ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་5པའི་ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་ལ་ཡིག་སོགས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་གཉེར་བར་ཐེངས་གཅིག་ལས་འགྲོ་དགོས་མེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་རེད་འདུག་པས། རེ་འདུན་ཞུ་མཁན་གྱིས་རྒྱལ་མཚམས་ནས་གྲོང་འོང་བྱེད་པའི་འགྲོ་ལུགས་གཉེར་སའི་སྐར་ཁུང་དུ་བསྐྱོད་ན། ཐེངས་གཅིག་རང་དུ་ལམ་ཡིག་གཉེར་ཐུབ་རྒྱུ་རེད་འདུག
“ཐེངས་གཅིག་ལས་འགྲོ་དགོས་མེད་པའི”ལམ་ལུགས་ལས་ལག་ཁྱེར་གཉེར་སྟངས་སྟབས་བདེ་རུ་འགྲོ་རྒྱུ་རེད། དེ་ཡང་དེ་སྔ་ལག་ཁྱེར་གཉེར་སྐབས་ཡུལ་དུས་མི་འདྲ་བའི་ནང་འདྲ་པར་སྐྱེལ་བ་དང་། མཛུབ་རིས་བླུག་པ། རེ་ཞུའི་དཔྱད་གཞིའི་ཡིག་ཆ་སྐྱེལ་བ། ལག་ཁྱེར་གྱི་རིན་སྤྲོད་པ་སོགས་བྱེད་དགོས་ཀྱི་ཡོད། འོན་ཀྱང་ཟླ་5པའི་ཚེས་1ཉིན་ནས་བཟུང་། དུས་ཚོད་གཅིག་ནང་ས་ཆ་གཅིག་ཏུ་གཉེར་ཆོག་གི་ཡོད་པ་རེད། ད་དུང་། ཞིང་ཆེན་དང་ས་ཆ་གཞན་ནས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལག་ཁྱེར་གྱི་རེ་འདུན་ཞུས་ཚེ། ཞིབ་མཆན་འགོད་པའི་དུས་བཀག་ཉིན་30ནས་20བར་ཐུང་དུ་གཏོང་རྒྱུ་རེད་འདུག