དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་བྱེད་པའི་རྩ་བའི་སྒུལ་ཤུགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-07


—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་བཞི་པ།

སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།


བཅོས་སྒྱུར་ནི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞིང་། གསར་གཏོད་ནི་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་སྒུལ་ཤུགས་དང་པོ་དེ་རེད། དུས་རབས་གསར་པར་ལངས་ནས་འཐབ་ལམ་གསར་པ་འབྱེད་དགོས། སི་ཁྲོན་ནི་ནུབ་རྒྱུད་ཀྱི་ཞིང་ཆེན་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ཇི་ལྟར་ལེན་དགོས་སམ། སྐས་རིམ་གསར་པའི་ཐོག་ཡང་བསྐྱར་ཇི་ལྟར་འཛེག་དགོས་སམ། དྲི་བ་འདི་དག་ལ་ལན་འདེབས་དགོས་ན། རྩ་བའི་སྒུལ་ཤུགས་འཚོལ་བ་ནི་གལ་ཆེན་ཡིན་པ་རྟོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱན་རྒྱ་ཡངས་པ་དང་རྟོག་ཞིབ་གཏིང་ཟབ་པ། མིག་རྒྱང་རིང་བའི་འཐབ་ཇུས་ཀྱིས་སི་ཁྲོན་འཕེལ་རྒྱས་ཀྱི་རྩ་བའི་རང་བཞིན་དང་། ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ལ་དམིགས་ནས་གསུང་བཤད་གལ་ཆེན་དང་། མཆན་བཀོད་འཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། སི་ཁྲོན་བཅོས་སྒྱུར་གསར་གཏོད་ཀྱི་འཐབ་ཇུས་གལ་ཆེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་གསལ་བཤད་གནང་པ་དང་། སི་ཁྲོན་གྱི་བསྒྱུར་འགོད་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། འཕེལ་རྒྱས་ཀྱི་ལེའུ་གསར་པ་ལས་མཆོང་བརྒལ་བྱེད་པའི་སྒུལ་ཤུགས་ཀྱི་གཞོགས་འདེགས་གསལ་བོར་བསྟན་པས། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པར་སྐུལ་འདེད་བྱེད་པའི་ཐད་རྩ་བའི་ཁ་ཕྱོགས་མཁོ་འདོན་བྱས།

“བཅོས་སྒྱུར་”ཞེས་པའི་“སྒུལ་ནུས་འབྱུང་ཁུངས”དེ་ཟམ་མི་ཆད་པར་སྟོབས་ལྡན་དུ་གཏང་དགོས། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་ཅིག་རེད། སི་ཁྲོན་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཐབས་ཇུས་འབྱུང་ཁུངས་ཀྱི་གྲས་སུ་གཏོགས་པའི་ཆ་ནས། ཀུན་གྱི་མདུན་དུ་ལངས་ཕོད་པའི་བཅོས་སྒྱུར་གསར་གཏོད་ཀྱི་བསམ་བློ་ནམ་ཡང་མེད་མི་རུང་། བཅོས་སྒྱུར་གྱི་རྩ་བའི་དམིགས་ཡུལ་ནི། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏང་བའི་ཆེད་དུ་ཡིན། མིག་སྔར། ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པ་དེ་སྔ་མཐུད་ཕྱི་སྤེལ་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་མདུན་སྐྱོད་ཁྲོད་ཀྱི་དཀའ་ཁག་སེལ་བར་བྱ་དགོས་ན། ངེས་པར་དུ་བཅོས་སྒྱུར་གྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས། ཐབས་ལམ་ནི་བསམ་བློ་མུ་མཐུད་དུ་བཅིངས་འགྲོལ་དང་། 
བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་གཏོང་བ། ལས་ཀར་མུ་མཐུད་དུ་དངོས་འཛིན་བྱེད་པར་སྐུལ་འདེད་བྱེད་པར་འབྲེལ། ཐོག་མཐའ་བར་གསུམ་དུ་གནད་དོན་ལངས་ཕྱོགས་རྒྱུན་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་ཀྱི་གནས་ཚུལ་གཅིག་བསྡུས། རྒྱལ་ཁབ་ཀྱི་མ་རྩ་དང་རྒྱལ་ཁབ་ཀྱི་ཁེ་ལས། སྲིད་འཛིན་ཞིབ་བཤེར་ཆོག་མཆན། ཚོང་དོན་ལམ་ལུགས་སོགས་ཀྱི་ངོས་ནས་བཅོས་སྒྱུར་རྒྱུན་འཁྱོངས་བྱས་ཏེ། རིག་གནས་དང་སྤྱི་ཚོགས། སྐྱེ་ཁམས། ཏང་གི་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་བཅོས་སྒྱུར་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བྱ་དགོས་པར་མ་ཟད། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏང་དགོས། སྐབས་དེའི་“རྡོ་ལ་རེག་ནས་ཆུ་བོར་བརྒལ་
བའི་”གནས་ཚུལ་དང་མི་འདྲ་བར། ཐེངས་འདིའི་བཅོས་སྒྱུར་གྱིས་རྩེ་གྲའི་འཆར་འགོད་ལ་དེ་བས་དོ་ཁུར་བྱེད་པ་དང་། ཁྲིམས་སྐྱོང་གི་ལམ་བུའི་སྟེང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ལ་བརྟེན་ནས་ཕྱོགས་སོ་སོའི་ལམ་ལུགས་སྔར་བས་ལེགས་པ་དང་སྔར་བས་བརྟན་པར་སྐུལ་འདེད་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་རྒྱུན་ཆད་མེད་པའི་སྒུལ་ཤུགས་ཐོན་ཐུབ།

“གསར་གཏོད་”ཅེས་པའི་“འགྱུར་སྐུལ་རྫས་”དེ་རྒྱུན་མཐུན་སྒོས་ལེགས་པོར་བཀོལ་དགོས། སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ། དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པའི་སྒུལ་ཤུགས་གཙོ་བོ་རུ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཞི་ཁྱོན་ཆེ་ཞིང་ནུས་པ་མཐོ་བར་ནང་འདྲེན་བྱས་ཤིང་། ཚན་རྩལ་གསར་གཏོད་དང་མི་ཤུགས་ཐོན་ཁུངས་ཇེ་མཐོར་ཕྱིན་པ་ལས་བྱུང་བའི་“ནུས་འབྲས་ལྡབ་འགྱུར་”དུ་འགྱུར། མིག་སྔར། སྐབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་དེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་སྒོས་བརྗེ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གཅིག་འདུས་བྱུང་། ལྗང་མདོག་དང་རིག་ནུས། ཁྱད་རྟགས་སུ་གྲུབ་པའི་ཁྱུ་ཚོགས་ཅན་གྱི་ལག་རྩལ་གསར་བརྗེ་སོགས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་བྱུང་ཞིང་། གསར་གཏོད་ཐད་སུས་གོམ་པ་སྔོན་དུ་སྤོ་ཐུབ་ན། དེ་ལ་འཕེལ་རྒྱས་ལ་སྣེ་ཁྲིད་པའི་རང་འགུལ་དབང་ཆ་ལྡན། སི་ཁྲོན་ནི་ནུབ་རྒྱུད་ཀྱི་ཚན་རིག་སློབ་གསོ་དར་ཞིང་ཤེས་ལྡན་མི་སྣ་མང་བའི་ཞིང་ཆེན་ཞིག་ཡིན་པས། ཀྲུང་དབྱང་གིས་གནང་བའི་མ་ལག་ལྡན་པར་ཁྱོན་ཡོངས་ནས་གསར་གཏོད་དང་བཅོས་སྒྱུར། བརྟག་དཔྱད་སོགས་ལ་སྐུལ་འདེད་བྱེད་པའི་ལས་འགན་གལ་ཆེན་གང་མང་ཞིག་འཁུར་དགོས་ལ། གསར་གཏོད་དང་གསར་སྤེལ་གྱི་སྟོབས་ཤུགས་ཆེན་པོ་དང་གཞོགས་འདེགས་ནུས་ཤུགས་ཆེན་པོ་ལྡན། ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་ཡོང་བ་དང་། གསར་གཏོད་ཀྱི་སྒྲིག་སྲོལ། ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་། 
གྲུབ་འབྲས་བསྒྱུར་འགོད་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པ། ཤུགས་ཆེན་པོས་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ། རྣམ་པ་གསར་པ་གསོ་སྐྱོང་བྱས་ཤིང་། གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་པ་དང་བཟང་ཆ་སྔོན་སྤེལ་བྱེད་པའི་སྣེ་ཁྲིད་ཅན་གྱི་འཕེལ་རྒྱས་དུ་མ་ཞིག་བཟོས་པ་རེད།

“དོན་འཁྱོལ་”ཞེས་པའི་“ཐབས་ཤེས་སྨྲ་བ”འདི་དམ་དུ་འཛིན་དགོས། བཅོས་སྒྱུར་གསར་གཏོད་དེ་ཁ་བཤད་ཙམ་མིན་པར་ངེས་པར་དུ་བྱ་བའི་ཐོག་དོན་འཁྱོལ་བྱ་དགོས། ངེས་པར་དུ་དོན་འཁྱོལ་དམ་དུ་བཟུང་ནས་འབད་པ་ལྷུར་ལེན་དང་མངའ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་འབད་བརྩོན་བྱས་ནས། ཆ་རྐྱེན་འཛོམས་པ་དང་ཤུགས་རྐྱེན་ཆེ་བའི་བཅོས་སྒྱུར་རྣམ་གྲངས་བདམས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། གྲུབ་འབྲས་སྔར་ལས་ཆེ་བ་མངོན་འགྱུར་འབྱུང་བར་འབད་དགོས། སྤྱི་ཚོགས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དུ་ཇེ་མཐོར་གཏང་དགོས། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ནི་སི་ཁྲོན་གྱི་ལེགས་ཆ་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་གོ་སྐབས་འདི་དམ་དུ་བཟུང་ནས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱལ་ཁབ་ཀྱི་བཅོས་སྒྱུར་ཚོད་ལྟའི་ལས་འགན་ལ་རྩ་འཛུགས་གང་ལེགས་བྱེད་པ་དང་། མགྱོགས་མྱུར་སྒོས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་དོ་དམ་མ་ལག་རྩ་འཛུགས་དང་ལས་དོན་འཁོར་སྐྱོད་ཀྱི་མ་ལག སྲིད་ཇུས་ལམ་ལུགས་ཀྱི་མ་ལག་བཅས་འཐུས་ཚང་དུ་གཏང་དགོས་ལ། དམག་དམངས་མཉམ་འདྲེས་ཀྱི་གཏིང་ཟབ་འཕེལ་རྒྱས་ཀྱི་ལེའུ་ཆེན་པོ་འདི་ལེགས་པོར་བྲིས་ནས་དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་གྱི་ལམ་བུ་ཞིག་ལ་བསྐྱོད་ཐུབ་པ་བྱ་དགོས།

བཅོས་སྒྱུར་མཁན་ལ་ཡར་ཐོན་ཆེ། །གསར་གཏོད་མཁན་ལ་ནུས་པ་ཆེ། །བཅོས་སྒྱུར་གསར་གཏོད་མཁན་ལ་རྒྱལ་ཁ་མང་། བཅོས་སྒྱུར་གསར་གཏོད་ཅེས་པའི་“འགུག་ཤུགས”འདི་གསོ་སྐྱོང་དང་རྒྱ་སྐྱེད། སྟོབས་ལྡན་དུ་བཏང་ནས། འཕེལ་རྒྱས་བཀག་སྡོམ་གྱི་བསམ་བློའི་བཀག་རྒྱ་དང་ལམ་ལུགས་ཀྱི་བཀག་རྒྱ་ཡོངས་རྫོགས་རྩ་ནས་གཏོར་ཞིང་། ངལ་རྩོལ་དང་ཤེས་རིག ལག་རྩལ། དོ་དམ། མ་རྩ་སོགས་ཀྱི་གསོན་ཤུགས་ཡོངས་རྫོགས་འགྲན་སློང་བྱེད་བཞིན་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་པའི་འབྱུང་ཁུངས་ཡོངས་རྫོགས་སྤྱོད་སྒོ་ཡོད་པར་བཅུག་ནས་ངེས་པར་དུ་དུས་རབས་གསར་པའི་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་འབར་བ་དང་དཔྱིད་ཀྱི་དཔལ་ཡོན་ལྟ་བུའི་གསོན་ཉམས་ལྡན་པའི་ཉམས་འགྱུར་ཞིག་འཆར་བར་བྱ་དགོས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1