ཁྲོ་ཆུ་རྫོང་བཀྲ་བཟང་སྡེ་བ་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་པ།

ཚེ་རིང་དབང་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07


        ཐོན་ལས་དར་སྤེལ་ནི་དབུལ་ཐར་གྱི་བགྲོད་ལམ་ཉག་གཅིག་ཡིན་པས། ཉེ་བའི་ལོ་འགའི་རིང་དུ་ཁྲོ་ཆུ་རྫོང་འདྲི་ཏོ་ཡུལ་ཚོའི་བཀྲ་བཟང་སྡེ་བས་རང་གནས་ཀྱི་ཐོན་ཁུངས་བཟང་བོ་དང་། ཁྱད་འཕགས་ཀྱི་དགེ་མཚན་ལ་བརྟེན་ཏེ་སྨན་སྣ་ཧུང་མའོ་ཝུའུ་ཅཱ་བཏབ་ཏེ་དབུལ་ཐར་འགག་སྒྲོལ་གྱི་བགྲོད་ལམ་གསར་བ་རྙེད་པས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་བཟང་དུ་གྱུར།
        ཟླ་བཞི་བའི་གོམ་སྟབས་དལ་གྱིས་སླེབས་ཙ་ན་བཀྲ་བཟང་སྡེ་བའི་རི་ཆུ་ཀུན་གཏི་མུག་གཉིད་ལས་བསླངས་པ་དང་།  སྐབས་དེ་ནི་བཀྲ་བཟང་སྡེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་སྨན་སྣ་ཧུང་མའོ་ཝུའུ་ཅཱ་འདེབས་པའི་དུས་སྐབས་བཟང་ཤོས་ཡིན་པ་དང་། ན་ནིང་བཀྲ་བཟང་སྡེ་བས་རང་གནས་ཀྱི་གནམ་གཤིས་དང་རི་སྐྱེས་སྨན་སྣ་ཧུང་མའོ་ཝུའུ་ཅཱའི་སྐྱེས་ཚུལ་གཉིས་ཟུང་དུ་སྦྲེལ་ནས།སྡེ་མི་རྣམས་ཀྱིས་ས་བབ་དང་བསྟུན་ཏེ་སྨན་སྣ་ཧུང་མའོ་ཝུའུ་ཅཱ་འདེབས་གསོ་བྱས་པ་མ་ཟད། ཚད་དང་མཐུན་པའི་ཐོན་ལས་ཀྱི་ཕྱོགས་སུ་གོམ་སྟབས་སྤོས་ཏེ་སྡེ་མི་རྣམས་དབུལ་ཕོངས་ལས་ཐར་ཤིང་འབྱོར་འབྲིང་དུ་སྙེག་པར་སྐུལ་འདེད་བཏང་།
        ཧུང་མའོ་ཝུའུ་ཅཱ་འདེབས་གསོ་ལྟེ་གནས་ནས་སྡེ་མི་རྣམས་ཀྱིས་ཆེད་མཁསཔས་ཧུང་མའོ་ཝུའུ་ཅཱ་འདེབས་ཚུལ་སྐོར་གྱི་གསུང་བཤད་ལ་ནན་ཏན་གྱིས་ཉན་པ་མ་ཟད། ཆེད་མཁས་པས་ཧུང་མའོ་ཝུའུ་ཅཱ་སྐྱེ་གནས་ཀྱི་ཆ་རྐྱེན་དང་། ས་བོན་འདེམ་ཚུལ།  གསོ་སྐྱོང་བྱ་ཚུལ་སོགས་རེ་རེ་བཞིན་ཕྲ་ཞིང་ཞིབ་པའི་སྒོ་ནས་གསལ་བཤད་བྱས།
        ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་མི་རིགས་གསོ་རིག་གླིང་གི་གླིང་གཙོ་གཞོན་པ་ཀའོ་རེའུ་ཡིས་མཚམས་སྦྱོར་ལྟར་ན་ཧུང་མའོ་ཝུའུ་ཅཱ་བཏབ་རྗེས་འབྲས་བུ་མྱུར་དུ་བཏོག་མི་རུང་ལ།དེའི་སྐབས་སུ་འབྲས་བུ་ཅུང་ཙམ་ཐོགས་པའི་སྐབས་ཡིན་པ་དང་། དེའི་ཁྱོད་ཀྱིས་བཏོགས་ན་མྱུར་དུ་ལོ་མ་སྐྱེས་པ་རེད།  ལོ་མ་སྐྱེས་ན་དེའི་རྐང་རྩ་དེ་འདྲའི་བཟང་བོ་མིན་པ་དང་།ལོ་མའང་རིང་བོ་སྐྱེས་ཏེ་གསོན་པའི་ཉམས་སྟོན་ཡང་དེ་ནི་སྔ་མོ་ནས་ཤི་ཟིན་པ་རེད་ཟེར།
        ཆེད་མཁས་པའི་མཛུབ་སྟོན་ལྟར་དུ་སྡེ་མི་རྣམས་ཀྱིས་འགྱིང་ཤོག་བཏིངས་པ།ཐིག་རིས་འཐེན་པ།ས་བོན་གཏོར་བ་བཅས་བསྒྲུབས་པ་དང་།དེ་ནི་སྡེ་མི་རྣམས་ཀྱིས་ཆེས་ཐོག་མར་ཧུང་མའོ་ཝུའུ་ཅཱའི་མྱུ་གུ་འདེབས་འཛུགས་བྱས་པ་རེད་ལ།དེའི་གོ་རིམ་ཚང་མ་གཅིག་མཚུངས་ཡིན་པ་རེད། ཁྲོ་ཆུ་རྫོང་འདྲི་ཏོ་ཡུལ་ཚོ་བཀྲ་བཟང་སྡེ་བའི་ཧྲུའུ་ཅི་དང་བོ་ཝུའུ་ཡུང་ཀོང་གིས་མཚམས་སྦྱོར་ལྟར་ན། ང་ཚོས་སྔོན་ལ་རྒྱུས་ལོན་བྱ་ཆེད་དང་ཆེད་མཁས་ཚོགས་པར་འབྲེལ་བ་བྱས་པ་ཡིན།བཀྲ་བཟང་སྡེ་བ་ནི་ཧུང་མའོ་ཝུའུ་ཅཱ་འདེབས་པར་འཚམས་ལ། དེའི་ས་བབ་ཀྱི་མཐོ་ཚད་ལ་སྨི་སྟོང་གསུམ་ཉིས་བརྒྱ་ཡས་མས་ཡོད།རི་མགོར་ཧུང་མའོ་ཝུའུ་ཅཱ་མང་པོ་སྐྱེས་ཡོད་པ་རེད། ད་སྐབས་ང་ཚོས་ཧུང་མའོ་ཝུའུ་ཅའི་འགྱིག་གུར་རྟེན་གཞི་འཛུགས་རྩིས་བྱེད་སྒང་ཡིན་ལ།ང་ཚོས་2018ལོར་བཀྲ་བཟང་སྡེ་བའི་ཐུན་མིན་དཔལ་འབྱོར་འཛུགས་སྐྲུན་དང་མི་སེར་ཕྱུག་འགྱུར་ཡོང་བར་བགྲོད་ལམ་གསར་བ་ཞིག་བཏོད་ཡོད་ཅེས་བཤད།
        མིག་སྔར། བཀྲ་བཟང་སྡེ་བའི་ཧུང་མའོ་ཝུའུ་ཅཱ་གསོ་སྤེལ་རྟེན་གཞི་རུ་མུའུ་གཅིག་དང་གྲངས་ཆུང་ལྔའི་འགྱིག་གུར་ལེགས་འགྲུབ་བྱུང་ཡོད་པ་དང་།
ས་བབ་དང་བསྟུན་པའི་ཐོན་ལས་གོང་འཕེལ་ནི་སྡེ་དམངས་ཀྱི་ཡོང་འབབ་གཙོ་བོར་གྱུར་ཡོད་པ་དང་།དུས་མཚུངས་སུ་འབྱོར་འབྲིང་སྤྱི་ཚོགས་དུ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1