ཟླ་མཆོད་བག་ལེབ་འདི་ལྟར་ཟོས་ན་སྒྲིག་ཁྲིམས་ལས་འགལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-20


      རྩོམ་སྒྲིག་པའི་གཏམ། 2018ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ཉེ་བའི་སྐབས་སུ། “སྤྱོད་ཚུལ་བཞིའི”གནད་དོན་འབྱུང་སླ་བ་དང་མང་དུ་འབྱུང་བའི་དུས་རིམ་དུ་སླེབས་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་དང་ཀྲུང་གོའི་ཁྲིམས་བཤེར་ཞིབ་དཔྱོད་ཚགས་པར་གྱིས་ཐུན་མོང་ཐོག་ཇུས་འགོད་དང་རྩོམ་སྒྲིག་བྱས་པའི“དུས་ཆེན་གཉིས་རིང་གནས་ཚུལ་འདི་དག་ལ་འཛེམ་དགོས”ཞེས་པ་བཏོན་ནས། ཉེ་བའི་ལོ་ཤས་རིང་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དབང་གིས་ཆད་པ་ཐེབས་པའི་དཔེ་མཚོན་གྱོད་དཔེ་བདམས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དྲན་སྐུལ་བྱས་ཡོད།
     ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བས། མི་ཁ་ཤས་ཀྱིས་གཞན་ལ་ཟླ་མཆོད་བག་ལེབ་སྤྲད་ན་ལེན་དང་མི་ལེན་དང་། ལས་ཁུངས་ཀྱིས་ཟླ་མཆོད་བག་ལེབ་སྤྲད་ན་འགྲིག་གམ་མི་འགྲིག ལས་ཁུངས་ཀྱིས་ཟླ་མཆོད་བག་ལེབ་ཉོས་ནས་ཁོངས་གཏོགས་ཚན་པར་རྩིས་ཞུ་བྱས་ན་ཆོག་གམ་མི་ཆོག མི་སྒེར་གྱིས་ཟླ་མཆོད་བག་ལེབ་ཉོས་ནས་ལས་ཁུངས་སུ་རྩིས་ཞུ་བྱས་ན་ཆོག་གམ་མི་ཆོག་པ་སོགས་ཀྱི་གནད་དོན་ལ་དོགས་པ་བྱེད་བཞིན་ཡོད།
     《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》ལས་གཏན་འབེབས་གསལ་པོ་བྱས་དོན། “གཞུང་དོན་དྲང་པོར་སྒྲུབ་པར་གནོད་སྲིད་པའི་ལག་རྟགས་དང་འབུལ་དངུལ། འཛད་སྤྱོད་བྱང་བུ་དང་རིན་ལྡན་དངུལ་འཛིན། མ་རྐང་བདག་དབང་། དངུལ་རྩའི་ཐོན་རྫས་སོགས་རྒྱུ་ནོར་གཞན་དག་བླངས་པ”དང“གཞུང་དངུལ་བཏང་ནས་འབུལ་རྟེན་ཉོ་བ་ཡང་ན་ལག་རྟགས་དང་འཛད་སྤྱོད་བྱང་བུ་སྤྲོད་པ་སོགས”སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་ཡོད། སྲོལ་ཡིག་ལག་བསྟར་ནན་པོ་གཏོང་བ་དང་སྤྱོད་གཙང་གཞུང་དྲང་གིས་དུས་ཆེན་གཏོང་དགོས་པ་ལས། ཟླ་མཆོད་བག་ལེབ་འདི་ལྟར་གཏན་ནས་བཟའ་མི་རུང་བ་སྟེ།
     1.དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ཟླ་མཆོད་བག་ལེབ་བླངས་པ།
     2014ལོ་ནས་2016ལོའི་རིང་། ཁྲེང་ཏུའུ་ཅིང་ཉིའུ་མཐོ་གསར་ལག་རྩལ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲའོ་ཁྲང་ཝུན་གྱིས་ལས་ཁུངས་ཀྱི་གཞུང་འཁོར་དོ་དམ་སྐོར་གྱི་ལས་ཀ་བྱེད་ཀྱི་ཡོད། 2014ལོའི་དཔྱིད་གསར་དུས་ཆེན་གོང་དུ། ཀྲའོ་ཁྲང་ཝུན་གྱིས་བཟའ་ཟླ་ཁྲིད་དེ་སྒྲིག་འགལ་ངང་གཞུང་འཁོར་གྱི་དམིགས་འཛུགས་ཞིག་གསོ་ཀུང་སིའི་ལིའུ་ག་གེ་མོའི་གསོལ་སྟོན་དང་ལེན་བྱས་ཡོད། 2015ལོ་དང་2016ལོའི་ཟླ་མཆོད་དུས་ཆེན་ལ། ཀྲའོ་ཁྲང་ཝུན་གྱིས་ལིའུ་ག་གེ་མོས་སྤྲད་པའི་ཟླ་མཆོད་བག་ལེབ་བླངས་ཡོད། ཀྲའོ་ཁྲང་ཝུན་ནི་ཀྲུང་གུང་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་ནས་གསོལ་སྟོན་མགྲོན་འབོད་དང་ལེན་བྱས་པ་དང་། གཞུང་འཁོར་དམིགས་འཛུགས་ཞིག་གསོ་ལས་ཁུངས་ཀྱི་ལག་རྟགས་བླངས་པར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད།
     2.གཞུང་དངུལ་སྤྱད་དེ་ཟླ་མཆོད་བག་ལེབ་ཉོས་ནས་ལས་མིར་སྤྲད་པ།
     ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཨན་ཞི་རྫོང་གློག་འདོན་ཀུང་སིའི་དོ་དམ་སྤྱི་དཔོན་དང་སྤྱི་ཁྱབ་སྤྱི་གཉེར་པ་གཅིག་ལྕོགས། ཏང་ཀྲི་པུའི་ཧྲུའུ་ཅི་ཧུའུ་ཅི་ཞང་གིས་2013ལོ་ནས་2015བར། གཞུང་དངུལ་སྤྱད་དེ་རིན་པ་མཐོ་བའི་ཨ་རག་དང་ཐ་མག་ཉོས་ཏེ་གཞུང་དོན་སྣེ་ལེན་ལ་སྤྱད་པ་དང་། གཞུང་དངུལ་སྤྱད་དེ་རིན་གོང་མཐོ་བའི་ཁུག་མ་དང་ཟླ་མཆོད་བག་ལེབ་འཛིན་ཤོག་ཉོས་ནས་ཕན་བདེ་སྤྲད་པ། དེ་བཞིན་གཞུང་དངུལ་སྤྱད་དེ་ཡུལ་སྐོར་སྒྲིག་འཛུགས་སོགས་བྱས་ཡོད། ཧུའུ་ཅི་ཞང་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་བཅད་པ་དང་། ཁྲིམས་གསལ་གོ་རིམ་ལྟར་ཀུང་སིའི་དོ་དམ་སྤྱི་དཔོན་དང་སྤྱི་ཁྱབ་སྤྱི་གཉེར་པའི་གོ་གནས་ལས་དབྱུང་ཡོད།
     3.ལས་ཁུངས་ཀྱི་ལས་མིར་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ཟླ་མཆོད་བག་ལེབ་སྤྲད་པ།
     2014ལོ་ནས་2017ལོའི་བར་གྱི་དཔྱིད་གསར་དུས་ཆེན་དང་། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་རིང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧན་ཡང་ཆུས་གྲོང་ཁྱེར་དོ་དམ་ཨུ་ལྷན་འབུད་རླངས་དོ་དམ་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཡོན་ཝེས་ཝུའུ་ཧན་ཁྲང་ཀྲན་འབུད་རླངས་ཚད་ཡོད་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ་ཙེང་ག་གེ་མོས་སྤྲད་པའི་ཧོང་ཧོ་ལུའུ་1916རྟགས་ཅན་གྱི་ཐ་མག་ཤོག་སྒམ་22བླངས་པ་དང་། གཞན་ཡང་2014ལོ་ནས་2015ལོའི་རྒྱ་ལོ་བཅོ་ལྔའི་དུས་ཆེན་དང་ཟླ་མཆོད་དུས་ཆེན་རིང་། ཝུའུ་ཧན་གྲོང་ཁྱེར་ཝུའུ་ཅིའུ་སོལ་རླངས་ཚད་ཡོད་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ་ཐང་ག་གེ་མོས་ཁུལ་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་འབུད་རླངས་དོ་དམ་དང་ལས་སྒྲུབ་སྡེ་ཚན་ལ་འབྲས་ཟས་རིལ་བུ་སྒམ་ཆུང་12དང་ཟླ་མཆོད་བག་ལེབ་སྒམ་ཆུང་12 དེ་བཞིན་སྒོར་1300ཡི་ཟོག་ཉོའི་བྱང་བུ་སྤྲད་པ་རྣམས་བླངས་ཏེ།  འབུད་རླངས་དོ་དམ་གཞུང་ལས་ཁང་གི་ལས་དོན་མི་སྣ་རྣམས་ལ་སྤྲད། 2017ལོའི་ཟླ་9ཚེས་4ཉིན་གྱི་དགོང་མོར་ལི་ཡོན་ཝེ་ཞབས་ཞུ་བྱ་ཡུལ་ཙང་ག་གེ་མོས་སྒྲིག་འཛུགས་བྱས་པའི་གསོལ་སྟོན་གདན་ཞུའི་བྱེད་སྒོར་ཞུགས་ཡོད། 2018 ལོའི་ཟླ་དང་པོར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་ཡོད།
     4.ལས་ཁུངས་ཀྱི་ལས་མིར་ཟླ་མཆོད་བག་ལེབ་སྤྲད་པ་དང་། ཁོངས་གཏོགས་ལས་ཁུངས་ལ་རྩིས་ཞུའི་བཀོད་སྒྲིག་བྱས་པ།
     2013ལོའི་ཟླ་མཆོད་དུས་ཆེན་གོང་། ཧྲའན་ཞི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཐིན་ཀྲང་གཞོན་པ། ཧྲའན་ཞི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཚོགས་གཙོ་ཞུས་ཕུའུ་ཧྲང་གིས་ཞིང་ཆེན་འཁེལ་འཐག་མཐུན་ཚོགས་ལ་ཐིང་ལས་ཁུངས་ཀྱི་ལས་མིར་ཟླ་མཆོད་བག་ལེབ་ཉོ་བའི་ལས་ཀ་བཀོད་སྒྲིག་བྱས་ཏེ། འགྲོ་སོང་ཁྱོན་བསྡོམས་སྒོར་ཁྲི་17.4ཕྱིན་ཡོད། 2016ལོའི་དཔྱིད་གསར་དུས་ཆེན་གོང་། ཞུས་ཕུའུ་ཧྲང་གིས་མོས་མཐུན་བྱས་པ་བརྒྱུད་ཞིང་ཆེན་འཁེལ་འཐག་མཐུན་ཚོགས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་མིར་ཉོ་སྒྲུབ་བྱང་བུ་ཉོས་པ་སྟེ། འགྲོ་སོང་ཁྱོན་བསྡོམས་སྒོར་ཁྲི་7.7ཕྱིན་ཡོད། 2013ལོ་ནས་2017ལོ་བར། ཞུས་ཕུའུ་ཧྲང་གིས་ཞིང་ཆེན་མཉེན་ཆས་མཐུན་ཚོགས་ནས་རིན་ཐང་སྒོར་ཁྲི་3ཅན་གྱི་ཉོ་སྒྲུབ་བྱང་བུ་བླངས་ཡོད། 2017ལོའི་ཟླ་12པར། ཞུས་ཕུའུ་ཧྲང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་མ་དངུལ་ཕྱིར་བླངས་ཡོད།
     5.ཟླ་མཆོད་བག་ལེབ་ཉོས་ནས་ལག་རྟགས་སྤྲད་རྗེས་ལས་ཁུངས་ནས་རྩིས་ཞུ་བྱས་པ།
     2015ལོའི་ཟླ་9ཚེས་10ཉིན། ཧུའུ་ལུན་པེར་གྲོང་ཁྱེར་ཁྲེན་པར་ཧུའུ་ཆི་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཅུས་ཀྲང་ཐུང་ཡུས་པའོ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དུ་ཁྲེན་པར་ཧུའུ་ཆིའི་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ཞིབ་དཔྱད་ལས་དོན་སྒྲུབ་ཆེད་ཧའེ་ལར་ནས་ཧུའོ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་བསྐྱོད་ཅིང་། ནང་སོག་ཏུང་ཏ་མགྲོན་ཁང་ཚད་ཡོད་ཀུང་སིའི་ཅིང་ཅང་རྒྱལ་སྤྱིའི་མགྲོན་ཁང་ཆེན་མོར་བསྡད། ཨེར་ཏུའོ་སི་གྲོང་ཁྱེར་དུ་སློབ་གྲོགས་ལ་བལྟ་བར་འགྲོ་རྐྱེན། དེ་སྔོན་གཏན་འཁེལ་བྱས་པའི་ཕྱིར་ལོག་པའི་དུས་ཚོད་ཟླ་9ཚེས་13ཉིན་མོ་དེ་ཟླ་9ཚེས་15ཉིན་དུ་བཅོས་ཡོད། དེའི་རིང་། སློབ་གྲོགས་ལ་བལྟ་བར་འགྲོ་སྐབས་མགྲོན་ཁང་ནས་ཟླ་མཆོད་བག་ལེབ་སྒོར་1285ཡིས་ཉོས་པ་དང་། ཨེར་ཏུའོ་སི་གྲོང་ཁྱེར་ནས་ཧུའོ་ཧོ་ཧའོ་ཐེ་གྲོང་ཁྱེར་བར་གྱི་ལམ་གླ་སྒོར་65སོང་ཡོད། ཟླ་9ཚེས་13ཉིན་གྱི་གནམ་གྲུའི་པ་སེ་ཕྱིར་འཐེན་བྱས་པའི་འགྲོ་སོང་སྒོར་1000ཕྱིན་ཡོད། དེ་རྣམས་2016ལོའི་ཟླ་5ཚེས་9ཉིན་ཁྲེན་པར་ཧུའུ་ཆི་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་འགྲོ་སོང་ནས་རྩིས་ཞུ་བྱས་ཡོད། མ་ཟད་ཉིན་གཉིས་ཀྱི་ཁ་གསབ་རོགས་དངུལ་ལྷག་མ་སྒོར་130བླངས་ཡོད། 2016ལོའི་ཟླ་8ཚེས་19ཉིན། ཁྲེན་པར་ཧུའུ་ཆི་སྒྲིག་ཨུད་ཀྱིས་ཐུང་ཡུས་པའོ་ལ་ཏང་ནང་གི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་ཡོད་པ་དང་། སྒྲིག་འགལ་ལས་བྱུང་བའི་རྒྱུ་དངུལ་ཚང་མ་ཕྱིར་བླངས་པ་རེད།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1