དཀར་མཛེས་ཁུལ་གྱིས་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-28



        སྤྱི་ཟླ4ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ཞིང་། ཉིན་མོ་འདིར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ100ལྷག་གིས་དཔེ་ཀློག་སྐོར་གྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ནས། མི་རྣམས་ཀྱིས་དཔེ་དེབ་མང་ཙམ་བཀླགས་ཏེ་ཤེས་རིག་གི་ཉིང་བཅུད་ལེན་པར་དྲན་སྐུལ་བྱེད་ཀྱི་ཡོད། འཛམ་གླིང་དཔེ་ཀློག་ཉིན་མོར་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོའམ་འཛམ་གླིང་དཔེ་དེབ་ཉིན་མོའང་བརྗོད་ཅིང་། སྤྱི་ལོ1995ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་མི་སྔར་ལས་མང་པོས་དཔེ་ཀློག་དང་རྩོམ་འབྲི་བྱེད་པར་སྐུལ་འདེད་དང་། ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་ཆེད་བཅས་ཡིན།
        དཀར་མཛེས་ཁུལ་དཔེ་དེབ་ཁང་དང་རྫོང་སོ་སོས་དམངས་ཡོངས་ཀྱི་དཔེ་ཀློག་གི་སྤྲོ་བ་མཐོར་འདེགས་དང་དཔེ་ཆའི་དྲི་བསུང་འཐུལ་བའི་དཀར་མཛེས་འཛུགས་ཆེད། གྲོང་ཁྱེར་གྱི་རྒྱ་ཆེའི་མི་དམངས་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་ཆེད། སྤྱི་ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་ལ་དཔེ་ཀློག་ཉིན་མོ་དང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བ་རེད།


དར་མདོར་བོད་ཡིག་འགྲེམ་སྟོན་ཁུལ་དུ་སྡེ་དགེ་བཀའ་འགྱུར་དང་བསྟན་འགྱུར། གེ་སར་རྒྱལ་པོའི་རྣམ་ཐར། བོ་དོང་པཎ་ཆེན་གྱི་གསུང་འབུམ། བཀའ་བདམས་པའི་གསུང་འབུམ། ས་སྐྱ་པཎ་ཆེན་གྱི་གསུང་འབུམ། ཀློང་ཆེན་པའི་གསུང་འབུམ། གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བསྟན་འགྱུར། རྒྱལ་རོང་རིག་གནས་དཔེ་ཚོགས་སོགས་འགྲེམ་སྟོན་བྱས།  

ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་དང་། ཁུལ་དཔོན་གཞོན་པ་ཁྲིན་ཅིང་། ཅུས་ཀྲང་ཝང་ཏན་བཅས་གནའ་བོའི་ལད་འབྲི་ཞེས་པའི་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་ལ་གཟིགས་བཞིན་པ།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་དག་བྱ་འགུལ་གྱི་ཡུལ་དངོས་སུ་འབྱོར་ཏེ་བོད་ཡིག་ཡིག་གཟུགས་ལ་ལྟ་བཞིན་པ།


སྡེ་དགེ་རྫོང་དུ་རིག་གནས་ཡུལ་སྐོར་ཅུས་དང་རྒྱང་བསྒྲགས་ཁང་སོགས་མཉམ་འབྲེལ་གྱིས་རྫོང་སློབ་འབྲིང་དུ་དམངས་ཡོངས་ཀྱི་དཔེ་ཀློག་སློབ་གྲྭར་སྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ།

གསེར་ཐར་རྫོང་དུ་དཔེ་ཆའི་དྲི་བསུང་འཐུལ་བའི་གསེར་ཐར་ཞེས་པའི་དཔེ་ཀློག་གི་བྱེད་སྒོ་སྤེལ་ཞིང་། མང་ཚོགས་དག་དཔེ་ཀློག་གི་བྱེད་སྒོ་རུ་ཞུགས་ཤིང་། དཔེ་ཀློག་གི་སྤྲོ་བ་དང་མཁའ་དབུགས་གསར་པ་བསྐྲུན།

བྲག་མགོ་རྫོང་གི་དཔེ་དེབ་ཁང་དུ་རིག་རྒོད་ཀྱི་བྱིས་པ་དག་དཔེ་ཀློག་ལ་སྤྲོ་བས་འཇུག་ཅིང་དཔེ་ཀློག་གིས་མི་ཚེའི་མདུན་ལམ་འོད་ཀྱིས་གསལ་བའི་སྟ་གོན་མཛད།

སྡེ་རོང་རྫོང་དུ་དཔེ་ཀློག་གི་དགའ་སྣང་ཆུང་ནས་གོམས་སུ་འཇུག་ཞིང་། བྱིས་པ་ཆུང་ཆུང་དག་ལ་དཔེ་ཀློག་ལ་སྤྲོ་བ་སྐྱེས་སུ་འཇུག།

ཕྱག་ཕྲེང་རྫོང་དུ་དཔེ་ཆའི་དྲི་བསུང་འཐུལ་བའི་ཕྱག་ཕྲེང་བ་ཞེས་པའི་བྱེད་སྒོ་སྤེལ་ཞིང་། བྱིས་པ་དག་ལ་མི་ཚེར་འོད་སྣང་ལྡན་དགོས་ན་དཔེ་ཀློག་ལ་གོམས་སུ་འཇུག་དགོས་པའི་ངེས་ཤེས་སྐྱེས་སུ་འཇུག་སྟེ་བྱིས་པ་ཆུང་ཆུང་དཔེ་ཀློག་ལ་ཆུང་ནས་གོམས་སུ་འཇུག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1