སི་ཁྲོན་གཟི་ཚ་སྡེ་དགུ་རྫོང་མཁར་དུ་བསྐྱོད་པའི་ལམ་དུམ་མང་པོ་ཆད་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18
ཟླ་6པའི་ཟླ་མཇུག་ནས་བཟུང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་ལ་དྲག་ཆར་ཐེངས་མང་བབས་པས་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་ཡོད་ཅིང་། ཟླ་7ཚེས་1ཉིན་ནས་བཟུང་། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གནས་སྐབས་སུ་སྒོ་བརྒྱབ་ཡོད། ཉེ་ཆར་སླར་ཡང་དྲག་ཆར་གྱིས་གཙེས་པས། གཟི་ཚ་སྡེ་དགུ་རྫོང་མཁར་དུ་བསྐྱོད་པའི་ལམ་དུམ་མང་པོ་ཆད་འདུག
གསར་འགོད་པས་ཚེས་13ཉིན་གཟི་ཚ་སྡེ་དགུ་རྫོང་ཨུ་དྲིལ་བསྒྲགས་སྡེ་ཁག་ནས་ཤེས་རྟོགས་བྱུང་གསལ། གཟི་ཚ་སྡེ་དགུ་རྫོང་ནས་ཕིང་ཝུའུ་རྫོང་དང་། མཛོད་དགེ་རྫོང་། ཀན་སུའུ་ཞིང་ཆེན་ཝུན་རྫོང་དུ་བསྐྱོད་པའི་ལམ་དུམ་ཕལ་ཆེར་ཆད་ཡོད་པ་རེད། གཟི་ཚ་སྡེ་དགུའི་ཤང་དང་གྲོང་རྡལ་ཁ་ཤས་ལ་བརྡ་འཕྲིན་ཆད་པ་དང་། ཁ་ཤས་ལ་གློག་ཆད་པའི་གནས་ཚུལ་བྱུང་འདུག
ཚེས་11ཉིན་གྱི་མཚན་མོར། གཟི་ཚ་སྡེ་དགུ་ནས་ཟུང་ཆུ་རྫོང་བར་གྱི་ལམ་དུམ་ཞིག་གསོ་བྱས་པས་རླངས་འཁོར་ཆུང་ཆུང་བསྐྱོད་ཐུབ་ཀྱིན་ཡོད།
མིག་སྔར། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ནི་ད་དུང་སྒོ་བརྒྱབ་པའི་གནས་སྐབས་ཡིན་ཞིང་། གཟི་ཚ་སྡེ་དགུའི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚེས་10ཉིན་བསྟུད་མར་ཆར་པ་བབས་པས། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཆུ་ལོག་དང་འདམ་རྡོ་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་བྱུང་ཡོད་པ་དང་། མིག་སྔར་མི་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བྱུང་མོད་ཀྱང་རྨང་གཞིའི་སྒྲིག་ཆས་མང་པོར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པར་བཤད།