ད་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱ་འགུལ་གྱི་བརྗོད་བྱ་གཙོ་བོ་ནི་དྲ་རྒྱའི་བདེ་འཇགས་མི་དམངས་ཆེད་ཡིན་ལ་མི་དམངས་ལའང་བརྟེན་དགོས་ཞེས་པ་དེ་ཡིན། རང་ཁུལ་གྱིས་ཟླ9པའི་ཚེས17ཉིན་ནས་ཚེས23ཉིན་གྱི་བར། དྲྭ་རྒྱའི་བདེ་འཇགས་སློབ་གྲྭར་སྐྱོད་པ་དང་དགོན་སྡེ་རུ་སྐྱོད་པ། ཁྱིམ་ཚང་དུ་སྐྱོད་པ་སོགས་རྣམ་པ་མང་པོ་བརྒྱུད་དེ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང13གྱིས་དུས་མཉམ་དུ་འབྲེལ་ཡོད་ཀྱི་བྱ་འགུལ་སྤེལ་ནས། སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་དང་མང་ཚོགས་ཀྱི་འགོག་སྲུང་གི་ནུས་རྩལ་ཇེ་མཐོ་རུ་གཏོང་བ། ཁུལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་སྤྱིའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད།
བྱ་འགུལ་སྤེལ་སྐབས། འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་པ་ཁྲོམ་ལམ་དང་སློབ་གྲྭ། དངུལ་རྩའི་ལས་ཁུངས་སོགས་སུ་སྐྱོད་དེ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་འགྲེམ་པ་དང་བརྡ་བྱང་སྦྱར་བ། བརྙན་ཐུང་སྟོན་པ་སོགས་ཀྱི་སྒོ་ནས་རྒྱ་ཆེ་བའི་མང་ཚོགས་རྣམས་ལ་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དང་དྲ་སྦྲེལ་དང་ཆ་འཕྲིན་ཐོན་ལས་ཀྱི་ལག་རྩལ་གསར་ཤོས་ཁྱབ་གདལ་གཏོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཚེས17ཉིན་གྱི་བྱ་འགུལ་མགོ་ཚུགས་མཛད་སྒོར། དྲིལ་བསྒྲགས་ཡིག་ཆ་དེབ9500ལྷག་བཀྲམ་པ་དང་མང་ཚོགས་ཀྱི་འདྲི་རྟོག་ཐེངས་3410དང་དུ་བླངས་བ་དང་། ལག་རྟགས2000ལྷག་འགྲེམ་སྤེལ་བྱས་པ་རེད།