ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་བཞི་བཟང་སྡེ་བ་འཛུགས་སྐྲུན་བྱས་སྟེ། ལས་རིགས་དར་བ་དང་། ཁྱིམ་གཞིས་འབྱོར་ལྡན། མི་རྣམས་འཆམ་མཐུན། གྲོང་སྡེ་མཛེས་སྡུག་བཅས་བདེ་སྐྱིད་མཛེས་སྡུག་གི་སྡེ་གསར་འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་ནས། རྒྱ་ཆེའི་ཞིང་བ་མང་ཚོགས་སྡོད་ཁང་བཟང་པོར་འདུག་ཐུབ་པ་དང་། འཚོ་བ་སྐྱིད་པོ་རོལ་ཐུབ་པ། གོམས་གཤིས་ཡག་པོ་ཆགས་ཐུབ་པ། གོམས་སྲོལ་ལེགས་པོ་གྲུབ་ཐུབ་པ་བཅས་བྱས།
སྡེ་བའི་ནང་དུ་བཞི་བཟང་སྡེ་བ་བསྐྲུན་པའི་བྱེད་སྒོ་ཁྲོད་དུ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་དུ་གཙིགས་འཛིན་བྱས་ནས། ནུས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ་ཡུལ་ཁྲིམས་དམངས་ཆིངས་གཏན་འབེབས་བཟོས་ཤིང་གྲོང་ཡོངས་སུ་ཏང་གཅེས་རྒྱལ་གཅེས་དང་། རྒན་བཀུར་ཆུང་བྱམས། སྐྱིད་སྡུག་མཉམ་ཁུར། རང་མགོ་རང་ཐོན་གྱི་གོམས་སྲོལ་ལེགས་པོ་ཆགས་སུ་བཅུག་ནས། ཡུལ་ལུགས་དམངས་སྲོལ་མཛེས་སྡུག་ལྡན་པར་སྐུལ་འདེད་བྱས།