ཟླ་7ཚེས་2ཉིན་དང་ཚེས་3ཉིན་ལ། བོད་རིགས་མོ་ཐྲོལ་གྱི་འགྲན་བསྡུར་ཆེན་མོ་ལྷ་སར་སྤེལ་བ་རེད། བོད་ལྗོངས་ས་གནས་ཁག་ནས་ཡོང་བའི་མོ་ཐྲོལ་40ལྷག་ཞུགས་ཡོད་པ་རེད། གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་འགྲན་བསྡུར་ནང་ནས་རྒྱལ་ཁ་ཐོབ་མཁན་དེ་ཀན་ལྷོར་རྒྱལ་ཡོངས་ཀྱི་བོད་རིགས་མོ་ཐྲོལ་གྱི་མཐའ་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།