སི་ཁྲོན་གྱིས་བྱེད་ཐབས22བཏོན་ནས་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཕྱིན་ནས་ལས་ལམ་གསར་གཏོད་བྱེད་པར་སྐུལ་འདེད་བཏང་།

ཡེ་ཤེས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-16



        ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ11པའི་ཚེས5ཉིན་འབྱོར་བའི་གཏམ་གསར། སྔར་ལས་ལྷག་པར་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་བྱུང་བར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཀྱི་ཤོང་ཚད་རྒྱ་བསྐྱེད་དུ་གཏོང་ཆེད། རྒྱལ་ཡོངས་ཀྱི་ཞིང་པ་ལས་མི་ཆེས་མང་པོ་ཡོད་པའི་སི་ཁྲོན་གྱིས་བྱེད་ཐབས22དངོས་སུ་བཏོན་ནས་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཕྱིན་ནས་ལས་ལམ་གསར་གཏོད་བྱེད་པར་སྐུལ་འདེད་བཏང་བ་རེད།

        བྱེད་ཐབས22དེ་གཙོ་བོ་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཕྱིན་པའི་ཞིང་པ་ལས་མི་དང་། སློབ་ཆེན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ལས་ལམ་གསར་གཏོད་བྱེད་མཁན་ལ་དམིགས་ནས། འཛིན་ཡིག་ལག་ཁྱེར་སྒྲུབ་པ་དང་། ས་སྤྱོད་རྒྱབ་སྐྱོར། ལས་སྟེགས་སྐྲུན་པ། ནོར་སྲིད་ཐོག་ནས་རྒྱབ་སྐྱོར། དངུལ་རྩའི་འགན་ལེན། ལས་ལམ་གསར་གཏོད་ལ་ཞབས་ཞུ། ཚོད་ལྟ་དཔེ་སྟོན། གཟེངས་བསྟོད་བྱ་དགའ་སྤྲོད་པ་སོགས་ཀྱི་ཐད་འབྲེལ་ཐག་རྣམ་པའི་སྒོ་ནས་ལས་ལམ་གསར་གཏོད་ལ་རོགས་སྐྱོར་བྱ་རྒྱུའི་གཟིགས་སྐྱོང་ཀྱི་སྲིད་ཇུས་ཁག་གཏན་འབེབས་བྱས་ཏེ་ལས་ལམ་གསར་གཏོད་བྱེད་རིམ་ལ་གཟིགས་སྐྱོང་གི་སྲིད་ཇུས་ཡོངས་སུ་ཁྱབ་པ་བྱས་ཡོད།
        དེའི་ནང་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཕྱིན་ནས་ཁྱིམ་ཚང་གི་ཞིང་ར་དང་ནགས་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཀྱི་ཁེ་ལས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་སོགས་ཞིང་ལས་ཀྱི་ཚོང་གཉེར་བྱེད་མཁན་དང་ཞབས་ཞུ་བྱེད་མཁན་རྣམས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོའི(སྡེ་ཁུལ)སོགས་ཀྱིས་ཐོ་འགོད་སྙན་སེང་བྱེད་པར་མ་ཟད། ད་རུང་བཟོ་ཚོང་སྡེ་ཚན་དུ་ཐོ་འགོད་བྱེད་མཁན་ཚོས་གཏན་འབེབས་ལྟར་ཁེ་ལས་ཆུང་གྲས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་ཅིང་། ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཕྱིན་ནས་ལས་ལམ་གསར་གཏོད་བྱེད་མཁན་ཁེ་ལས་ཀྱིས་ཁྱིམ་ཐོ་ཕ་ཡུལ་དུ་སྤོ་བ་དང་ཐོན་སྐྱེད་ཀྱི་སྒྲིག་ཆས་ཉོས་པ་དེ་ཐོན་ལས་འཕེལ་ཕྱོགས་དང་མཐུན་པ་ཡིན་ན་ས་གནས་ཀྱིས་ཁ་གསབ་ངེས་ཅན་སྤྲོད་ཆོག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1