པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་དགོས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-12



༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་དགོས་གསུངས།
     ཟླ་11ཚེས་8ཉིན། 2018ལོའི་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་སྐོར་གྱི་དཔྱད་གླེང་གྲོས་ཚོགས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འགོ་ཚུགས་པ་རེད།
    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུས་བདུན་པའི་ཅུས་ཀྲང་གཞོན་པ་དང་སྐོར་ཞིབ་པ་ཞུའུ་ཀྲི་ཐའོ་སོགས་འགོ་ཚུགས་མཛད་སྒོ་ལ་ཞུགས་པ་དང་གཏམ་བཤད་གནང་བ་རེད། 
     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གསུངས་བཤད་གནང་དོན། ལོ་རེར་ཐེངས་རེ་འཚོགས་པའི་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་སྐོར་གྱི་དཔྱད་གླེང་གྲོས་ཚོགས་འདི་ནི་རྟེན་འབྲེལ་བཟང་ཞིང་དགའ་འོས་སྤྲོ་འོས་པ་ཞིག་ཡིན། ནང་བསྟན་དགོངས་འགྲེལ་ལས་དོན་ནི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་ཐབས་ཡོང་བར་མཛུབ་སྟོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ལས་དོན་འདི་ལག་ལེན་བསྟར་བ་ནི་ང་ཚོ་བོད་བརྒྱུད་ནང་བསྟན་ལས་རིགས་པ་རྣམས་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་བྱ་འགུལ་དངོས་ནང་ཞུགས་པ་དེའང་ཡིན་གསུངས།
     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས། ཏང་ཀྲུང་དབྱང་གིས་མི་རིགས་ཀྱི་ཆོས་ལུགས་ལས་དོན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་འབྲེལ་ཡོད་སྡེ་ཁག་གིས་ང་ཚོ་ལ་ལམ་ཁ་བཟང་པོ་དང་གར་སྟེགས་བཟང་པོ་མཁོ་འདོན་བྱས་ནས། ང་ཚོར་རང་ཡོད་ཀྱི་ནུས་པ་འདོན་དུ་བཅུག་ཡོད། ནང་བསྟན་དགོངས་འགྲེལ་ལས་དོན་གྱིས་བོད་བརྒྱུད་ནང་བསྟན་འདི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པར་ཕན་ཐོགས་པའི་ནུས་པ་གྱུར་ཡོད། བོད་བརྒྱུད་ནང་བསྟན་ནི་སྤྱི་ཚོགས་རིང་ལུགས་དང་མཐུན་ཞིང་། ཀྲུང་ཧྭའི་རིག་གནས་དང་མཉམ་གཅིག་ཏུ་འདྲེས་ལ། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་འགན་འཁུར་ཕོད་པའི་སྒོ་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་རང་འགུལ་ངང་འཚམ་པར་བྱ་དགོས་གསུངས། 
༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་དགོས་གསུངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1