སྤྱི་ཟླ9པའི་ཚེས6ཉིན། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དམངས་ཕན་རིག་གནས་འཁྲབ་སྟོན་ཐེངས་གསུམ་པ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།
ཐེངས་འདིའི་དམངས་ཕན་རིག་གནས་འཁྲབ་སྟོན་ཐོག་ཁྲེང་ཏུའུ་ལུས་རྩལ་སློབ་གླིང་དང་། མེན་དབྱང་། ལུའོ་ཧྲན། དཀར་མཛེས་ཁུལ། ལུའུ་ཀྲོའུ། ཏ་ཀྲོའུ་བཅས་ཀྱིས་འཐུས་ཚབ་རུ་ཁག་གིས་འཁྲབ་སྟོན་བྱས་པ་རེད།
དམངས་ཕན་རིག་གནས་འཁྲབ་སྟོན་སྤེལ་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུའི་རིང་རང་རེའི་ཞིང་ཆེན་གྱི་ས་གནས་སོ་སོས་ཏང་གི་དབུ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་བྱས་ནས་བདེ་སྐྱིད་འཚོ་བ་སྐྲུན་པའི་རྣམ་པ་ཡོངས་སུ་མངོན་པ་དང་ཆབས་ཅིག རང་རེའི་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་གཞག་ཀྱང་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་བར་མཚོན་པ་རེད།
ཁྲེང་ཏུའུ་ལུས་རྩལ་སློབ་གླིང་འཐུས་ཚབ་རུ་ཁག་གིས་མེ་ཏོག་སྤོ་ལོའི་ལུས་སྦྱོང་འཁྲབ་སྟོན་བྱེད་བཞིན་པ།
གྲོང་ཁྱེར་མེན་དབྱང་འཐུས་ཚབ་རུ་ཁག་གིས་སྦས་ཡུལ་གནས་རི་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
གྲོང་ཁྱེར་ལུའོ་ཧྲན་འཐུས་ཚབ་རུ་ཁག་གིས་ཀན་མུའུ་ཨ་ཉིའུ་སྟེ་དབྱི་ཧད་ཁྲི་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
དཀར་མཛེས་ཁུལ་གྱིས་འཐུས་ཚབ་རུ་ཁག་གིས་རྨ་བྱས་ཆུ་འཐུང་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
གྲོང་ཁྱེར་ལུའུ་ཀྲོའུ་འཐུས་ཚབ་རུ་ཁག་གིས་མིའོ་རིགས་ཀྱི་རོལ་གཞས་མཉམ་གཏོང་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
གྲོང་ཁྱེར་ཏ་ཀྲོའུ་འཐུས་ཚབ་རུ་ཁག་གིས་ལག་པ་གཡུགས་ནས་དགའ་གླུ་ལེན་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
ཁྲེང་ཏུའུ་ལུས་རྩལ་སློབ་གླིང་འཐུས་ཚབ་རུ་ཁག་གིས་དཔའ་རྩལ་གླང་ཆེན་འགྱིང་རི་ནས་ངོམ་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
གྲོང་ཁྱེར་ལུའོ་ཧྲན་འཐུས་ཚབ་རུ་ཁག་གིས་ཅོ་པི་ཆ་པི་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
གྲོང་ཁྱེར་མེན་དབྱང་འཐུས་ཚབ་རུ་ཁག་གིས་འོ་ལེ་ཆེ་ཆེ་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།
དཀར་མཛེས་ཁུལ་འཐུས་ཚབ་རུ་ཁག་གིས་གྱང་རྡུང་བ་ཞེས་པའི་འཁྲབ་ཚན་འཁྲབ་བཞིན་པ།