བདེ་ཆེན་དུ་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་ཆུང་རྩེ་གྲ་ཞིག་སྐྲུན་གྲབས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 09-28



        2017ལོ་ནས་བཟུང་།  བདེ་ཆེན་གྱིས་ནན་ཏན་པོའི་ངང་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་བླང་བྱ་ལྟར།  ཁུལ་ཡོངས་ཀྱི་ཁྱད་ལྡན་གྲོང་ཆུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།   སེམས་ཀྱི་ཉི་ཟླའི་ཟླ་འོད་གྲོང་ཆུང་དེ་རྒྱལ་ཡོངས་ཁྱད་ལྡན་གྲོང་ཆུང་རྩེ་གྲའི་མིང་ཐོར་ཚུད་པ་ལ་གཏན་འབེབས་བྱས་པ་རེད།
        སེམས་ཀྱི་ཉི་ཟླའི་ཟླ་འོད་གྲོང་ཆུང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ན་ཡོད་ལ། སྤྱིའི་ཇུས་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་3.05ཡོད(དེའི་ཁྲོད་རྡོ་མཁར་རྫོང་འདུས།) ལྟེ་བའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1.05ཡོད། དེས་བོད་ཀྱི་རིག་གནས་གཙོ་བོ་བྱས་ཡོད་ལ་རྡོ་མཁར་རྫོང་དང་ཕན་ཚུན་རོགས་འདེགས་ཀྱི་ནུས་པ་ཐོན་ཡོད། ས་གནས་འདི་ནི་མི་འགྱང་བར་བོད་ཀྱི་རིག་གནས་སྤུས་བཟང་ཉམས་ཞིབ་བྱེད་ས་དང་བདེ་ཆེན་གྱི་ཕྱི་ཕྱོགས་སྤེལ་རེས་ཀྱི་སྟེགས་བུ་གཙོ་བོ། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གཅིག་འདུ་ཁུལ་གཙོ་བོ་བཅས་སྐྲུན་ནས། བོད་རིག་གནས་ཀྱི་ཁྱད་ཆོས་དམིགས་སུ་ཐོན་པའི་ཡུལ་སྐོར་གྲོང་ཆུང་ཞིག་ཏུ་བསྒྱུར་ངེས་རེད། ལས་གཞི་འདིར་བསྡོམས་པས་སྒོར་དུང་ཕྱུར་42ཀྱི་མ་དངུལ་འཇོག་ཡོད་ལ། ལས་གཞིའི་ས་གནས་ཉོ་སྒྲུབ་དང་ལས་འགོ་འཛུགས་པའི་ཞབས་ཞུའི་ཉམས་ཞིབ་ལྟེ་གནས། ཟླ་འོད་གྲོང་ཆུང་གི་ཕུག་ལམ་ལས་གྲྭ་སོགས་སྒྲུབ་ཡོད་པ་དང་བསྡོམས་པས་སྒོར་དུང་ཕྱུར་8.4ཡི་མ་དངུལ་འཇོག་ཡོད་པ་རེད། 




སེམས་ཀྱི་ཉི་ཟླའི་ཟླ་འོད་གྲོང་ཆུང་གི་འཛུགས་སྐྲུན་དཔེ་རིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1