མིང་ལ"ཨ་པའོ་ལུང"ཞེས་བཏགས་པའི་ཁ་ལོ་བ་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཞ་མོན་མཉེན་ཆས་གླིང་དུ་ཐེངས་དང་པོར་བསྟན་ནས་མང་ཚོགས་ལ་ཉམས་སུ་མྱོང་དུ་བཅུག་ཡོད། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་འདི་ཡི་རིང་ཚད་ལ་སྨི་4.3ཡོད་པ་དང་། ཞེང་ལ་སྨི་2ཡོད་ལ། ནང་དུ་མི་14བསྡད་ཆོག་པ་རེད། "ཨ་པའོ་ལུང"གིས་རང་འགུལ་ངང་ཁ་ལོ་བསྒྱུར་ནས་ལམ་བརྗེ་བ་སོགས་བྱེད་ཐུབ་པ་དང་། རླངས་འཁོར་ནང་དུ་ཁ་སྒྱུར་འཁོར་ལོ་དང་ཁ་ལོ་བ་སྡོད་ས་བཅས་སྒྲིག་བཀོད་བྱས་མེད་པ་དེས་གྲོང་མི་མང་པོ་རླངས་འཁོར་དུ་སྡོད་པར་བཀུག་ཡོད།