ཧུང་ཡོན་རྩྭ་ཐང་ཆེན་མོའི་མག་སར་སྡེ་བར་བཙུགས་པའི་འོད་ཤུགས་དབུལ་སྐྱོར་གྱི་གློག་འདོན་ལས་གྲྭ།
ལས་མི་རྣམས་ཀྱིས་འཕྲུལ་འཁོར་ཁང་དུ་གློག་ཤུགས་བཀོད་གཏོང་གི་གནས་ཚུལ་ལ་ལྟ་བཞིན་པ།
ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་མག་གསར་སྡེ་བར་གློག་དྲ་མཉམ་སྦྲེལ་གློག་འདོན་བྱས་མ་ཐག་པའི་ཧུང་ཡོན་འོད་ཤུགས་ཧོ་ཚེ་འཕར་ཐེངས་ས་ཡ20གཅིག་འདུས་བྱས་པའི་འོད་ཤུགས་གློག་འདོན་བརྟན་འཇགས་ངང་འཁོར་སྐྱོད་བྱེད་ཀྱིན་ཡོད་པ་དང་། སྟར་ལ་བསྒྲིགས་པའི་ཉི་གློག་གི་ཤེལ་ལེབ་རྣམས་ནི་ཉི་འོད་འོག་ཏུ་བཀྲག་མདངས་རྒྱས་པ་ཞིག་རེད།
ལས་གཞི་འདིའི་ས་ཁྱོན་གྱི་ཟིན་ཚད་མུའུ391ཡིན་ལ། ཀྲུང་གོའི་གློག་ཤུགས་མ་འཇོག་ཀུང་སིས་སྒོར་དུང་ཕྱིར1.4ཡི་མ་རྩ་བཞག་ནས་བསྐྲུན་པ་ཞིག་རེད། ལོ་རེའི་གློག་འདོན་ཚད་ནི་སྟོང་ཝ་ཆུ་ཚོད2624ཡིན་པར་མ་ཟད། རང་རེའི་ཞིང་ཆེན་གྱི་ཆེས་ཐོག་མའི་ཐོན་སྐྱེད་བྱེད་མགོ་ཚུགས་པའི་གཅིག་འདུས་ཀྱི་རྣམ་པའི་འོད་ཤུགས་དབུལ་སྐྱོར་གྱི་གློག་འདོན་ས་ཚུགས་ཡིན། ལས་གཞི་ཐོན་སྐྱེད་བྱེད་མགོ་ཚུགས་པ་ནས་བཟུང་། རྫོང་དེའི་ལོ་རེའི་དབུལ་སྐྱོར་གྱི་མ་དངུལ་སྒོར་ཁྲི243.6ཡར་འཕར་ཡོད་པ་དང་། ངལ་རྩོལ་བྱེད་པར་ནུས་པ་མེད་ཅིང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་བོ2436ལ་ལོ་རེར་སྒོར1000གི་ཡོང་འབབ་འཕར་ཐུབ་པ་བྱས་འདུག་གོ།