ཧུར་བརྩོན་གྱིས་དུས་རབས་གསར་པར་དབང་བའི་འོད་སྟོང་འབར་བའི་གྲུབ་འབྲས་ལེན་པར་བརྩོན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-25



—— ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་གསུང་བཤད་གལ་ཆེན་གྱི་དཔྱད་བརྗོད་གསུམ་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
        རི་བོ་ཇི་ལྟར་མཐོ་ཡང་ཡར་འཛེགས་ན་རྩེ་མོར་སླེབས་ཐུབ་ལ། ལམ་ཐག་ཇི་ལྟར་རིང་ཡང་མུ་མཐུད་དུ་སོང་ནས་དམིགས་ཡུལ་ལ་སླེབས་ངེས། 
         “ང་ཚོས་ད་ཡོད་ཀྱི་གནས་བབ་ལ་ཞེན་ཆགས་དང་སྐྱིད་ཆགས་སྡུག་གཡོལ་བྱས་ནས་སྡོད་མི་རུང་། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འོས་འགན་སེམས་སུ་བཅངས་པ། བརྩོན་པ་ལྷོད་མེད་ཀྱིས་དུས་རབས་གསར་པར་དབང་བའི་འོད་སྟོང་འབར་བའི་འབྲས་བུ་ལེན་པར་བརྩོན་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཐེངས་དང་པོའི་གསུང་བཤད་གལ་ཆེན་གྱིས་དུས་ནམ་ཡང་གོམ་པ་སྤོ་མཚམས་མི་འཇོག་པའི་མདུན་བསྐྱོད་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་སྣེ་ཁྲིད་མཁན་གྱི་འགན་འཁྲི། དེ་བཞིན་མི་དམངས་ཀྱི་སྣེ་ཁྲིད་མཁན་གྱི་བསམ་བློ་མཚོན། མངོན་པར་གསལ་བའི་ཉེན་བརྡ་དང་། 
        སེམས་འགུལ་ཆེན་པོ་ཐེབས་པའི་སྐུལ་བརྡ། མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་སྐྱ་རིས་བཅས་ཀྱིས་མི་དམངས་དུང་ཕྱུར་མང་པོས་འོད་སྟོང་འབར་བའི་གྲུབ་འབྲས་ལ་བརྩོན་པའི་ནུས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཡོད།
        ལོ་རྒྱུས་ཀྱིས་བློ་བརྟན་འགྱུར་མེད་ཅན་དང་། དཔའ་མཛངས་རྟུལ་ཕོད་ཅན། དེ་བཞིན་དྲག་ཏུ་འཐབ་མཁན་ཚོར་སེམས་ཁུར་ལྟ་རྟོག་བྱེད་སྲིད། ལོ་ཟླར་ཕྱིར་མིག་ཅིག་བལྟས་ན། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་གཟི་བརྗིད་ལྡན་པའི་ལོ་ཟླའི་ནང་། དཀའ་སྡུག་ཚད་མེད་མྱོང་བའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་འགྱུར་ཡོང་བ། སྟོབས་འབྱོར་ལྡན་པ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་མཁན་དེ་གུང་ཁྲན་ཏང་མིའི་འབད་བརྩོན་ལྷོད་མེད་དང་། མི་དམངས་དུང་ཕྱུར་མང་པོའི་བློ་སྤོབས་མཉམ་འདུས་ཡིན་པ་རེད། མི་དམངས་ལ་སེམས་ཤུགས་ཡོད་ན་རྒྱལ་ཁབ་ལ་སྟོབས་ཤུགས་དང་ཕུགས་འདུན་ཡོད། དེ་རིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཀྲུང་གོའི་མི་དམངས་ལ་དེ་བས་སེམས་ཤུགས་དང་སྟོབས་ཤུགས་ལྡན། དུས་རྟག་ཏུ་འབད་བརྩོན་ལྷོད་མེད་དང་མདུན་བསྐྱོད་ཀྱི་བསམ་བློ་ལྡན་ན་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་སྐྱེ་སྟོབས་ཤུགས་ཆེན་པོས་འཕེལ་བར་བྱེད་ཐུབ་པར་མ་ཟད། ངོ་མཚར་བའི་གནས་ཚུལ་དེ་བས་མང་བ་ཞིག་ཀྲུང་ཧྭ་ས་གཞིའི་ཐོག་མངོན་སྲིད།
        ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་བསྐྲུན་བྱ་རྒྱུའི་ལམ་བུ་གཏོད་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་རྒྱུའི་འཆར་གཞི་ཆེན་པོ་བཅས་མཚོན་པར་བྱས་ཡོད། མཇུག་སྒྲིལ་མ་ཐག་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཏང་དང་རྒྱལ་ཁབ་གྱི་སྒྲིག་གཞི་བསྒྱུར་བཅོས་གསར་པ་འགོ་ཚུགས་ཟིན། སྲིད་གཞུང་གི་ལས་དོན་སྙན་ཞུ་ལོ་རེའི་འགན་འཁྲི་ལྟར་གཏན་འབེབས་བྱས་ཤིང་། མཐོ་རིམ་འཛུགས་བསྐྲུན་དང་གཞི་རིམ་བཅོས་སྐྱོང་ནས་འགོ་ཚུགས་ཏེ་རྒྱལ་ཡོངས་མཐོ་དམའ་ཚང་མས་ནུས་ཤུགས་བཏོན་ཡོད། གཏིང་ཟབ་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་རེ་བར་གོ་བ་ལོན་དགོས་པ་དང་། ནུས་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་བརྟན་པའི་ངང་ཕྱོགས་ཡོངས་ནས་གཏིང་ཟབ་ངང་བཅོས་བསྒྱུར་བྱ་རྒྱུ་དང་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏང་དགོས། ནུས་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་བརྟན་པའི་ངང་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་བསྐྲུན་ལ་བསྐུལ་འདེད་གཏང་དགོས། ང་ཚོ་ཕྱུག་འགྱུར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་བསྐྲུན་རྒྱུའི་དམིགས་ཡུལ་ལ་སྙེགས་ནས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་ཚེ། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་ཀྱི་སྐྱེ་སྟོབས་གང་མང་འགྲེམ་སྟོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྱད་འཕགས་ཀྱི་རང་བཞིན་གང་མང་འགྲེམ་སྟོན་བྱེད་ཐུབ། ཀྲུང་ཧྭ་དཔལ་ཡོན་གྱི་ཤུགས་རྐྱེན་རང་བཞིན་དང་། གོང་བུ་འགྲིལ་ཤུགས། ཡིད་འགུག་རང་བཞིན་བཅས་འགྲེམ་སྟོན་བྱེད་ཐུབ། མི་དམངས་ཡོངས་དུས་གཅིག་ཏུ་ཕྱུག་འགྱུར་ཡོང་རྒྱུ་དེ་དམངས་ཀྱི་འཚོ་བའི་ནང་འགྲེམ་སྟོན་བྱེད་ཐུབ། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་རེད་ཟེར་བའི་འདུ་ཤེས་དེ་མེས་རྒྱལ་གྱི་ས་གཞིའི་ཐོག་འགྲེམ་སྟོན་བྱ་ཐུབ།
        ཆར་རླུང་མང་པོ་བརྒྱུད་ན་བློ་རྩ་བརྟན། རི་བོ་ཐོག་མར་འཛེགས་སྐབས་ལམ་ཐག་རིང་ཞེས་པ་ལྟར། དེང་སྐབས། རྒྱལ་ཕྱི་རྒྱལ་ནང་གི་གནས་ཚུལ་ལ་འགྱུར་བ་གཏིང་ཟབ་བྱུང་བའི་སྒང་ཡིན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་སླར་ཡང་གལ་ཆེའི་འཐབ་ཇུས་གོ་སྐབས་ཀྱི་འགག་རྩར་གནས་ཡོད། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་མཐོར་ཕྱིན་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཇི་ལྟར་བསྐང་ཐབས་བྱ་རྒྱུ་དང་། དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ། བདེ་འཇགས་ཀྱི་འཚོ་བ་སོགས་ཇི་ལྟར་མཐོ་རུ་གཏང་དགོས་སམ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་ནས་སྤུས་ཚད་མཐོན་པའི་འཕེལ་རྒྱས་ལ་བསྒྱུར་བཀོད་བྱས་ཏེ། འགོ་བརྩམས་ས་གསར་པ་ནས་ཁ་ཕྱོགས་གསར་པ་བཙལ་ནས་དུས་རབས་གསར་པའི་གྲུབ་འབྲས་གསར་པར་བརྩོན་དགོས། དུས་རབས་དང་མཐུན་པའི་དེང་རབས་དཔལ་འབྱོར་མ་ལག་ཇི་ལྟར་བསྐྲུན་དགོས་སམ། དུས་རབས་གསར་པས་གྲུབ་འབྲས་གསར་པ་འབོད་ཐུབ། ང་ཚོར་ངལ་གསོ་བ་དང་བག་ལྷོད་ཀྱི་འདུ་ཤེས་གཏན་ནས་ཡོད་མི་རུང་ལ། གཡུལ་འགྱེད་གཅིག་ལས་ཐར་ཚེ་བག་ཕེབས་ངང་སྡོད་པའི་བསམ་ཚུལ་ཡོད་མི་རུང་། རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པའི་འགྲོས་དང་བསྟུན་དགོས་ལ་རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླར་དམ་པོར་དམིགས་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་དོན་དུ་འབད་པ་ལྷོད་མེད་ངང་འབད་བརྩོན་བྱ་དགོས་པ་དང་། མི་དམངས་དང་མཉམ་དུ་འབད་བརྩོན་བྱས་ན་གཞི་ནས་ལོ་རྒྱུས་ཀྱི་གོ་སྐབས་དང་བསྟུན་ནས་མདུན་བསྐྱོད་བྱེད་ཐུབ་ལ་ང་ཚོའི་རླབས་ཆེན་གྱི་དམིགས་ཡུལ་ཡང་མངོན་འགྱུར་བྱེད་ཐུབ།
        ནམ་དུས་དཔྱིད་ཀ་ཚེས་པ་དང་ས་གཞིར་ཉི་འོད་འཕྲོ། སྤྱི་ལེ་གྲུ་བཞི་མ་ཁྲི་960ལྷག་ཡོད་པའི་མེས་རྒྱལ་གྱི་ས་གཞི་ཆེན་མོའི་ཐོག་བསྐྱར་དར་གྱི་ཚོར་སྣང་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་མངོན། སྔར་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡར་རྒྱས་བརྩོན་ལེན་དང་ཡང་འབད་བསྐྱར་འབད་བྱས་ན་ང་ཚོས་དུས་རབས་གསར་པར་དབང་བའི་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་ཐུབ་ངེས་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཐུབ་ངེས་ཡིན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1