ཉེ་ལམ། མཛོད་དགེ་རྫོང་གི་ལུས་ཁམས་བདེ་སྲུང་ས་ཚིགས་དང་རྨེ་ཆུ་ཡུལ་ཚོའི་འཕྲོད་བསྟེན་ཁང་གཉིས་ཀྱིས་ཡུལ་ཚོ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་མི་ལ་རིན་མི་དགོས་པར་ལུས་ཁམས་བརྟག་དཔྱད་བྱས།
གོམ་གང་མདུན་སྤོས་ངང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་ཆེད། ཁྱོན་ཡོངས་ནས་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མཛོད་དགེ་རྫོང་གི་ལུས་ཁམས་བདེ་སྲུང་ས་ཚིགས་དང་རྨེ་ཆུ་ཡུལ་ཚོའི་འཕྲོད་བསྟེན་ཁང་གཉིས་ཀྱིས་ཡུལ་ཚོ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་མི་ལ་རིན་མི་དགོས་པར་ལུས་ཁམས་བརྟག་དཔྱད་བྱས་ཏེ། རང་ཉིད་ཀྱི་ལུས་པོའི་བདེ་ཐང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱུང་ནས། སྔ་མོ་ནས་ཞིབ་བཤེར་དང་སྔ་མོ་ནས་ཤེས་པ། ནད་ཡོད་ན་སྨན་བཅོས་དང་མེད་ན་སྔོན་འགོག་སོགས་ཀྱི་ཚད་གཞི་གཞིར་བཟུང་ནས། ཟླ་5བའི་ཚེས་21ཉིན་བསྡོམས་པས་མི་གྲངས་100ལྷག་ལ་ཞིབ་བཤེར་བྱས་པ་དང་། ཉིན་གཉིས་རིང་བསྡོམས་པས་མི་གྲངས་300ལྷག་ལ་ལུས་ཁམས་བརྟག་དཔྱད་བྱས།
ལུས་ཁམས་བརྟག་དཔྱད་རྣམ་གྲངས་ཀྱི་ཁོངས་སུ་གཟུགས་པོའི་རིང་ཚད་དང་ལྗིད་ཚད་འཇལ་བ། ཁྲག་ཤེད་དང་མོ་ནད་ཞིབ་བཤེར། Bསྒྲ་རླབས་བརྟག་དཔྱད་སོགས་ཡོད།
དབུལ་ཕོངས་ཁྱིམ་ཚང་ལ་ལུས་ཁམས་བདེ་ཐང་གི་བརྟག་དཔྱད་ལས་དོན་སྤེལ་བ་བརྒྱུད། ཐབས་ཤེས་གང་ལེགས་བེད་སྤྱད་ནས་བདེ་སྲུང་གི་ཤེས་བྱ་དྲིལ་སྒྲོག་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གནང་བ་དང་། དུས་མཚུངས་སུ།གྲོང་མིས་འབྲེལ་ཡོད་ནད་རིགས་དང་ལུས་ཁམས་བདེ་སྲུང་གི་ཤེས་བྱ་ཤེས་རྟོགས་ཚད་སྔར་ལས་ཇེ་མཐོར་སོང་བ་དང་། བདེ་ཐང་གི་འདུ་ཤེས་དང་ནད་རིགས་སྔོན་འགོག་བྱེད་པའི་ནུས་པ་ཡང་ཇེ་མཐོར་བཏང་བ་རེད།