ལོ་རྟག་པའི་བོད་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་ནི་རྟའུ་ཡི་དམངས་ཁྲོད་ཀྱི་ལྔ་པའི་དུས་ཆེན་ཡིན་ཞིང་། རྫོང་དེའི་ལོ་རྒྱུས་ཡིག་རིགས་སུ་བཀོད་པ་ལྟར་ན། སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས་ནས་ཡུལ་ལྷ་གཞི་བདག་ཚང་མ་ལྷན་དུ་འཛོམས་ཏེ་མི་ཡུལ་ལ་བདེ་སྐྱིད་གནང་བར་བརྟེན། ཉིན་དེར་ས་གནས་དེ་གའི་གྲོང་སྡེ་ཆེ་ཆུང་མཐའ་དག་གིས་མཆོད་འབུལ་མཛད་སྒོ་སྤེལ་སྲོལ་ཡོད་པ་རེད།
2018ལོའི་སྤྱི་ཟླ6པའི་ཚེས27ནས་ཚེས29ཉིན་བར། རྟའུ་རྫོང་གིས་སྐབས་བཞི་པའི་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ་ཡིན་པ་རེད། ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་ཁམས་ཀྱི་སྣོད་བཅུད་མཛེས་སྡུག་ཁྲོད། རྟའུ་དཔལ་སྨད་ལྷག་ཏུ་མཛེས་ཞེས་པ་དེ་རེད།
བྱེད་སྒོའི་ནང་དོན་གཙོ་བོ་གསུམ་ཏེ། གཅིག་ནི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་དང་གཉིས་ནི་སོ་ནམ་ཞབས་བྲོ་འགྲན་བསྡུར། གསུམ་ནི་སོ་ནམ་གླུ་དབྱངས་འགྲན་བསྡུར་བཅས་རེད།།