པེ་ཅིང་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་ཧྲི་ཧྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“དར་གོས་བགྲོད་ལམ་གྱི་སེང་གེའི་ལས་སྐལ།——གོང་མའི་ཕོ་བྲང་གི་སེང་གེའི་རིག་གནས་གཅེས་ནོར་འགྲེམས་སྟོན”དེ་ཟླ་10ཚེས་1ཉིན་ནས་བཟུང་ཧྥུའུ་ཅན་ཞིང་ཆེན་ཧྲི་ཧྲི་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་རིན་མེད་ངང་སྤྱི་དམངས་ལ་སྒོ་དབྱེ་རྒྱུ་ཡིན་ཞིང་། འགྲེམས་སྟོན་དེ་ཟླ་12ཚེས་15ཉིན་བར་གཉེར་རྒྱུ་རེད།