རྔ་བ་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ།

མགོན་པོ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-24



   ཉེ་བའི་ལོ་ཤས་རིང་རྔ་བ་ཁུལ་ཞིང་ཕྱུགས་ལས་ཅུས་ཀྱིས་གྲོང་གསེབ་དར་རྒྱས་སུ་འགྲོ་བའི་འཐབ་ཇུས་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ནས། ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་བྱེད་པ་གཙོ་བོར་བཟུང་སྟེ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་པ་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བ་དང་།  སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བ་དང་།   ལྗང་མདོག་གི་རྣམ་པས་ཞིང་ལས་དར་རྒྱས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་པ། དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་རྒྱ་བསྐྱེད་བཏང་ནས།  ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་བ་དང་ཡོང་སྒོ་འཕར་སྣོན་ཡོང་བར་འབད་བརྩོན་བྱེད་དགོས།  ནུས་ཤུགས་ཡོད་རྒུས་ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་ཁྱད་ཐོན་འཕེལ་རྒྱས་སུ་བཏང་བས། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་གནས་ཚུལ་བཟང་པོ་སྲུང་འཛིན་བྱེད་བཞིན་ཡོད། ལོ་སྟོད་དུ་ཚོད་རྩིས་བྱས་པ་ལྟར་ན། ཞིང་འབྲོག་མང་ཚོགས་ཀྱི་བཀོལ་ཆོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་ནི་སྒོར་4961ཡིན་ལ།  དུས་མཉམ་དང་བསྡུར་ན་བརྒྱ་ཆ་10འཕར་སྣོན་བྱུང་ཡོད།
དགེ་མཚན་ལྡན་པའི་ཁྱད་ཐོན་འཕེལ་རྒྱས་གཏོང་བ་སྔར་ལས་ཇེ་མགྱོགས་སུ་གཏོང་བ།
   ཉེ་བའི་ལོ་ཤས་རིང་།  རྔ་བ་ཁུལ་གྱིས་དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་རྟེན་གཞི་འཛུགས་པ་དམིགས་འབེན་དུ་བཟུང་ནས། ཕྱུགས་ལས་ཀྱི་རྒྱ་ཆེ་རུ་གཏོང་བ་དང་འདེབས་འཛུགས་ལས་རིགས་ཞིབ་ཚགས་སྤུས་ལེགས་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་ཀྱི་བཀོད་སྒྲིག་ལེགས་འགྱུར་བྱེད་པར་ཤུགས་སྣོན་བྱེད་པ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ།  འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་བཏང་ནས་ཁྱད་ལྡན་ཤིང་ཏོག་དང་རི་མཐོའི་སྔོ་ཚལ། ནོར་གནག་དང་བོད་ལུག་སོགས་ཀྱི་འཕེལ་རྒྱས་ཐད་ལ་སྐུལ་འདེད་གཏོང་དགོས།
   བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ལ་མ་དངུལ་སྒོར་ཁྲི་24304.6ལྷག་བཏང་བ་དང་། སྔོན་དཔག་བྱས་པ་ལྟར་ན། འབྲུ་རིགས་ས་མུའུ་ཁྲི་4.2དང་སྤྱིའི་ཐོན་འབབ་འབྲི་རིགས་ཏུན་9192ཙམ་ཡིན། སྔོ་ཚལ་ས་མུའུ་ཁྲི་3.5འདེབས་འཛུགས་བྱས་པ་དང་སྤྱིའི་ཐོན་འབབ་ཏུན་ཁྲི་8.8ལྷག་ཡིན། ཁྱད་ལྡན་ཤིང་ཏོག་ས་མུའུ་ཁྲི་25ལྷག་བཏབ།  ཞོག་ཁོག་ས་མུའུ་ཁྲི་2.5བཏབ་ཅིང་། སྤྱིའི་ཐོན་འབབ་ཏུན་ཁྲི་056ཡིན།  ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ལ་མ་དངུལ་སྒོར་དུང་ཕྱུར་1.35བཏང་བ་དང་།  ལོ་སྟོད་དུ་ཕལ་ཆེར་ཕྱུགས་རིགས་ཁྲི་27.15ལྷག་བཙོང་ལ།  དུས་མཉམ་དང་བསྡུར་ན་བརྒྱ་ཆ་4.2ལྷག་འཕར་སྣོན་བྱུང་ཡོད། འདབ་ཆགས་རིགས་ཁྲི་18.658ལྷག་བཙོང་ལ། དུས་མཉམ་དང་བསྡུར་ན་བརྒྱ་ཆ་5ལྷག་འཕར་སྣོན་བྱུང་ཡོད།  ཤ་རིགས་ཀྱི་སྤྱིའི་ཐོན་འབབ་ནི་ཏུན་17085ཡིན་ལ།  དུས་མཉམ་དང་བསྡུར་ན་བརྒྱ་ཆ་4.2ལྷག་འཕར་སྣོན་བྱུང་ཡོད།  འོ་མའི་ཐོན་འབབ་ནི་ཏུན་27658ལྷག་ཡིན་ལ།  དུས་མཉམ་དང་བསྡུར་ན་བརྒྱ་ཆ་2ཙམ་འཕར་སྣོན་བྱུང་ཡོད།  བྱ་སྒོང་གི་ཐོན་འབབ་ཏུན་918ལྷག་ཡིན་ལ།  དུས་མཉམ་དང་བསྡུར་ན་བརྒྱ་ཆ་5.8ལྷག་འཕར་སྣོན་བྱུང་ཡོད་པ་རེད།
མཐོ་སྒང་གི་ཁྱད་ཐོན་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས།
   རྒྱུས་ལོན་བྱུང་བ་ལྟར་ན།  2017ལོར་ཁུལ་ཡོངས་ཀྱི་རྩྭ་ཐང་དུ་ས་མུའུ་2000ལྷག་གི་སར་རྩྭ་བཀག་བྱས་ནས།  ས་མུའུ་ཁྲི་3765སར་རྩྭ་ཕྱུགས་དོ་མཉམ་ཡོང་བ་ལག་བསྟར་བྱས་ལ།  གོང་གི་སྲིད་ཇུས་དེ་གཉིས་ལ་ཐད་ཀར་སྒོར་ཁྲི་24412.5ལྷག་གི་ཁ་གསབ་བྱས་པས།  འོས་འགན་འགྲུབ་ཚད་བརྒྱ་ཆ་100ཡིན་ལ།  ཕལ་ཆེར་ཕྱུགས་ཟོག་ཁྲི་9ལྷག་གི་ཚད་ཇེ་ཉུང་དུ་བཏང་བས།  འོས་འགན་འགྲུབ་ཚད་བརྒྱ་ཆ་100ཡིན། དེ་དང་ཆབས་ཅིག་ཏུ་དམངས་ཕན་སྲིད་ཇུས་མང་པོ་མཉམ་སྤྱོད་བྱས་ཆོག་པས།  རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་ལ་འགེབས་སྲུང་གི་ནུས་པ་ཐོན་ཡོད།  ཚན་རིག་གོང་འཕེལ་ཡོང་དགོས་ན་སྔོན་ལ་སྐྱེ་ཁམས་འཕེལ་རྒྱས་སུ་འགྲོ་དགོས་པ་རྩ་དོན་དུ་བཟུང་ནས།  རྩ་ཐང་བསྡུ་སྤྱོད་ལ་དོ་དམ་ལེགས་པོ་བྱས་ཏེ།  གཞི་རྩའི་རྩྭ་ཐང་གི་གཏན་འབེབས་སོགས་ལེགས་འགྲུབ་བྱེད་པ་དང་།  གོམ་སྟབས་བརྟན་པོས་རྩྭ་ཐང་གི་དབང་ཆའི་འགན་གཙང་ལེན་དང་དདག་དབང་གཏན་འཁེལ། དཔང་ཡིག་སྤྲོད་པའི་ཚོད་ལྟའི་གནས་སོགས་ལ་སྐུལ་སྤེལ་བཏང་ཡོད།

   ད་ལོའི་དཔྱིད་ཀར་ཨ་བྲ་སྔོན་འགོག་དང་རྩྭ་ཐང་གི་ཕྱུགས་ལས་ཚོད་ལྟའི་གནས་ཀྱི་ལས་ཀ་སོགས་ནན་ཏན་གྱིས་སྤེལ་བ་དང་།  ཨ་བྲ་ཁྲི་272ལྷག་མེད་པར་བཟོས་པ་དང་རྩ་མེད་བཏང་ཚད་བརྒྱ་ཆ་90ཡན་ཡིན།  གཞན་སྦགས་བཙོག་བཅོས་སྐྱོང་དང་ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་སོགས་གནད་ཆེའི་ལས་དོན་ཁག་གསུམ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་སྨན་ཐུམ་སྒྲིལ་སྙིགས་རོ་དྲིལ་བསྒྲགས་བྱེད་པའི་ཡིག་བྱང་དང་འཕྲེད་འགེལ་ཡི་གེ་སོགས་བཀལ་བ་མ་ཟད། ཁུལ་ནང་དུ་ཚུར་བསྡུའི་ས་ཚིགས་94ལྷག་བཀོད་སྒྲིག་བྱས་ཡོད་ལ། སྨན་དམ་དང་ཁུག་མ་སོགས་གད་སྙིགས་རིགས་32459ལྷག་ཚུར་བསྡུས་པ་མ་ཟད།  གད་སྙིགས་ཁྲི3ལྷག་གཙང་སེལ་བྱས་པས།  ལྗང་མདོག་སྐྱེ་ཁམས་ནི་དེང་སྐབས་རྔ་བ་ཁུལ་གྱི་མཐོ་སྒང་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དགེ་མཚན་དང་ཁྱད་ཆོས་སུ་གྱུར་ཡོད།


ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གྲུབ་ཆ་སྐྱེད་སྲིང་བྱེད་དགོས།

   ཉེ་བའི་ལོ་ཤས་རིང་དུ་ཁུལ་ཡོངས་ཀྱི་ས་ཆ་སོ་སོར་ཀྲུང་དབྱང་དང་ཞིང་ཆེན།   ཁུལ་སོགས་ཀྱི་དམངས་སྐྱོར་དམངས་ཕན་གྱི་སྲིད་ཇུས་ནན་ཏན་སྒོས་ལག་ལེན་དོན་འཁྱོལ་བྱས་ནས། ནུས་པ་ཡོད་ཚད་གསོ་སྤེལ་ལས་རིགས་ཀྱི་གཞི་ཁྱོན་དང་གཞི་ཁྱོན་ཆེ་བའི་གསོ་སྤེལ་རིགས་ཀྱི་ཁེ་ལས་དང་ཞིང་བའི་ཁྱིམ་ཚང་གི་ཕྱོགས་ཡོངས་ཞབས་ཞུ་སོགས་ལ་བཀོལ་ནས།  ནུས་ཤུགས་ཡོད་རྒུས་ཞིང་ཕྱུགས་ལས་ཚད་ལྡན་ཅན་དང་གསོ་སྤེལ་ལས་རིགས་མགྱོགས་མྱུར་གྱི་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེགས་བྱེད་བཞིན་ཡོད།  ད་ལོའི་ཟླ་5བའི་བར་དུ་ཀྲུང་དབྱང་དང་ཞིང་ཆེན་སོགས་ཀྱིས་རྔ་བ་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་རྣམ་གྲངས་ སོ་སོར་བསྡོམས་སྒོར་ཁྲི་54528.16ལྷག་བཏང་བ་རེད།
   དེ་མིན་རྔ་བ་ཁུལ་གྱིས་མཉམ་ལས་ཁང་དང་ཁྱིམ་དུད་ཞིང་ར།  དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་སོགས་ལ་འབད་པ་བྱེད་བཞིན་ཡོད།  མིག་སྔའི་བར་དུ་ཁུལ་ཡོངས་ལ་བཟོ་ཚོང་སྡེ་ཁག་ནས་ཐོ་འགོད་བྱས་ཟིན་པའི་ཞིང་བའི་ཆེད་ལས་མཉམ་ལས་ཁང་5272ལྷག་ཡོད་པས།  2017ལོའི་རྗེས་སུ་1092ལྷག་ཇེ་མང་དུ་སོང་ཡོད།  ཁྱིམ་དུད་ཞིང་ར་245ལྷག་ཡོད་ཅིང་།  2017ལོའི་རྗེས་སུ་14ཇེ་མང་དུ་སོང་ཡོད།  གཞན་མཉམ་ལས་ཁང་དང་ཁྱིམ་དུད་ཞིང་ར་ནས་དཔེ་སྟོན་ཁང་བདམས་པའི་སྐོར་གྱི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་ཀ་སྒྲུབ་བཞིན་ཡོད་ལ།  མིག་སྔར་ཞིང་བའི་ཆེད་ལས་མཉམ་ལས་ཁང་ལ་ཞིང་ཆེན་རིམ་པའི་དཔེ་སྟོན་11ཇེ་མང་དུ་སོང་ཡོད་པ་དང་ཁྱིམ་དུད་ཞིང་ར་10ལ་ཞིང་ཆེན་རིམ་པའི་དཔེ་སྟོན་མཚན་སྙན་ཐོབ་ཡོད་པ་མ་ཟད།  ད་ལོར་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་10ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སོགས་ཡིག་ཐོག་ནས་སྙན་ཞུ་འབུལ་བའི་ལས་ཀ་ལེགས་འགྲུབ་བྱུང་ཡོད།  
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1