ངོ་བཅུའི་རིང་། བཙན་ལྷའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ལྷག་པར་དུ་གྲོང་གསེབ་ཀྱི་བགྲོད་ལམ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མངོན་གསལ་དོད་པོས་ཇེ་མགྱོགས་སུ་ཕྱིན་པ་དང་། ཤར་མར་བགྲོད་ཐུབ་པའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད། མིག་སྔར། རྫོང་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་2979.8དང་། དེའི་ཁྲོད། རྒྱལ་ཁབ་རིམ་པའི་ལམ་2སྟེ་སྤྱི་ལེ་139དང་། ཞིང་ཆེན་རིམ་པའི་ལམ་3སྟེ་སྤྱི་ལེ་213དང་། རྫོང་རིམ་པའི་ལམ་1སྟེ་སྤྱི་ལེ་28དང་། ཞིང་གྲོང་རིམ་པའི་ལམ་6སྟེ་སྤྱི་ལེ་85.8དང་། སྡེ་བ་རིམ་པའི་ལམ་སྤྱི་ལེ་2514བསྐྲུན་ནས་སྡེ་བ་ཕན་ཚུན་བར་ཤར་བགྲོད་ཐུབ་པ་མངོན་གྱུར་བྱུང་།
     བཙན་ལྷའི་ཞིང་སྡེའི་ཐོན་ལས་ལམ་སྤྱི་ལེ་1650བསྐྲུན་ནས་སྐྱེ་ཁམས་ཀྱི་སྔོ་ཚལ་དང་། ཁྱད་ལྡན་ཤིང་ཏོག རྒུན་ཆང་བསྙལ་མ། རྒྱ་སེ་མེ་ཏོག ཀྲུང་ལུགས་སྨན་རྩ་སོགས་སྤུས་ལེགས་སྐྱེ་ཁམས་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་མུའུ་ཁྲི་7600ལྷག་སྐུལ་ཁྲིད་བྱས་པ་དང་། ཚད་ལྡན་ཅན་གྱི་ནོར་གནག་གསོ་སྤེལ་ར་བ་54བསྐྲུན་ཟིན། ཞིང་པའི་ཆེད་ལས་མཉམ་ལས་ཁང་369འཕེལ་རྒྱས་བཏང་བ་དང་། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་ཞིང་ལས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་4སྐྱེད་སྲིང་བྱས་ལ། སྐུ་བླ་རི་བོ། ཏ་ཡུང་རྒྱ་སེ། ལའོ་ཡིང་རྒུན་ཆང་། ཧྲོང་པའེ་སྟར་ཀ དབང་ཞིང་ཀུ་ཤུ། མི་ཝོའི་སེའུ་མངར། ཞིན་ཆའོ་ནོར་གནག་ཚད་ལྡན་ཅན་གྱི་གསོ་སྤེལ། འོག་ཏུ་ཕར་ངོ་གཡེར་མ་སོགས་ཡུལ་ཚོ་གཅིག་ལ་ལས་རིགས་གཅིག སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་ཐོན་ལས་ཀྱི་བཀོད་པ་གྲུབ་ཡོད་ལ། ཞིང་སྡེའི་གཞུང་ལམ་རྫོང་ཡོངས་ཀྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་གཏོང་བའི་རྟེན་གཞི་གཙོ་བོ་ཡིན།
     མིག་སྔར། བཙན་ལྷ་རྫོང་གིས་གྲོང་གསེབ་ཀྱི་ལྗོངས་གཟིགས་སྟེགས་བུ་སྤྱི་ལེ་75སྐྲུན་པ་དང་། ཧྥུ་པེན་ལུང་ཐོའུ་ཐན་དང་ཆུ་གར་མ་ཅ་ལུང་བ། ཟུར་གདུང་མ་སོགས་ལྗོངས་སྐོར་ས་ཚིགས་12གསར་སྤེལ་ཇེ་མགྱོགས་དང་། ཞིང་དུད་མགྲོན་ཁང་དང་སྐར་མ་རིམ་པའི་གྲོང་གསེབ་སྤྲོ་སྐྱིད་ཁང་25འཕེལ་རྒྱས་བཏང་བ་དང་།ཡུལ་སྐོར་སྣེ་ལེན་326བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1