​ རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་རླུང་འཕྲིན་དྲ་བ། སྤེལ་དུས། 08-24


        ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྲོས་ཚོགས་ཐོག་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྡུད། མི་སྣ་གསར་པ་གསོ་སྐྱོང་། རིག་གནས་དར་བ། གཟུགས་བརྙན་མངོན་པ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་ཁྲི་དང་ལས་འགན་ལེགས་སྒྲུབ་སྔར་ལས་ལྷག་པ་བྱ་དགོས་པའི་ནན་སྟོན་གནང་བ། 
        སྤྱི་ཚེས་21ཉིན་ནས་22ཉིན་བར། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དུས་བབ་གསར་པའི་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འགན་ཁྲི་དང་ལས་འགན་ལེགས་གྲུབ་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་པས་མཛུབ་སྟོན་བྱེད་པ་དང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་བློ་སྤོབས་བཞི་བརྟན་དུ་གཏོང་བ། རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་སྣ་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་འཁུར་བ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། འགག་རྩ་དང་འགག་གནད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྤུས་ཚད་དང་ཆུ་ཚད་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་བསམ་བློའི་ལས་དོན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཡོངས་ནས་ཕུགས་བསམ་གྱི་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ལྟ་བ་བཅས་ཀྱི་ཐོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་སྟོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དེ་ལས་དོན་ཧྲིལ་པོའི་གནས་བབ་གལ་ཆེན་སར་བཞག་སྟེ། གལ་ཆེའི་བཀོད་ཇུས་རབ་དང་རིམ་པ་བྱས་པ་དང་། བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཟུང་ཡོད། ཏང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་འོག དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་ནུས་པ་ཧུར་ཐག་འདོན་པ་དང་། གསར་འབྱེད་ཡར་བརྩོན་བྱས་པ། ཏང་གི་རིགས་གཞུང་གསར་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མི་སེམས་སུ་གཏིང་ཟབ་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཁྱབ་ཏུ་དར་སྤེལ་བཏང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་སྟོབས་ཆེར་བཏང་བ། རིག་གནས་བློ་སྤོབས་གང་ལེགས་མངོན་པ། རྒྱལ་ཁབ་ཀྱི་རིག་གནས་དངོས་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེས་ཆེར་མཐོ་རུ་བཏང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐད་ཀྱི་མཐུན་སྒྲིལ་གཅིག་གྱུར་སྔར་བས་བརྟན་དུ་སོང་ཡོད། ཏང་ཀྲུང་དབྱང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་དང་། དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་ནི་རྦད་དེ་བློས་འགེལ་ཆོག་པ་ཡིན་ལག་ལེན་ལས་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། ལག་ལེན་ཁྲོད། ང་ཚོས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། གཅིག་ནི། ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་བྱེད་དབང་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནི། བསམ་བློའི་ལས་དོན་གྱི་སྲ་བརྟན་གཉིས་ཀྱི་རྩ་བའི་ལས་འགན་རྒྱུན་འཁྱོངས་བྱེད་པ། གསུམ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོད་པ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བཞི་ནི། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་རྒྱུན་འཁྱོངས་བྱེད་པ། ལྔ་ནི། རིག་གནས་ཀྱི་བློ་སྤོབས་ནི་རྨང་གཞི་སྔར་ལས་ལྷག་པ་དང་། ཁྱབ་རྒྱ་སྔར་བས་ཆེ་བ། གཏིང་སྔར་བས་ཟབ་པ་བཅས་ཀྱི་བློ་སྤོབས་དང་། ཆེས་གཞི་རྩ་དང་། སྔར་བས་གཏིང་ཟབ་པ། སྔར་བས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན་པ་རྒྱུན་འཁྱོངས་བྱེད་པ། དྲུག་ནི། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་བསྒྲགས་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱི་ཡིད་རྟོན་ནུས་པ་བཅས་མཐོ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བདུན་ནི། མི་དམངས་ཀྱིས་ལྟེ་བ་བྱས་པའི་གསར་རྩོམ་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། བརྒྱད་ནི། སྤྱོད་བཟང་གཞུང་དྲང་གི་དྲ་བའི་བར་ཁམས་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ། དགུ་ནི། ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་བ་དང་། ཀྲུང་གོའི་བསམ་ཚུལ་བརྒྱུད་བསྒྲགས་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། བསམ་བློ་གལ་ཆེན་དེ་དག་ནི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་བརྩི་སྲུང་ཞུ་ས་དང་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་ཟམ་མི་ཆད་པར་གོང་འཕེལ་གཏོང་དགོས་པའི་ནན་བཏོན་གནང་བ་དང་།
        ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་བྱེད་པར་ངེས་པར་དུ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ལ་བརྩི་དགོས། མིག་སྔར། རང་རྒྱལ་གྱི་གོང་འཕེལ་དུས་བབ་ཀྱི་སྤྱིའི་འཕེལ་ཕྱོགས་ཧ་ཅང་ཡག་པོ་ཡོད་པ་དང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་བློ་སྤོབས་བརྟན་པ་དང་དཔའ་ངར་ཆེར་སྐྱེད་ཡོང་བ། ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ང་ཚོས་ངེས་པར་དུ་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཁ་ཕྱོགས་པ་དེ་ང་ཚོའི་འབད་འཐབ་དམིགས་འབེན་ལ་བརྩི་དགོས་པ་དང་། དོན་དངོས་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད་བསམ་བློའི་གནད་དོན་ཐག་གཅོད་བྱེད་དགོས་པ། སེམས་ཤུགས་སྔར་བས་ཆེ་བ་དང་། དམངས་སེམས་གཅིག་སྡུད། མི་སེམས་དྲོ་བ། སེམས་པ་གཅིག་མཐུན་ཡོང་བ་བཅས་བྱེད་དགོས། ང་ཚོས་ངེས་པར་དུ་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ལ་འགྲེལ་བཤད་ཡག་པོ་རྒྱག་དགོས་པ་མ་ཟད། རང་རྒྱལ་གྱི་ཆབ་སྲིད་བདེ་འཇགས་དང་རིག་གནས་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ང་ཚོས་ངེས་པར་དུ་འཛུགས་པས་གཞི་རྩ་དང་རྙིང་དོར་གསར་འཛུགས་བྱ་ཐབས་མཉམ་དུ་བཟུང་བ། སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གོང་བུ་འགྲིལ་ཤུགས་དང་ཁྲིད་སྟོན་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། ང་ཚོས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་དྲ་བའི་བརྒྱུད་བསྒྲགས་ཆོས་ཉིད་ལ་ངོས་འཛིན་བྱེད་པ་དང་། དྲ་བ་བེད་སྤྱོད་དང་དྲ་བ་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ། དྲ་སྦྲེལ་ནི་འགྱུར་བ་འགྲོ་ཆེ་བ་ཞིག་ཡིན་པ་དེ་བྱ་གཞག་གོང་འཕེལ་གྱི་འཕར་ཚད་ཆེ་ཤོས་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་སྣ་གསར་པ་གསོ་སྐྱོང་། རིག་གནས་དར་བ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་འཁུར་དགོས། དར་ཆ་སྒྲེང་བ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་བསྒྲེང་བ་དང་། འབད་བརྩོན་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། གསལ་པོ་ཤེས་པ་དང་ཁོང་དུ་ཡག་པོ་ཆུད་པ། བྱ་བ་དངོས་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། རྩ་བ་ཚུགས་ནས་ལོ་འདབ་རྒྱས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཏོན་གནང་ཡོད་པ་རེད།
        དམངས་སེམས་གཅིག་ཏུ་འདུས་པ་ནི། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་ཁོང་དུ་ཆུད་པ་དང་། དབྱངས་རྟ་གཙོ་བོ་ལེན་པ། དྲང་ནུས་འཕེལ་ཐབས་བྱེད་པ། བསམ་བློའི་གླེང་ཕྱོགས་གཙོ་བོ་ཇེ་ཆེར་དང་ཇེ་ཟབ་ཏུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་དང་སྙིང་སྟོབས་འཕེལ་བ་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་བརྗིད་ཆེའི་དམིགས་འབེན་ལ་ཕྱོགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་པ་དེ་ཡིན། མི་སྣ་གསར་པ་གསོ་སྐྱོང་བྱེད་པ་ནི། ཀུན་སྤྱོད་ཐོག་ནས་མི་གསར་པ་གསོ་སྐྱོང་དང་། རིག་གནས་ལྡན་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་ལེན་བསྟར་བ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཚད་གཞི། དཔལ་ཡོན་གྱི་བྱང་ཚད་བཅས་མཐོ་རུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་པ་ཞིག་ཡིན། རིག་གནས་དར་བ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་ཡི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གསར་སྐྲུན་རྣམ་པའི་བརྗེ་སྒྱུར་དང་། གསར་སྐྲུན་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དེ་ཡིན། གཟུགས་བརྙན་མངོན་པ་ནི། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་འཛུགས་སྐྱོང་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་ཞིང་། ཀྲུང་གོའི་བསམ་ཚུལ་བརྒྱུད་སྤེལ་ཡག་པོ་བྱེད་པ། འཛམ་གླིང་ཡོངས་ལ་དེ་བས་དངོས་བདེན་དང་ཆ་ཚང་བའི་ཀྲུང་གོ་ཞིག་ངོམས་པ་བཅས་ཀྱི་ཐོག་ནས། རྒྱལ་ཁབ་ཀྱི་རིག་གནས་ཀྱི་དངོས་ཤུགས་དང་ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་གོང་མཐོར་གཏོང་བ་ཞིག་ཡིན།
        ཞི་ཅིན་ཕིང་གིས། གཅིག་འདུས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པ་ནི། ཏང་ཡོངས་དང་ལྷག་པར་དུ་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་ངེས་པར་དུ་འགན་འཁུར་དགོས་པའི་འཐབ་ཇུས་ལས་འགན་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྷག་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོད་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྟོགས་པ་དང་ཁོང་དུ་ཆུད་པའི་ཐད་འབད་བརྩོན་བྱེད་པ། ཡིད་ཆེས་བཞི་བརྟན་པོ་འཛུགས་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པའི་འགག་གནད་ཡིན། རང་རྒྱལ་གྱི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་ཉམས་སྣང་དོད་པ། ཀྲུང་གོའི་བརྗིད་ཉམས་ལྡན་པ་བཅས་ཀྱི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་བྱེད་དགོས། གླེང་ཕྱོགས་ཀྱི་སྟོན་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱ་དགོས་པ་དང་། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་དང་། སྣེ་ཁྲིད། ཤུགས་རྐྱེན། སྤྱི་ཚོགས་ཀྱི་ཡིད་རྟོན་བྱ་ཚད་བཅས་མཐོ་རུ་གཏོང་དགོས། བསམ་བློའི་གླེང་ཕྱོགས་གཙོ་བོ་སྔར་བས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། བརྒྱུད་སྤེལ་བྱ་ཐབས་དང་བརྗོད་སྟངས་གསར་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་དེ་ཉིད་མང་ཚོགས་ཀྱི་ཁྱིམ་དུ་སླེབས་པ་བྱ་དགོས། རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྱོང་བྱ་རྒྱུ་དམ་བཟུང་ཡག་པོ་བྱ་དགོས། མང་ཚོགས་ལ་སྣེ་ཁྲིད་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་སྔར་བས་ལེགས་པ་སྒྲུབ་དགོས། དར་ཆ་གསལ་སྟོན་ཐོག་ནས་བདེན་པ་རྒྱུན་འཁྱོངས་བྱེད་པ་དང་། ལངས་ཕྱོགས་བརྟན་པོའི་ཐོག་ནས་ནོར་འཁྲུལ་ལ་དགག་པ་རྒྱག་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡི་ལས་འགན་དངོས་སུ་སྒྲུབ་པར་སྐུལ་འདེད་གཏོང་བའི་ཐོག་ནས། ལས་འགན་དོན་འཁྱོལ་བྱེད་པར་ལྷོད་གཡེང་མེད་པ་དང་། འཐབ་ས་དོ་དམ་བྱེད་པ། འགན་འཁྲི་རྩད་གཅོད་བྱེད་པར་ཁ་གསལ་དོན་གསལ་བྱེད་པ་བཅས་བྱ་དགོས་ཞེས་བསྟན་གནང་བ་དང་།
        ཞི་ཅིན་ཕིང་གིས། དྲིལ་བསྒྲགས་བསམ་བློའི་ལས་དོན་ནི་མིའི་སྐོར་གྱི་ལས་ཀ་སྒྲུབ་པ་ཞིག་ཡིན་པ་དང་། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཐོག་འཇོག་པ་དང་། གལ་ཆེའི་ནང་གི་འགངས་ཆེ་ནི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་མོས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ་དང་། མར་ཁེ་སི་རིང་ལུགས་ལ་དད་མོས་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་དད་མོས་བྱ་རྒྱུ་བརྟན་པོ་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་ཡིད་ཆེས་བརྟན་པོ་འཛུགས་དགོས། སློབ་གསོའི་སྣེ་ཁྲིད་དང་། ལག་ལེན་གྱི་གོམས་གཤིས། ལམ་ལུགས་ཀྱི་འགན་ལེན་བཅས་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་མཉམ་འདྲེས་ཐུབ་པ། མི་དམངས་ཡོངས་ཀྱིས་རང་འགུལ་ཐོག་ནས་ལག་ལེན་ཐུབ་པར་སྣེ་ཁྲིད་བྱེད་པ། གཞོན་ནུ་ལོ་ཆུང་གི་རིག་ཐང་ལྟ་བ་སྒྲུབ་པ་དང་གཏན་འཁེལ་བའི་འགག་རྩའི་དུས་སྐབས་དམ་བཟུང་ཡག་པོ་བྱས་ཏེ། གཞོན་ནུ་ལོ་ཆུང་གི་བསམ་པའི་ལྟ་བ་དང་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པ། སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། དཔའ་བོར་དད་གུས་ཞུ་བ་དང་། དཔའ་བོར་སློབ་སྦྱོང་ཞུ་བ། དཔའ་བོར་སྲུང་སྐྱོང་བྱེད་པ། དཔའ་བོར་དགའ་འབོད་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཐབས་བྱེད་པ། དུས་རབས་ཀྱི་ཉམས་སྣང་གསར་པ་དར་སྤེལ་ཤུགས་ཆེན་གཏོང་བ། བསམ་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ། བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། དུས་རབས་གསར་པའི་དཔལ་ཡོན་ལན་ལེན་ལྟེ་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཚད་གཞི། དཔལ་ཡོན་གྱི་བྱང་ཚད། སྤྱི་ཚོགས་ཧྲིལ་པོའི་དཔལ་ཡོན་ཚད་གཞི་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དར་སྲོལ་གསར་པ་དང་སྲོལ་བཟང་དར་སྤེལ་གཏོང་བ་དང་། གོམས་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཡ་རབས་ལྡན་པའི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་བཅས་གསོ་སྤེལ་བཅས་བྱས་ཏེ། གྲོང་གསེབ་དཔལ་ཡོན་གྱི་རྣམ་པ་གསར་པ་ཞིག་མངོན་པར་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རྒྱ་ཆེའི་རིག་གནས་ལས་དོན་པས་འཚོ་བར་ཟབ་སྐྱོད་དང་། མི་དམངས་ཁྲོད་ཟབ་སྐྱོད་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་རིག་གནས་བརྩམས་ཆོས་ཀྱི་ཚེ་སྲོག་ལྟ་བུར་བརྩི་དགོས་པ་དང་། བརྩེ་བ་ལྷད་མེད་ཐོག་ནས་རླབས་ཆེན་དུས་རབས་སྐོར་འབྲི་བ། ཏང་ལ་བསྟོད་གླུ་འབུལ་བ་དང་། མེས་རྒྱལ་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྟོད་གླུ་འབུལ་བ། དཔའ་བོར་བསྟོད་གླུ་འབུལ་བ་བཅས་ཀྱི་བརྩམས་ཆོས་རྩེ་གྲ་རྒྱུན་ཆད་མེད་པར་གསར་རྩོམ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གསར་རྩོམ་བྱེད་པ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། རིག་གནས་ལས་དོན་པས་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། མི་རིགས་ལྟ་བ། རྒྱལ་ཁབ་ལྟ་བ། རིག་གནས་ལྟ་བ་བཅས་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ། སྤུས་ཚད་དང་། ཁྱད་ཆོས། འགན་འཁྲི་བཅས་རང་འགུལ་གྱིས་གླེང་བ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་རང་འགུལ་ཐོག་ནས་བརྩི་སྲུང་ཞུ་བ་དང་། ཀུན་སྤྱོད་དང་གཤིས་རྒྱུད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མ་རབས་དང་ཐ་མལ་གཏན་འགོག་བྱེད་པ། བདེ་ཐང་ཡར་ཐོན་གྱི་རིག་རྩལ་བརྩམས་བྱ་དང་ལས་ཀ་སྒྲུབ་སྟངས་ཐོག་ནས་སེམས་སྐྱིད་བག་ཡངས་དང་། བློ་སྒོ་འབྱེད་པ། དར་སྲོལ་འཛུགས་པ་བཅས་བྱ་དགོས། བདེ་ཐང་དང་སྤུས་ལེགས་ཀྱི་དྲ་ཐོག་རིག་རྩལ་བརྩམས་ཆོས་གང་མང་གསར་རྩོམ་བྱེད་དགོས།
        སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་ཚད་གཞི་ཅན་དང་། ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཐེ་ཞུགས། གཙོ་གནད་གཤམ་སྒྱུར། མཉམ་འཛུགས་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཁྱབ་རྒྱ་དང་། སྤྱོད་ན་འཚམ་པའི་རང་བཞིན་མཐོ་རུ་གཏོང་དགོས། རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དེང་རབས་རིག་གནས་ཀྱི་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་ཚང་འཛུགས་པ། རིགས་ཁག་གི་རིག་གནས་ཁྲོམ་རའི་གཙོ་འཛུགས་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་རིག་གནས་གནས་སྟངས་དང་རིག་གནས་འཛད་སྤྱོད་རྣམ་པ་གསོ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་རིག་གནས་ཐོག་ནས་མི་རྣམས་ཀྱི་རིག་གནས་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས་ཆེ་རུ་འགྲོ་བ་བྱེད་པ། བློ་བརྟན་འགྱུར་མེད་ངང་རིག་གནས་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་ཁྲིད་དེ། རིག་གནས་ཀྱི་གསར་སྐྲུན་དང་གསར་རྩོམ་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་གནས་བབ་ཧྲིལ་པོ་ཁོང་དུ་ཆུད་པ་བྱེད་པ། ལས་དོན་སྤེལ་ཡུལ་དབྱེ་བ་འབྱེད་པ། གནད་འཕིགས་སྲིད་ཇུས་བཟུང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རང་སྒུལ་གྱིས་དྲིལ་བསྒྲགས་བྱེད་པ་དང་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་སྒྲུང་གཏམ་དང་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ཆེན་པོས་ཕུག་འདུན་མངོན་འགྱུར་ཡོང་བ་བྱེད་པའི་སྒྲུང་གཏམ། ཀྲུང་གོས་ཞི་བདེ་གོང་འཕེལ་དང་མཉམ་ལས་གཉིས་རྒྱལ་རྒྱུན་འཁྱོངས་བྱེད་པའི་སྒྲུང་གཏམ་བཅས་རང་སྒུལ་གྱིས་ཡག་པོ་བཤད་ནས་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་སྔར་བས་ཡག་པོ་ཐུབ་པ་བྱེད་དགོས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་འབྱུང་རྩ་ཡིན་པ་དང་དེའི་ནང་ལྡན་པའི་བསམ་བློའི་ལྟ་བ་དང་མི་ཆོས་རིག་གནས་ཀྱི་སྙིང་སྟོབས། ཀུན་སྤྱོད་ཚད་ལྡན་བཅས་ནི་ང་ཚོ་ཀྲུང་གོ་བའི་བསམ་བློ་དང་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་ལ་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་གལ་ཆེའི་རིན་ཐང་ལྡན་ཡོད། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་མཚོན་རྟགས་དར་སྤེལ་གཏོང་བ་དང་མངོན་པ་བྱེད་དགོས་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ལྡན་པའི་དེང་སྐབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་རིག་གནས་སྙིང་བཅུད་དར་སྤེལ་དང་མངོན་པ་བྱེད་དགོས་པ། རྒྱལ་སྤྱིའི་དྲིལ་བསྒྲགས་ལས་དོན་རྣམ་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་དྲིལ་བསྒྲགས་འདུ་ཤེས་གསར་སྐྲུན། འཁོར་སྐྱོད་སྒྲིག་གཞི་གསར་སྐྲུན་བྱས་ནས་ཐོན་ཁུངས་སྟོབས་ཤུགས་སྔར་ལས་མང་བ་གཅིག་འདུས་བྱེད་དགོས་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དར་ཆ་གསལ་སྟོན་སྒོ་ནས་ཏང་གིས་དྲིལ་བསྒྲགས་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་བཀོད་འདོམས་བྱེད་པ་དང་འདུ་ཤེས་བཞི་བརྟན་པོ་འཛུགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་འདུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་ཚུལ་ངན་པ་བཞི་དང་ལྷག་དོན་དུ་ཕྱི་ཚུལ་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། དྲིལ་བསྒྲགས་བསལ་བློའི་ལས་བྱེད་པ་ཚོས་ཤེས་བྱ་གསར་པ་ཟམ་མི་ཆད་པ་ཁོང་དུ་ཆུད་པ་བྱེད་པ་དང་ཁྱབ་ཁོངས་གསར་པ་ཤེས་རྟོགས་བྱེད་པ། མཐོང་རྒྱ་གསར་པ་གཏོད་པ། འཇོན་ནུས་ཆེ་རུ་གཏོང་བ། རྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྐང་པ་འཛུགས་ཤུགས་དང་མིག་གི་ལྟ་ཤུགས། བསམ་བློ་གཏོང་ཤུགས། རྩོམ་ཡིག་འབྲི་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་བྱང་ཆུབ་པ་དང་འཇོན་ཐང་ཆེ་བ། དངོས་གྲུབ་གསར་སྐྲུན། རྒྱལ་ཁ་ལེན་པའི་དམག་རྒྱག་ཐུབ་པ་བཅས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་དཔུང་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
        ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་བྱ་གཞག་གོང་འཕེལ་གཏོང་བའི་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ནས་གསུངས་ཡོད་པ་དང་ཏང་གི་ཚོགས་ཆེན་18པ་སྐོང་འཚོགས་བྱས་ཚུན་གྱི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་ཡོད་པ་དང་དུས་བབ་གསར་པའི་འོག་གི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ལོ་རྒྱུས་གནས་བབ་དང་འགན་འཁྲི་རྒྱས་བཤད་གཏིང་ཟབ་གནང་བ། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། གནས་བབ་ཧྲིལ་པོའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གལ་ཆེའི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་གནང་ཡོད་པས་དུས་བབ་གསར་པའི་འོག་གི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་བྱེད་རྒྱུར་གལ་ཆེའི་བཀོད་སྒྲིག་གནང་ཡོད། གསུང་བཤད་དེ་ནི་གནས་བབ་ཧྲིལ་པོར་སྤྱི་འདོམས་དང་གཟིགས་རྒྱང་རིང་བ། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་ཟབ་པ་བཅས་ཡིན་པས་དུས་བབ་གསར་པའི་འོག་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ང་ཚོས་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་ལེན་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་ནུས་ཤུགས་གང་ཡོད་ཀྱིས་ལས་འགན་ཁག་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི་གལ་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། ཡིད་ཆེས་བཞི་བརྟན་དུ་གཏོང་བ། རང་རྟོགས་སྒོ་ནས་དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགན་འཁྲི་འཁུར་ཐོག་སྙིང་རུས་ཆེན་པོས་སྒྱུར་བཅོས་གསར་སྐྲུན་དང་འགན་འཁྲི་ཁུར་ཕོད་པ་དང་ལས་ཀ་བྱེད་ཕོད་པ་བྱས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་བློའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
        ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་དང་རིག་གནས་དང་ཡུལ་སྐོར་པུའུ། མི་དམངས་ཉིན་རེའི་ཚགས་པར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་སྤེལ་རེས་གསུང་བཤད་གནང་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་ཁག་གཅིག་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་བསམ་བློའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ཟུར་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་ཁུངས་ཁག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གི་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས། གཞུང་ཁོངས་རྐང་འཛིན་ཁེ་ལས་དང་མཐོ་རིམ་སློབ་ཆེན་ཁག་ཅིག དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1