ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན།ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་སྨན་རྩིས་ཁང་ལ་ལྟ་སྐོར་ཏུ་ཕྱིན་པ་དང་།དགེ་རྒན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་འགྲེལ་བཤད་གནང་པ་བརྒྱུད་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལོ་རྒྱུས་དང་ལྷག་པར་དུ་སྡེ་དགེ་རྫོང་སྨན་རྩིས་ཁང་གསར་འཛུགས་གནང་པའི་བརྒྱུད་རིམ་ལ་རྒྱུས་ལོན་གནང་པ་རེད།
སྡེ་དགེ་རྫོང་བོད་སྨན་ཁང་ནི་སི་ཁྲོན་ཞིང་ཆེན་གྱིས་བཙུགས་པའི་སྨན་རྩིས་ཁང་ཐོག་མ་སྟེ། 1959ལོར་སྡེ་དགེ་ཐུའུ་སིའི་དགོན་སྡེའི་སྨན་བཅོས་ཁང་རྨང་གཞིར་བྱས་ཐོག སྡེ་དགེ་པར་ཁང་དུ་སྡེ་དགེ་རྫོང་སྨན་རྩིས་ཁང་བཙུགས་ཤིང་འཕེལ་རྒྱས་བྱུང་པ་བརྒྱུད།1978ལོར་སྡེ་དགེ་རྫོང་གི་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྨན་རྩིས་ཁང་འཛུགས་པར་ཆོག་མཆན་སྤྲད་པ་དང་།1987ལོར་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་བོད་སྨན་ཞིབ་འཇུག་གླིང་གི་ཟུར་གཏོགས་སྨན་རྩིས་ཁང་འཛུགས་པར་ཆོག་མཆན་སྤྲད་པ་རེད།
ཀྲུང་དབྱང་གིས་ཀྱང་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་དེ།སྡེ་དགེ་རྫོང་སྨན་རྩིས་ཁང་ནི1959ལོ་ནས་བཟུང་ཁྱོན་ཐེངས་གསུམ་ལ་བསྐྱར་གསོ་གནང་ཞིང་། 2010 ལོར་དངུལ་གཏོང་རོགས་སྐྱོར་མ་དངུལ་སྒོར་ཁྲི་1800 བཏང་ནས་མི་རིགས་སྨན་ཁང་རྒྱས་སྐྲུན་གནང་པ་རེད།
མིག་སྔར་སྡེ་དགེ་རྫོང་སྨན་རྩིས་ཁང་ནི་རིམ་པ་གཉིས་པའི་རིམ་གཅིག་མི་རིགས་སྨན་ཁང་ལ་བདམས་ཏེ།སྒོ་བསྟེན་ཐོག་ཁང་དང་ནད་པའི་ཞག་སྡོད་ཁང་། ལྷ་ལུགས་བོད་ལུགས་གསོ་རིག་དང་བོད་སྨན་སྨན་སྦྱོར་ལྟེ་གནས།སྨན་ལུམས་ལྟེ་གནས།བོད་ལུགས་གསོ་རིག་གི་སློབ་ཁྲིད་དང་བོད་ལུགས་གསོ་རིག་ཞིབ་འཇུག་སོའོ་སོགས་སྡེ་ཚན་བཙུགས་པ་དང་། དེ་ནི་ཕྱོགས་བསྡུས་རང་བཞིན་གྱི་སྨན་རྩིས་ཁང་ཞིག་རེད།
སྡེ་དགེ་རྫོང་སྨན་རྩིས་ཁང་འཕེལ་རྒྱས་བྱུང་བ་དེས་དཀར་མཛེས་ཁུལ་ཡོངས་ཀྱི་སྨན་བཅོས་སྨན་རྫས་གོང་འཕེལ་གཏོང་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད་ལ།སྡེ་དགེ་རྫོང་སྨན་རྩིས་ཁང་གིས་བདམས་མངགས་གནང་པའི་ཕུལ་བྱུང་གི་སྨན་པ་དག་ནི་དཀར་མཛེས་ཁུལ་གྱི་དར་མདོ་རྫོང་དང་དཔལ་ཡུལ་རྫོང་ལྟ་བུའི་རྫོང་ཁག་དང་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་སོགས་སུ་བསྐྱོད་པ་དང་འབྲེལ་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་ཡོད་བོད་ལུགས་གསོ་རིག་གི་སྒྲིག་གཞི་འཛུགས་རོགས་གནང་ཡོད་པ་རེད།
སྡེ་དགེ་རྫོང་སྨན་རྩིས་ཁང་གིས་ཐོན་སྐྱེད་བྱས་པའི་བོད་སྨན།
བོད་ལུགས་གསོ་རིག་གི་བསྟན་བཅོས།
སྡེ་དགེ་རྫོང་སྨན་རྩིས་ཁང་སྨན་ལུམས་ཚན་ཁག
སྡེ་དགེ་རྫོང་གི་སྡོད་བཅོས་ཐོག་ཁང་།
བོད་སྨན་གྱི་སྨན་རྒྱུ་རྡུང་བྱེད་ཀྱི་རྡོ་ཁོག