FAST项目的科学意义非常重大。建望远镜是瞄准21世纪的科学前沿,寻找暗物质、暗能量。现在宇宙中有99%的质量和能量都是它,但不知道它是什么,不知道它的特性是什么。FAST不仅让中国的天文学家为之振奋,全世界的天文学家也在紧盯着它——寄希望于这个最大的"天眼"或许能找到外星人,并解开宇宙起源之谜。
འཛམ་གླིང་སྟེང་ཁ་ཞེང་ཆེས་ཆེ་བའི་འཕྲོ་གློག་རྒྱང་ཤེལ་ཏེ། ཕྱི་རྒྱལ་གྱི་སྐད་དུ་FASTཟེར་ཞིང་། སྨི་ལྔ་བརྒྱའི་ཁ་ཞེང་ཅན་གྱི་ཟླུམ་ངོས་འཕྲོ་གློག་རྒྱང་ཤེལ་གྱི་བསྡུས་ཚིག་ཡིན། ཀྲུང་གོ་པས་འཛུགས་སྐྲུན་གྱི་ཕྱིའི་རྣམ་པ་དང་བྱེད་ནུས་ལ་གཞི་བཅོལ་ནས་”མཁའ་མིག”ཅེས་བརྗོད་བཞིན་ཡོད་ལ། འདི་ནི་རྒྱལ་ཁབ་ཚན་ཁྱབ་འགོ་ཁྲིད་ཚན་ཆུང་གིས་གྲོས་ཞིབ་བྱས་ནས་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་ཆས་ཆེ་ཤོས་དགུ་ཡི་ཡ་གྱལ་ཡིན། ལས་གཞི་འདིར་ཀྲུང་གོའི་ཚན་རིག་པས་རང་བདག་གི་འཆར་འགོད་དང་རང་རྒྱལ་ཀའེ་ཀྲུའུ་ལྷོ་ཁུལ་ཁོ་སེ་ཐེ་གཞོང་སའི་ས་བབ་ཆ་རྐྱེན་དང་བསྟུན་ནས། རྒྱ་ཁྱོན་ལ་རྐང་གྲུག་ལུས་རྩལ་ཐང་30ཡོད་པའི་སྐྱེན་ཚད་མཐོ་བའི་འཕྲོ་གློག་རྒྱང་ཤེལ་བསྐྲུན་ཡོད།
མཁའ་མིག་གིས་ཀྲུང་གོའི་བར་སྟོང་ཚད་ལེན་ཚོད་འཛིན་གྱི་ནུས་པ་དེ་སའི་གོ་ལའི་མཉམ་བགྲོད་བཤུལ་ལམ་ནས་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་དུ་བསྐྱལ་ཡོད་ལ། སྟོང་ཁམས་ཀྱི་བརྡ་འཕྲིན་གྲངས་གཞི་མར་འབབ་མྱུར་ཚད་ལྡབ་100ཇེ་མགྱོགས་སུ་གཏང་ཡོད་ལ། དེའི་བཀོལ་སྤྱོད་རིན་ཐང་བཤད་ན་སྔོན་སྐྱོད་རང་བཞིན་ལྡན་པའི་ཞིབ་འཇུག་རྩ་འཕར་འགྱུར་སྐར་དུས་ཚོད་བཟོ་ཐུབ་ལ། བར་སྟོང་གི་གཉོམ་པའི་བརྡ་རྟགས་བརྟག་དཔྱད་ངོས་འཛིན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཞབས་ཞུ་ཞུས་ནས་དག་སེལ་ཚད་མཐོ་བ་དང་ལས་ཕྱོད་མཐོ་བའི་ས་ངོས་བརྟག་དཔྱད་མཁོ་འདོན་བྱས་ཡོད་པ་རེད། དེ་མིན་ཉིན་འཛིན་འོད་ཀོར་གྱིས་དངོས་པོ་འཕེན་པའི་དོན་རྐྱེན་ལ་རྗེས་འདེད་བརྟག་དཔྱད་བྱས་ཏེ་སྟོང་ཁམས་ཆེན་མོའི་གནམ་གཤིས་སྔོན་བརྡ་ལ་ཞབས་ཞུ་ཞུ་བཞིན་ཡོད།
མཁའ་མིག་ལས་གཞིའི་ཚན་རིག་གི་དོན་སྙིང་ཤིན་ཏུ་ཆེ་ལ། རྒྱང་ཤེལ་བཟོ་བ་ལས་དུས་རབས་21པའི་ཚན་རིག་གི་མདུན་ཕྱོགས་ལ་ཁ་ཕྱོགས་ཤིང་། གསང་བའི་དངོས་པོ་དང་གསང་བའི་ནུས་རྒྱུ་འཚོལ་སྙེག་བྱེད་བཞིན་ཡོད། ད་ལྟ་འཇིག་རྟེན་ཁྲོད་ཀྱི་99%ཡི་དངོས་པོ་དང་ནུས་རྒྱུ་དེ་དག་ཡིན་མོད། དེ་དག་ཅི་ཞིག་ཡིན་པ་དང་། དེ་དག་གི་བྱེད་ནུས་དང་ཁྱད་ཆོས་གང་འདྲ་ཡིན་པ་སོགས་རྟོགས་མཁན་གཅིག་ཀྱང་མེད། མཁའ་མིག་གིས་ཀྲུང་གོའི་གནམ་དཔྱད་རིག་པས་ལས་གཞི་འདིའི་ཆེད་དུ་ཧུར་བརྩོན་བྱེད་པ་ལས་གཞན། གོ་ལ་ཧྲིལ་པོའི་གནམ་དཔྱད་རིག་པ་བ་དག་གིས་མིག་ཅེར་ནས་འདིའི་ཕྱོགས་སུ་བལྟས་ཡོད་ལ། ཁོ་ཚོས་འཛམ་གླིང་སྟེང་ཆེས་ཆེ་བའི་མཁའ་མིག་གིས་གོ་ལ་ཕྱིའི་མི་དང་འཇིག་རྟེན་བྱུང་བའི་སྐོར་གྱི་གསང་བ་བརྟོལ་ཐུབ་པར་རེ་བ་བཅངས་ཡོད།
ཀྲུང་གོའི་མཁའ་མིག་གི་ཆེ་ཆུང་ཅི་འདྲ་ཡིན་ནམ་ཞེས་ཡང་གཅིག་དྲིས་ན། རྒྱང་ཤེལ་གྱི་གདུང་མ་སྐོར་བ་གཅིག་བརྒྱབ་ན་དུས་ཚོད་སྐར་མ་43དགོས་ལ། མཁའ་མིག་གི་མིག་སྒམ་ནི་ངར་ལྕགས་ཀྱིས་བཟོས་པའི་གདུང་མ་ཡིན་ལ། གདུང་མའི་སྟེང་དུ་བུད་ནས་མར་ལ་བལྟ་དུས། དོང་ཆེན་པོ་ཞིག་གི་ནང་དུ་སྐར་ཚོགས་རྣམ་པར་བཀྲ་བ་ལྟ་བུའི་དྲ་བས་ཁེང་འདུག་ལ། གདུང་མ་དེ་སྨི་6དང་སྨི་5ཅན་གྱི་ངར་ལྕགས་ཀྱི་ཀ་བས་གནམ་ལ་བཏེགས་ཡོད། མཐའ་འཁོར་རིང་ཚད་ལ་སྤྱི་ལེ་1.6ཡོད།
རྒྱལ་ཁབ་གནམ་དཔྱད་སྟེགས་བུ་མཁའ་མིག་བཟོ་སྐྲུན་ལག་རྩལ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སའི་གོ་ལའི་ཕྱི་རོལ་གྱི་བརྡ་འཕྲིན་ཚུར་ལེན་བྱེད་དགོས་ན། མཁའ་མིག་གི་བྱེད་ནུས་དེ་མཁའ་མིག་གི་ཆེ་ཆུང་དང་འབྲེལ་བ་ཆེན་པོ་ཡོད་ལ། སྟབས་བདེའི་སྒོ་ནས་ལབ་ན། མིག་ཅི་འདྲ་ཆེ་ན་མཐོང་ཚད་དེ་བས་ཆེ་བ་ནང་བཞིན་རེད། དེ་ལས་ངོ་མཚར་བ་མཁའ་མིག་གཏན་འཇགས་མིན་པར། རྒྱང་ཤེལ་གྱི་དྲ་བའི་ཆགས་ཚུལ་དེ་གནམ་གཟིགས་ཀྱི་འགུལ་སྐྱོད་དང་བསྟུན་ནས་ལྡོག་འཕྲོའི་ངོས་4450འགྱུར་ལྡོག་འབྱུང་བཞིན་ཡོད་པས། གནམ་གཟུགས་ཆེ་ཤོས་ལ་ལྟ་རྟོག་བྱེད་ཐུབ་ལ་ལས་སྒྲུབ་ཁང་གིས་གནམ་གཟུགས་ཀྱིས་བཏང་བའི་སྐུད་མེད་གློག་རླབས་འཚོལ་སྡུད་བྱེད་ཐུབ། དེ་མིན་མི་རྣམས་ཀྱིས་རང་ཉིད་ཀྱི་མིག་འབྲས་འཁོར་སྐྱོད་བྱས་ནས་ཁ་ཕྱོགས་འཚོལ་བ་དང་འདྲ་བར། འོད་ལོ་དུང་ཕྱུར་བརྒྱ་ཡི་ཕྱི་རོལ་གྱི་འཕྲོ་གློག་བརྡ་རྟགས་ཡང་ཀྲུང་གོའི་མཁའ་མིག་གིས་ཕལ་ཆེར་འཛིན་ཐུབ། དེ་བས་འཇིག་རྟེན་རང་བཞིན་གྱི་བརྡ་འཕྲིན་འཚོལ་སྡུད་བྱས་ནས་གོ་ལ་ཕྱིའི་དཔལ་ཡོན་ཅི་འདྲ་ཡིན་པ་འཚོལ་སྙེག་བྱེད་ཐུབ།
རྒྱལ་ཁབ་གནམ་དཔྱད་སྟེགས་བུའི་ཐེ་ཀྲང་སྟེ། མཁའ་མིག་ལས་གཞིའི་རྒྱུན་ལས་སྤྱིའི་བཀོད་འདོམ་པ་གཞོན་པ་ཀྲིན་ཞོ་ཉན་གྱིས་བཤད་པ་ལྟར་ན། མཁའ་མིག་འགྲུབ་པ་ནས་བཟུང་འཇིག་རྟེན་ཁྲོད་ཀྱི་རང་བཞིན་སྙོམས་པའི་ཅིན་དང་། སྐར་ཁུངས་ཀྱི་འདུས་རྡུལ། རྩ་འཕར་འགྱུར་སྐར། སྐར་མའི་བར་སྟོང་གི་བརྡ་འཕྲིན་འཚོལ་སྙེག་བྱེད་ཐུབ། མཁའ་མིག་འདི་རིག་ཚན་གང་མང་གིས་རྨང་གཞི་བྱས་པའི་ཞིབ་འཇུག་སྟེགས་བུ་ཞིག་ཡིན་ལ། ལོ་གཅིག་གི་དུས་ཡུན་ཁྲོད་རྩ་འཕར་འགྱུར་སྐར་7000འཚོལ་སྙེག་བྱེད་ཐུབ། དེ་མིན་ཚད་བརྒལ་རང་བཞིན་འོག་གི་དངོས་པོའི་གྲུབ་ཚུལ་དང་དངོས་ལུགས་རང་བཞིན་ལ་ཞིབ་འཇུག་བྱས་ནས། ཁྱད་མཚར་སྐར་མ་དང་རིགས་རྒྱུ་བརྒལ་བའི་སྐར་མ་རྙེད་པའི་སྲིད་ཕྱོད་ཆེ།
ཀྲུང་གོའི་མཁའ་མིག་ལས་འགྲུབ་བྱུང་རྗེས། ས་ངོས་ཀྱི་ཆེས་ཆེ་བའི་འཕྲུལ་ཆས་ཏེ། ཁ་ཞེང་ལ་སྨི་100ཡོད་པའི་འཇར་མན་གྱི་ཨེར་ཧྥེ་སི་པོ་ཀེ་རྒྱང་ཤེལ་དང་བསྡུར་ན། སྐྱེན་ཚད་ལྡབ་10ལས་བརྒལ་ཞིང་། མིའི་རིགས་ཀྱི་དུས་རབས་20པའི་ཨ་རིའི་ཁ་ཞེང་སྨི་300ཅན་གྱི་འཕྲོ་གློག་རྒྱང་ཤེལ་ཨ་ལེ་ཞི་པོ་དང་བསྡུར་ན། མཁའ་མིག་གི་སྐྱེན་ཚད་ལྡབ་2.25ཡིས་མགྱོགས།
མཁའ་མིག་ལས་གཞི་འདི་ཀྲུང་གོའི་ཚན་རྩལ་གླིང་རྒྱལ་ཁབ་གནམ་དཔྱད་རིག་པའི་འགོ་འཛིན་བྱས་ཏེ། རྒྱལ་ཡོངས་ཀྱི་སློབ་ཆེན་20ལྷག་དང་ཞིབ་འཇུག་སའོ་བརྒྱ་ལྷག་གི་ཚན་རྩལ་མཁས་པ་མང་པོ་ལས་གཞི་འདིར་ཞུགས་ཡོད། 2007ལོའི་ཟླ་7པར་ལས་གཞི་གཏན་འཁེལ་བྱས་ཤིང་། 2011ལོའི་ཟླ་3པའི་ཚེས་25ཉིན་ལ་མཁའ་མིག་ལས་གཞི་དངོས་སུ་བསྐྲུན་འགོ་བརྩམ་ཞིང་། འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཟླུམ་ངོས་འཕྲོ་གློག་རྒྱང་ཤེལ་དེ་2016ལོའི་ཟླ་9པའི་ཚེས་25ཉིན་ལས་གཞི་གྲུབ་པ་རེད། །