དབུལ་ཐར་འགག་སྒྲོལ་ཧུར་ཐག་བྱས་པ་ལས། བོད་དབྱིས་བདེ་སྐྱིད་སྒོ་འཕར་ཡངས་པོར་ཕྱེས།
བོད་གྲོང་གསར་པའི་རྣམ་པ།
བརྒྱད་ཟིལ་ནི་བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་མི་རིགས་གསུམ་འཆམ་མཐུན་མཉམ་འཛོམས་བྱས་པའི་བར་ཁྱམས་ཡིན་ལ། སྔོན་མར་བརྒྱད་ཟིལ་རྫོང་དུ་དབུལ་ཕོངས་གྲོང་ཚོ19དང་། དབུལ་ཕོངས་ཚོ་ཆུང80 དབུལ་པོ་མི་འབོར1890ཡོད་པས། མཐོ་སྒང་ཐོག་གི་གྲོང་ཁྱེར་ཆུང་ཆུང་དེའི་གསོན་ཤུགས་ཧ་ཅང་ཞན་པ་རེད། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་སུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཧུར་ཐག་སྤེལ་སྟབས། བརྒྱད་ཟིལ་རྫོང་གིས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བཏོན་ཏེ་མི་དམངས་ལ་བདེ་སྐྱིད་ཀྱི་སྒོ་འཕར་ཡངས་པོ་འབྱེད་རོགས་བྱས་ཡོད། འབྱུང་འགྱུར་དུ་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་དང་། རྒྱལ་ཁབ་ཀྱིས་བཏོན་པའི་དམངས་ཕྱུག་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པས་རྒྱབ་སྐྱོར་བྱས་འོག བརྒྱལ་ཟིལ་རྫོང་གིས་མི་རིགས་སོ་སོའི་མི་དམངས་ལ་དེ་བས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཐུབ་ངེས་རེད།
མཐའ་ཁ་ཤང་ཨ་རྡོ་ཕུག་གྲོང་སྡེའི་བྱེད་སྒོ་སྤེལ་ཁང་།
བརྗིད་ཉམས་ལྡན་པའི་རི་ཚོགས་ཀྱི་འདབས་སུ་ཤྭ་ཁྲ་མང་པོ་མཚོ་འཕགས་སྨི3000ཡི་རི་གསེབ་ཏུ་རང་མོས་ཀྱིས་མཆོང་རྒྱུག་བྱེད་བཞིན་མཆིས།དཀར་བ་གྲོང་ཚོའི་གངས་ཅན་འདེབས་འཛུགས་གསོ་སྤེལ་མཉམ་ལས་ཁང་གསར་སྐྲུན་བྱས་ཏེ་ས་གནས་དེ་གའི་དབུལ་ཕོངས་དུད་ཚང60ཡིས་ནགས་ས་གཏའ་བཞག་དང་ཡང་ན་མ་དངུལ་སྤྲད་དེ་སྤྱིའི་མ་རྐང་གི་བརྒྱ་ཆ6གི་ཚད་གཞི་ལྟར་མ་རྐང་དུ་ཞུགས་ཏེ་ཐུན་མོང་དུ་འཕེལ་རྒྱས་བཏང་བས།དུད་ཚང་རེ་ལོ་རེར་ཆེས་ཉུང་མཐའ་ཡང་མ་དངུལ་སྒོར2000ཡན་ཆད་ཐོབ་ཡོད།
བརྒྱད་ཟིལ་རྫོང་སློབ་འབྲིང་གི་ཟུར་ཞིག
ས་ཡག་ཤང་རྣམ་དཀར་གྲོང་ཚོར་ཏང་གི་མང་ཚོགས་ཞབས་འདེགས་ལྟེ་གནས་དང་།རིག་གནས་ལྡུམ་ར།ཚད་གཞི་ཅན་གྱི་འགྱིག་བཟོས་ལག་གྲུག་ཐང་།མི་རྒན་པོའི་བྱེད་སྒོ་སྤེལ་ཁང་།དཔེ་དེབ་ཁང་། གློག་བརྙན་གཏོང་ཁང་།སྤྱིའི་གསང་སྤྱོད་ཁང་སོགས་བསྐྲུན་ནས་གྲོང་ཚོ་གསར་པའི་རྣམ་པ་གསར་པ་མིག་ལམ་དུ་ཤར།རྣམ་དཀར་གྲོང་ཚོའི་དུད་ཚང30ཡི་མི130ཚང་མས་ས་གནས་དེ་གའི་སྲིད་གཞུང་གིས་གཅིག་འདོམས་བཀོད་སྒྲིག་བྱས་འོག་རྨང་གཞི་སྒྲིག་ཆས་ལྔ་ལྡན་ཞིང་མི་སྡོད་ས་དང་ཕྱུགས་ཟོག་གསོ་ས་ཁག་ཕྱེས་པའི་སྡོད་ཁང་གསར་པ་བཀབ་ཡོད།
བརྒྱད་ཟིལ་གཡེར་སྣུམ་བཟོ་སྣོན་ཁང་།
བརྒྱད་ཟིལ་རྫོང་གི་གཡེར་མའི་གཡེར་རྡོག་ཆེ་ཞིང་མདོག་ཡག་ལ།བྲོ་བ་བཟང་།ན་ཆུ་ཤང་གི་ཧྲོང་ཧྥུ་གཡེར་མའི་ལས་སྣོན་མཉམ་ལས་ཁང་དུ་སླེབས་མ་ཐག་གཡེར་མའི་བྲོ་བ་ཞིམ་པོ་ཞིག་བྲོ་བྱུང་།བརྒྱད་ཟིལ་རྫོང་གི་འཕེལ་རྒྱས་ཀྱི་གོམ་སྟབས་ཅུང་སྔར་ཙམ་གཏོང་བའི་ཆེད་ལས་མཉམ་ལས་ཁང་ཡིན་པར་མཚོན་ན།མཉམ་ལས་ཁང་དེ་ཆེད་ལས་མཉམ་ལས་དང་ཞིང་དུད།རྟེན་གཞི་བཅས་བར་མཉམ་ལས་བྱེད་པ་དེ་གཞི་རྩའི་བདག་གཉེར་མ་དཔེ་བྱས་ཏེ་ཡུལ་སྐོར་ཞིང་དུད་ཀྱི་ཡོང་འབབ་འཕར་སྣོན་བཏང་སྟེ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
ས་ཡག་དབྱིས་གྲོང་གསར་པའི་རྣམ་པ།
ཉི་མ་ནུབ་ཁར་མཐའ་ཁའི་བོང་བུ་ནག་པོ་གསོ་སྤེལ་རྟེན་གཞིར་བསླེབས་ཤིང་།ལུས་གཟུགས་ཆེ་ཞིང་པགས་པ་འོད་མདངས་བཀྲ་བའི་བུང་བུ་དག་གིས་མིག་དབང་འཕྲོག་སོང་། 2016ལོར་བརྒྱད་ཟིལ་རྫོང་གིས་དང་ཐོག་བོང་ནག་གསོ་སྤེལ་བྱེད་པའི་ཐོན་ལས་འཕེལ་རྒྱས་བཏང་སྟེ།ཧྲན་ཏུང་ཞིང་ཆེན་གྱི་ཏོང་ཨོའུ་བོང་སྤྱིན་ཚོགས་པ་དང《ཐབས་ཇུས་མཉམ་ལས་སྤུན་ཟླའི་གྲོས་མོལ》བཞག་སྟེ་ཤུགས་ཆེན་པོས་ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་བུང་བུ་གསོ་བའི་རྟེན་གཞི་བསྐྲུན་ཡོད།རྫོང་ཡོངས་སུ་སྤུས་ལེགས་ཀྱི་བུང་བུ་མགོ་གྲངས5000ལྷག་ཡོད་པ་དང་བུང་བུ་གསོ་བར་བརྟེན་དབུལ་ཕོངས་དུད་ཚང300དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
ཤྭ་ཁྲའི་གསོ་སྤེལ་ཁང་།
2014ལོ་ནས་བཟུང་།བརྒྱད་ཟིལ་རྫོང་གི་དབུལ་ཕོངས་གྲོང་ཚོ8ཀྱི་དབུལ་ཕོངས་ཞྭ་མོ་ཕུད་དེ་དུད་ཚང1260ཡི་གྲོང་མི4624དབུལ་ཐར་བྱུང་བ་དང་དབུལ་ཕོངས་བྱུང་ཚད་བརྒྱ་ཆ4.1ལ་ཆག་སྟེ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
ལོ་ལེགས་བྱུང་བའི་དགའ་སྤྲོ།
མུན་རུབ་ཁར་དགོང་ཟས་བཟས་ཚར་བའི་མི་རྣམས་བརྒྱད་ཟིལ་རྫོང་གི་མི་རིགས་ཐང་ཆེན་དུ་འཛོམས་ཏེ་རོལ་དབྱངས་དང་བསྟུན་ནས་བོད་རིགས་ཀྱི་ཟློས་གར་དང་དབྱིས་རིགས་ཀྱི་ཟློས་གར་འཁྲབ་སྟོན་བྱས་ཏེ་གདོང་དུ་དབུལ་ཐར་བྱུང་རྗེས་ཀྱི་དགའ་སྤྲོ་དང་འབྱུང་འགྱུར་དེ་བས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་རེ་འདུན་བཅངས་ཤིང་དགའ་འོས་པའི་ཚོར་སྣང་གིས་ཡོངས་སུ་ཁེངས་པ་རེད།།